Tshogyal Shedrub Dargyeling Nunnery མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་།

  • Home
  • India
  • Piriyapatna
  • Tshogyal Shedrub Dargyeling Nunnery མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་།

Tshogyal Shedrub Dargyeling Nunnery མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་། This is the official page of Tshogyal Shedrub Dargyeling Nunnery.

༈  ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༢༣ རེས་གཟའ་ཉི་མའི་དགོང་མོར་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་བཀ...
23/08/2026

༈ ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༢༣ རེས་གཟའ་ཉི་མའི་དགོང་མོར་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་བཀའ་དྲིན་ཅན་གྱི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དབུ་བཞུགས་ཐོག དབྱར་གནས་པའི་དུས་བཟང་ཁྱད་པར་ཅན་དང་འབྲེལ་ལོ་རིམ་གོང་འོག་གི་རྩོད་པའི་འགྲན་སྡུར་ཐེངས་གསུམ་པ་དེ། ཕྱག་ཚོད་ ༧ པ་ནས་ ༨ པའི་བར་ལོ་རིམ་ལྔ་པ་རྟགས་གསལ་དང་། བཞི་པ་དམ་བཅའ། ཕྱག་ཚོད་ ༨ པ་ནས་ ༩ པའི་བར་ལོ་རིམ་བཞི་པ་རྟགས་གསལ་དང་། གསུམ་པ་དམ་བཅའ་བཅས་ཚོགས་ཡོད།
On the evening of 23 August 2026 (Sunday), under the guidance and presence of the respected teachers of Ngagyur Tsogyal Shedrub Thoesam Gawai Tsal (NNNI), the Third Inter-Class Debate Competition was held as part of the auspicious Summer Retreat activities.

The competition was conducted in two sessions.
From 7:00 to 8:00 p.m., a debate competition was conducted among 5th-year students and 4th-year students. And from 8:00 to 9:00 p.m., a debate competition was conducted among the 4th-year students and the 3rd-year students.

༈ ཕྱི་ལོ་ ༢༠༢༦ ཟླ་ ༠༨ ཚེས་ ༢༣ ནས་ཚེས་ ༢༨ བར་ཉིན་དྲུག་གི་རིང་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་གྲྭ་ཚང...
23/08/2026

༈ ཕྱི་ལོ་ ༢༠༢༦ ཟླ་ ༠༨ ཚེས་ ༢༣ ནས་ཚེས་ ༢༨ བར་ཉིན་དྲུག་གི་རིང་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་གྲྭ་ཚང་གི་བཙུན་མ་རྣམས་དང་། གཞི་རིམ་སློབ་གྲྭའི་འཛིན་གྲྭ་བདུན་པ་དང་། བརྒྱད་པ་བཅས་ཀྱིས་དབྱར་གནས་པའི་དུས་བཟང་ཁྱད་པར་ཅན་དང་འབྲེལ་ཀར་གླིང་ཞི་ཁྲོ་འཚོག་བཞིན་ཡོད།
Starting from August 23 to 28, 2026, the dratsang nuns of Ngagyur Tsogyal Shedrub Dargyeling Nunnery, along with the students of class 7 and 8 of the nunnery junior-high school, are participating in the Kargling Sh*tro practice for six days as part of the auspicious Summer Retreat (Yerney).

༈ ཕྱི་ལོ་ ༢༠༢༦ ཟླ་ ༠༨ ཚེས་ ༢༢ རེས་གཟའ་སྤེན་པའི་སྔ་དྲོའི་ཆར་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་དུ། ...
22/08/2026

༈ ཕྱི་ལོ་ ༢༠༢༦ ཟླ་ ༠༨ ཚེས་ ༢༢ རེས་གཟའ་སྤེན་པའི་སྔ་དྲོའི་ཆར་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་དུ། དབྱར་གནས་པའི་དུས་བཟང་ཁྱད་པར་ཅན་དང་འབྲེལ་ལོ་འདིའི་བགྲོ་གླེང་ཐེངས་དང་པོ་ཚོགས་ཡོད།
གཙོ་སྐྱོང་བ། མཁན་པོ་པདྨ་བསྟན་འཛིན།
དཔྱད་གླེང་བ་སྔ་མ། ལོ་རིམ་བརྒྱད་པའི་སློབ་གཉེར་བ་ཡེ་ཤེས་སྒྲོལ་མ།
བརྗོད་གཞི། བསྟན་པ་སྔ་དར་དང་ཕྱི་དར་སྐོར་ཅུང་ཟད་དཔྱད་པ།
དཔྱད་གླེང་བ་ཕྱི་མ། ལོ་རིམ་བརྒྱད་པའི་སློབ་གཉེར་བ་པདྨ་ཆོས་འཛོམས།
བརྗོད་གཞི། མངོན་རྟོགས་རྒྱན་གྱི་སྐབས་བཞི་པ་ནས་བསྟན་པའི་རྣམ་པའི་སྐོར་ལ་དཔྱད་པ་ཐོས་བསམ་གྱི་ཞོར་འབྲས།
On the morning of Saturday, 22nd August 2026, the first discussion session of the year was held at Ngagyur Tsogyal Shedrub Thosam Gawai Tsal (NNNI), as part of the auspicious Summer Retreat activities.

