Buddha Education organization USA

Buddha Education organization USA BUDDHA EDUCATION USA INC

02/04/2024

सॅपुर्णमा टशीदेलेक तथा हार्दिक नमन्
यही आउॅदो चैत्र महिना देखि सोलुखुम्बु माप्य १ दुधकोशी स्कुल बुम्बुरीमा बुद्द् शिक्षाको पढाई शुरु हुने भएकोले तपॅाईहरुको नानीहरु र तपॅाईहरुले पनि भर्ना गरि अध्यन गर्नु होला !!!

नोट: यो जाती विशेष नभै सॅपुर्णले अध्यान गर्न सक्नु हुने छ।
दन्यबाद।

07/30/2023
༄། ནང་པའི་ཤེས་ཡོན་གོ་སྒྲིག་ཚོགས་པའི་ཕྱོགས་ནས། Buddha Education Organization USA.                           ༄།། ད་ལན་ཨ་རའ...
07/29/2023

༄། ནང་པའི་ཤེས་ཡོན་གོ་སྒྲིག་ཚོགས་པའི་ཕྱོགས་ནས།

Buddha Education Organization USA.

༄།། ད་ལན་ཨ་རའི་རྒྱལ་ས་ནིའུ་ཡོག་ཀྱི་ས་གནས་དང་ཡུལ་ཕྱོགས་གང་ན་སུ་བཞུགས་པ། རིས་སུ་མ་ཆད་པའི་ནང་ཆོས་ཉམས་ལེན་པ་རྣམས་ལ་ཕན་པའི་དམིགས་ཡུལ་བཞག་སྟེ། སྤྱིར་སངས་རྒྱས་ཤཱཀྱ་ཐུབ་པའི་ལུང་རྟོགས་དང་ཁྱད་པར་གསང་ཆེན་སྔ་འགྱུར་རྙིང་མའི་བསྟན་པ་རིན་པོ་ཆེ་འདི་ཉིད། འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པའི་༧་སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་ལ། ཚོགས་པའི་ལས་བྱེད་ཐུན་མོང་ནས་རེ་སྐུལ་ཞུས་པ་ལྟར། བར་དོ་ཐོས་གྲོལ་ཆེན་མོའི་ལྗགས་ལུང་དང་འོད་དཔག་མེད་ཀྱི་ཚེ་དབང་ཟབ་མོ་སྩལ་བར་ཞལ་བཞེས་གནང་སྟེ་གཤམ་གསལ་ཁ་བྱང་དང་དུས་ཚོད་ལ་ཕེབས་བསུ་ཞུ།།
Program Schedules.
༈ མཛད་རིམ་གྱི་རྣམ་གྲངས་ནི།

༡༽ སྔ་དྲོ་ཕྱག་ཚོད་ ༦ : ༤༥་ ལ་ཚོགས་པའི་ལས་བྱེད་དང་། དང་བླངས་པ་རྣམས་འཛོམས་རྒྱུ།

༢༽ སྔ་དྲོ་ཕྱག་ཚོད་ ༩ : ༠༠་ ལ་སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག ཤར་པའི་དགོན་པར་གདན་འདྲེན་ཞུ་རྒྱུ།

༣༽ སྔ་དྲོ་ཕྱག་ཚོད་ ༩ : ༡༥་ ལ་དྲུང་ཡིག་རྒན་པ་ནས་བྱོན་པ་ལེགས་སོ། ཚོགས་པའི་ངོ་སྤྲོ་དང་དམིགས་ཡུལ་མདོར་བསྡུས་ཤིག་ནེ་པཱ་ལའི་སྐད་ནས་ཞུ་བ་དང་ཆབས་ཅིག་འབྲས་སིལ་དང་གསོལ་ཇ་འབུལ་རྒྱུ།

