Jonang Monastery Shimla

Call Directions Contact the school

Jonang Monastery Shimla This is the official page of The Jonang Takten Phuntsok Choeling Monastic University

བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། ། བསྟན་འཛིན་སྐྱེས་བུའི་ས་སྟེང་ཡོངས་ལ་ཁྱབ། ། བསྟན་པའི་སྦྱིན་བདག་མཐའ་ཐང་དར་ཞིང་རྒྱས།...
18/09/2026

བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། ། བསྟན་འཛིན་སྐྱེས་བུའི་ས་སྟེང་ཡོངས་ལ་ཁྱབ། ། བསྟན་པའི་སྦྱིན་བདག་མཐའ་ཐང་དར་ཞིང་རྒྱས། ། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།

༄༅། ། འཕགས་ཡུལ་ཇོ་ནང་མ་དགོན་གྱི་དགོན་ལག་མོན་ཡུལ་བཀྲ་ཤིས་ཆོས་ཐང་དགོན་པའི་མཁན་རབས་དང་པོ།མཁན་རིན་པོ་ཆེ་དགེ་བཤེས་ཀུན་དགའ་མཆོ...
13/09/2026

༄༅། ། འཕགས་ཡུལ་ཇོ་ནང་མ་དགོན་གྱི་དགོན་ལག་མོན་ཡུལ་བཀྲ་ཤིས་ཆོས་ཐང་དགོན་པའི་མཁན་རབས་དང་པོ།
མཁན་རིན་པོ་ཆེ་དགེ་བཤེས་ཀུན་དགའ་མཆོག་སྒྲུབ་མཆོག་དེ་གའི་དགོན་པར་༼༢༠༢༣-༢༠༢༦ ༽བར་ལོ་གསུམ་ལ་ལྷག་བསམ་རྣམ་དག་གིས་ཕྱག་ལས་མི་དམན་པ་གནང་སྟེ་ད་ལྟ་དུས་ཡུན་ཚང་ནས་དགོངས་པ་ཞུས་སོང་བས་མཁན་ཟུར་མཆོག་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་སྐྱབས་འཇུག་ཞུ་བ་དང་ཆབས་ཅིག་ཏུ་འཕགས་ཡུལ་ཇོ་ནང་མ་དགོན་གྱི་ངོས་ནས་ཐུགས་རྗེ་བླ་མེད་ཆེ་ཆེ་ཞུ་ཞེས་རྒྱུ་ཡིན། །

འཕགས་ཡུལ་ཇོ་ནང་མ་དགོན་གྱི་ཕྱག་མཛོད་ཁང་ནས ༡༣-༠༩-༢༠༢༦ ཉིན་ལ་ཕུལ། །🌏🪷🪷🪷🙏🙏🙏

10/09/2026

གཞི་གསུམ་ཆོ་གའི་དབྱར་གནས་སྐབས། ། གྲྭ་ཚང་བླ་སྤྲུལ་དགེ་འདུན་སྡེ། །དགག་དབྱེ་ལྗོངས་རྒྱུ་ཕེབས་པ་འདི། ། སྔོན་བྱོན་ཤཱཀྱའི་སྐབས་སུ་དྲན། །

དགག་དབྱེ་དང་བསོད་སྙོམས་ལྗོངས་རྒྱུའི་སྐབས་སུ།སིམ་ལ་འཕགས་ཡུལ་ཇོ་ནང་མ་དགོན་གྱི་སྤྲུལ་སྐུ་དགེ་བཤེས་དགེ་འདུན་འདུས་པ་རྒྱ་མཚོ་ར...
10/09/2026

