02/17/2026
བོད་རྒྱལ་ལོ་༢༡༥༣ རབ་བྱུང་བཅུ་བདུན་པའི་མེ་ཕོ་རྟའི་ལོའི་གནམ་ལོ་གསར་ཚེས་ཀྱི་སྐབས་འདིར་ངེད་ནེའུ་ཡོག་ནེའུ་ཇར་སི་བོད་ཁྱིམ་སློབ་ཟུར་ཚོགས་པས་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་དང་ལས་ཟུར་ཡོངས་ཀྱི་ཚབ་བྱས་ནས་སྤྱིར་བོད་མི་ཡོངས་དང་བྱེ་བྲག་ནེའུ་ཡོག་ནེའུ་ཇར་སི་བོད་ཁྱིམ་སློབ་ཟུར་ཚོགས་པའི་ཚོགས་མི་ཡོངས་དང་རྒྱབ་སྐྱོར་བ་རིགས་མཐུན་གྲོགས་ཕོ་མོ་ཡོངས་ལ་བོད་གངས་ཅན་པའི་ལོ་སར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
ལོ་གསར་པ་ནི་འདས་པའི་ལས་དོན་ལ་སྤྱི་བསྡོམས་དང་མ་འོངས་པའི་ལས་འཆར་གསར་པར་སྟ་གོན་བྱེད་པའི་དུས་ཚོད་ཅིག་ཡིན་པས་ལོ་གསར་པ་འདིས་ང་ཚོར་ངར་ལས་ལྷག་པའི་ནུས་སྟོབས་དང་ཤེས་རབ་སྩོལ་ཞིང་དྲང་བདེན་དང་ལྷག་བསམ་གྱིས་ཕྱུག་པའི་སྨོན་འདུན་དང་ལྷན་དུ།
ལོ་གསར་པ་འདིའི་ནང་
∙ ཁྱེད་དང་ཁྱེད་ཀྱི་ཁྱིམ་མི་ལ་ཞི་བདེ་བག་ཕེབས་ཡོང་བའི་བཀྲ་ཤིས་ཤོག།
∙ ལས་དོན་དང་བྱ་བ་ཐམས་ཅད་གག་མེད་ལྷུན་འགྲུབ་ཡོང་བའི་བཀྲ་ཤིས་ཤོག།
∙ དུས་དང་རྣམ་པ་ཀུན་ཏུ་བདེ་ཐང་དང་བདེ་སྐྱིད་ལྡན་པའི་བཀྲ་ཤིས་ཤོག།
∙ བོད་ཆོལ་གསུམ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་བའི་བཀྲ་ཤིས་ཤོག།
བཀྲ་ཤིས་བཀྲ་ཤིས་ནམ་ཡང་བཀྲ་ཤིས་ཤོག།།
ནེའུ་ཡོག་ནེའུ་ཇར་སི་བོད་ཁྱིམ་སློབ་ཟུར་ཚོགས་པའི་རྒྱུན་ལས་ཐུན་མོང་ནས།
Happy Tibetan New Year – Losar 2026
On behalf of the Tibetan Children’s Village Alumni Association (TCVAA NY & NJ) and the Tibetan Children’s Village Schools, we extend our warmest greetings to all alumni, families, friends, and supporters around the world.
As we welcome this auspicious New Year, may it bring:
✨ Peace and harmony to every home
✨ Success and growth in all your endeavors
✨ Good health and happiness to you and your loved ones
✨ Strength and unity within our community
Losar is a time to reflect on our shared journey, honor our culture and heritage, and renew our commitment to serving the TCV family with compassion and dedication.
May this New Year be filled with prosperity, wisdom, and positive beginnings for all.
Tashi Delek!
With gratitude and best wishes,
TCVAA NY & NJ
2026