༤༽ སྔ་དྲོ་ཕྱག་ཚོད་ ༩ : ༣༠་ ལ་རྒྱ་གར་པཎ་ཆེན་བོད་ལ་སོགས་ཀྱི་བསྟོད་སྔགས་ཡིད་སྤྲོའི་མཆོད་པ་དང་། མཎྜལ་སྐུ་གསུམ་འབུལ་རྒྱུ།

༥༽ སྔ་དྲོ་ཕྱག་ཚོད་ ༩ : ༤༥་ ནས་ ཉིན་གུང་ ༡༢ : ༤༥་ བར། རིན་པོ་ཆེ་མཆོག་གིས་བར་དོ་ཐོས་གྲོལ་ཆེན་མོའི་ལྗགས་ལུང་གནང་རྒྱུ།

༦༽ ཉིན་གུང་རྒྱབ་ཕྱག་ཚོད་ ༡ : ༠༠་ ལ་ཞལ་ལག་འབུལ་རྒྱུ།

༧༽ ཉིན་གུང་རྒྱབ་ཕྱག་ཚོད་ ༢ : ༠༠་ ལ་ཚོགས་པའི་ཕྱོགས་ནས་གཏང་རག་གི་མཎྜལ་སྐུ་གསུམ་དང་། རིན་པོ་ཆེ་མཆོག་ནས་ཚེའི་དབང་སྒྲུབ་མཛད་རྒྱུ།

༨༽ ཉིན་ཕྱེད་རྒྱབ་ཕྱག་ཚོད་ ༣ : ༠༠་ ནས་སྐར་མ་ ༢༠ ་ཙམ་གྱི་རིང་བར་༧་སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་ནས། བར་དོ་ཐོས་གྲོལ་ཆེན་མོའི་བསྐོར་ཆོས་བཤད་མདོར་བསྡུས་ཤིག་གསུང་རྒྱུ། དེའི་རྗེས་སུ་ཚོགས་གཞོན། ཨ་ཙརྱ་ངག་དབང་སངས་རྒྱས་མཆོག་ནས་ནེ་པཱ་ལའི་སྐད་ཐོག་བར་དོ་ཐོས་གྲོལ་དང་འབྲེལ་བའི་གསུང་བཤད་མདོར་བསྡུས་གནང་རྒྱུ།

༩༽དགོང་མོ་ཕྱག་ཚོད་ ༣ : ༢༥་ ལ་རིན་པོ་ཆེ་མཆོག་དང་དགེ་འདུན་ཡོངས་ནས་འདུས་ཚོགས་ཀུན་ལ། ཚེའི་དབང་རྫས་བསྐུར་གནང་རྒྱུ་བཅས། ཚོགས་གཞོན་ཨ་ཙརྱ་ངག་དབང་སངས་རྒྱས་ནས། དང་བླངས་པ། སྦྱིན་བདག་རྣམས་ལ་ཚོགས་པའི་ངོ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ། ཕྱག་ཚོད་ ༤ : ༠༠་པར་མཛད་རིམ་གྱི་མཐའ་ལེགས་པར་འགྲུབ་པའོ། །སརྦ་མངྒ་ལམ།།

Address: 41-01 75 street Jackson Heights 11373 N Y
August/ 05/ 2023 Saturday.
Event Time: 8:00 A.M- 4:00 P.M.
(1) All Public arriving at 8:30 A.M.
(2) Namkhi Nyingpo Rinpoche Arriving at 9:00 A.M.

(3)(Bardo Thodol Jhaklung)Intermediate state Liberation Hearing, Oral Transmission,start at 9:45 A.M.
(4) (Wang)Empowerment Blessing Giving For Public at 3:25 P.M.

Exploration spirituals tour UK to USA
07/29/2023

Exploration spirituals tour UK to USA

Address

New York, NY

Telephone

+19294037867

Website

Alerts

Be the first to know and let us send you an email when Buddha Education organization USA posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The School

Send a message to Buddha Education organization USA:

Shortcuts

Featured

Share