དགག་དབྱེ་དང་བསོད་སྙོམས་ལྗོངས་རྒྱུའི་སྐབས་སུ།

སིམ་ལ་འཕགས་ཡུལ་ཇོ་ནང་མ་དགོན་གྱི་སྤྲུལ་སྐུ་དགེ་བཤེས་དགེ་འདུན་འདུས་པ་རྒྱ་མཚོ་རྣམས་དབྱར་གནས་ལ་ཟླ་གཅིག་དང་ཉིན་བཅོ་ལྔ་ལ་བཞུགས་དགག་དབྱེ་དང་བསོད་སྙོམས། ལྗོངས་རྒྱུ་བཅས་ལ་ཕེབས་གནང་མཛད་སྐབས།
༼10-09-2026 ༽
འདུལ་བ་མདོ་ལས། བསོད་སྙོམས་ཕེབས་པའི་ཕན་ཡོན་བཅུ་ནི། ༡ དེ་འགྲོ་བ་ལ་གོམས་པར་འགྱུར་བ། ༢ དེ་སྤྱོད་ཡུལ་གོམས་པར་འགྱུར་བ། ༣ དེ་ང་རྒྱལ་བཅོམ་པར་འགྱུར་བ། ༤ བདག་རྙེད་པ་ལ་སྦྱོར་བ། ༥ གཞན་དག་ཀྱང་བསོད་ནམས་ལ་རབ་ཏུ་འགོད་པ། ༦ སྟོན་པའི་བསྟན་པ་ཡོངས་སུ་སྟོན་པ། ༧ ཕྱི་མའི་སྐྱེ་བོ་ལ་སྣང་བར་བྱས་པ་འགྱུར་བ། ༨ ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཉམ་ང་བ་མེད་པར་འགྱུར་བ། ༩ དམའ་པའི་སེམས་ཉེ་བར་བཞག་པར་འགྱུར་བ། ༡༠ བསོད་སྙོམས་ཀྱིས་ཡོངས་སུ་དུལ་བའི་དགེ་སློང་ཕྱོགས་ལ་མུན་པ་མེད་པར་སྣང་བའོ། ། ཞེས་གསུངས་སོ། ། At the conclusion of the Summer Retreat, our monks went out in a peaceful procession to receive Alms and other offerings generously offered by local people and well-wishers. These beautiful moments capture the spirit of generosity, humility, gratitude, and the cherished bond between the Sangha and the community. 🙏🪷

༄།། འཕགས་ཡུལ་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་གོ་སྒྲིག་འོག་གྲུབ་མཐའ་འཛིན་གྲྭ་ནས་མཛོ...
09/09/2026

༄།། འཕགས་ཡུལ་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་གཙུག་ལག་སློབ་གཉེར་ཁང་ཆེན་མོའི་གོ་སྒྲིག་འོག་གྲུབ་མཐའ་འཛིན་གྲྭ་ནས་མཛོད་འཛིན་གྲྭའི་བར་གྱི་ཟླ་མཇུག་གི་བགྲོ་གླེང་ཐེངས་གཉིས་པའི་སྐབས་ཟུར་ཙམ་ཞིག་བཀོད་ཡོད། དགྱེས་གཟིགས་ཞུ།
ཕྱི་ལོ་༢༠༢༦ ཟླ་བ་༩ ཚེས་༩ ཉིན📚🙏🙏

07/09/2026

[THÔNG BÁO] CHƯƠNG TRÌNH CỘNG TU THỰC HÀNH CHOD ONLINE NGÀY DAKINI DAY - CHỦ NHẬT 06/09/2026

Kính thưa quý đạo hữu,
Nhân ngày vía Dakini (Tạng lịch 25/7), Chúng con xin thông tin đến quý đạo hữu Chương trình cộng tu thực hành CHOD của Gia Đình Jonang Shambala Kalachakra Việt Nam.
Thông tin:
🌺 Thời gian: Từ 18h30 đến 20h30, ngày 06/09/2026 (Chủ nhật)
🌺 Địa điểm:
HÀ NỘI: CHÙA PHÁP VÂN - HOÀNG MAI (Phòng học Ngondro tầng 4)
👉 Đăng ký tham dự tại Hà Nội: 094 8062826
TP. HỒ CHÍ MINH: Tham gia online trên nền tảng Zoom Meeting

🌺 HƯỚNG DẪN ONLINE BỞI NHỊ VỊ ĐẠO SƯ TÔN QUÝ:
🪷 ĐỨC KYABJE KHENTRUL RINPOCHE ( Hoá thân thứ 22 của Đức Thánh Tổ Taranatha )
🪷 ĐỨC JONANG TULKU RINPOCHE - DECHEN DORJE ( Hoá thân từ tổ Khetsun Yonten Gyatso - Vị tổ thứ ba thành lập dòng Jonang, vị Thẩy Gốc của Đức Toàn Tri Dolpopa )

Xin kính mời quý đạo hữu cùng nhau quy tập và tham gia cộng tu.

Nam Mô Bổn Sư Thích Ca Mâu Ni Phật
----------------------------
*Lưu ý: Buổi cộng tu thực hành CHOD chỉ dành cho quý đạo hữu đã nhận đầy đủ các lễ quán đảnh Pháp CHOD

དགེ་རྒན་ལ་བསྟོད་པ།ཤེས་རབ་མེ་ལྕེ་སློབ་མའི་སེམས་ལ་སྦར།།མུན་པའི་ལམ་ནས་འོད་ཀྱི་ལམ་ལ་ཁྲིད།།བྱམས་བརྩེའི་སེམས་ཀྱིས་ང་ཚོ་རྟག་ཏུ་...
05/09/2026

དགེ་རྒན་ལ་བསྟོད་པ།
ཤེས་རབ་མེ་ལྕེ་སློབ་མའི་སེམས་ལ་སྦར།།
མུན་པའི་ལམ་ནས་འོད་ཀྱི་ལམ་ལ་ཁྲིད།།
བྱམས་བརྩེའི་སེམས་ཀྱིས་ང་ཚོ་རྟག་ཏུ་སྐྱོང་།།
བཀའ་དྲིན་ཆེ་བའི་དགེ་རྒན་ཁྱེད་ལ་བསྟོད།།
རྒྱུན་དུ་སློབ་མར་ཤེས་ཡོན་སྦྱིན་པ་དང་།།
བཟང་པོའི་ལམ་ལ་འགྲོ་བར་ལམ་སྟོན་མཛད།།
མ་འོངས་མི་ཚེའི་རྨང་གཞི་བརྟན་པོ་བཏིང་།།
རྒན་ལགས་བཀའ་དྲིན་རྟག་ཏུ་དྲན་པར་བྱ།། 🙏🙏💐💐

དེ་རིང་དགོན་པའི་སྒོ་ཆེན་དང་སངས་རྒྱས་ཀྱི་སྐུ་བརྙན་རབ་གནས་སྐབས།
02/09/2026

དེ་རིང་དགོན་པའི་སྒོ་ཆེན་དང་སངས་རྒྱས་ཀྱི་སྐུ་བརྙན་རབ་གནས་སྐབས།

༄།། འཕགས་ཡུལ་ཇོ་ནང་མ་དགོན་གྱི་སྐྱབས་རྗེ་༧རྡོ་རྗེ་སློབ་དཔོན་ཆེན་མོ་མཆོག་གིས་དགེ་སློང་གསར་བ་རྣམས་ལ་འདུལ་བའི་བཅས་མཚམས་སྐོར་...
02/09/2026

༄།། འཕགས་ཡུལ་ཇོ་ནང་མ་དགོན་གྱི་སྐྱབས་རྗེ་༧རྡོ་རྗེ་སློབ་དཔོན་ཆེན་མོ་མཆོག་གིས་དགེ་སློང་གསར་བ་རྣམས་ལ་འདུལ་བའི་བཅས་མཚམས་སྐོར་འཁྲིད་གནང་མཛད་པ་དེའི་རྣམ་པ་ཟུར་ཙམ་ཞིག་བཀོད་ཡོད། དགྱེས་གཟིགས་ཞུ།🙏🙏🙏

29/08/2026

Address

Dhingu Mandir Road, Sanjauli
Shimla
171006

Telephone

+911772841410

Website

Alerts

Be the first to know and let us send you an email when Jonang Monastery Shimla posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The School

Send a message to Jonang Monastery Shimla:

Shortcuts

Share