Moderator: Khenpo Pema Tenzin
First speaker: Yeshe Dolma, 8th-year student
Topic: A Brief Analysis on the Earlier and Later Dispersion of the Buddha’s Teachings.

Second speaker: Pema Choezom, 8th-year student
Topic: An Analysis on the forms of the Three Knowledges explained from the Fourth Chapter of the Ornament of Clear Realization.

༈ ཕྱི་ལོ་ ༢༠༢༦ ཟླ་ ༠༨ ཚེས་ ༢༠ རེས་གཟའ་ཕུར་བུའི་ཉིན་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་ལོ་རིམ་ད...
20/08/2026

༈ ཕྱི་ལོ་ ༢༠༢༦ ཟླ་ ༠༨ ཚེས་ ༢༠ རེས་གཟའ་ཕུར་བུའི་ཉིན་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་ལོ་རིམ་དང་པོ་ནས་བཞི་པའི་བར་གྱི་སློབ་གཉེར་བ་རྣམས་ནས་དུས་ཡུན་སྐར་མ་ལྔ་རེར་སྐབས་ཐོག་རྩ་བའི་སློབ་ཚན་གྱི་བརྗོད་བྱ་མི་འདྲ་བ་ཁག་ལ་རྩོད་རྒྱུགས་ཕུལ་ཡོད།
On Thursday, 20th August 2026, the students from first to fourth year of Ngagyur Tsogyal Shedrub Thosam Gawa Tsal (NNNI) delivered a five-minute debate exam on various topics from their designated root subjects as part of the summer retreat (Yerney) activities.

༈ ཕྱི་ལོ་ ༢༠༢༦ ཟླ་ ༠༨ ཚེས་ ༢༠ རེས་གཟའ་ཕུར་བུའི་ཉིན་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་ལོ་རིམ་བ...
20/08/2026

༈ ཕྱི་ལོ་ ༢༠༢༦ ཟླ་ ༠༨ ཚེས་ ༢༠ རེས་གཟའ་ཕུར་བུའི་ཉིན་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་ལོ་རིམ་བདུན་པ་དང་། དྲུག་པའི་སློབ་གཉེར་བ་རྣམས་ནས་དུས་ཡུན་སྐར་མ་ལྔ་རེར་གསང་འགྲེལ་ཕྱོགས་བཅུའི་མུན་སེལ་གྱི་སྤྱི་དོན་འོད་གསལ་སྙིང་པོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྤྱི་དོན་གཉིས་ཀྱི་འཆད་རྒྱུགས་ཕུལ་ཡོད།
On Thursday, 20th August 2026, the seventh and sixth-year students of Ngagyur Tsogyal Shedrub Thosam Gawai Tsal (NNNI) delivered an exposition exam on the commentary of Essence of Clear Light (Chidon Odsal Nyingpo) and the commentary of The Ornament of Clear Realization (Sherchin Patrul Chidon) respectively for five minutes as part of the summer retreat (Yerney) activities.

༈ ཕྱི་ལོ་ ༢༠༢༦ ཟླ་ ༠༨ ཚེས་ ༡༨ ཉིན་ནས་དབུ་བཙུགས་ཏེ་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་གྲྭ་ཚང་གི་བཙུན་མ...
18/08/2026

༈ ཕྱི་ལོ་ ༢༠༢༦ ཟླ་ ༠༨ ཚེས་ ༡༨ ཉིན་ནས་དབུ་བཙུགས་ཏེ་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་གྲྭ་ཚང་གི་བཙུན་མ་རྣམས་དང་། གཞི་རིམ་སློབ་གྲྭའི་འཛིན་གྲྭ་ལྔ་པ་ཡན་ཆད་ཀྱི་སློབ་ཕྲུག་རྣམས་ནས་དབྱར་གནས་པའི་དུས་བཟང་ཁྱད་པར་ཅན་དང་འབྲེལ་ཏེ་སྨྱུང་གནས་ཀྱི་ཉམས་ལེན་གནང་བཞིན་པའི་མཐོང་སྣང་ཟུར་ཙམ་སྤྱན་འབུལ་ཞུ།
On 18th August, 2026, the dratsang nuns of Ngagyur Tsogyal Shedrub Dargyeling Nunnery, along with the students from class five and above of the junior high school, have initiated a fasting practice (Nyungney) as part of the auspicious Summer Retreat. Here is a glimpse of their practices and activities on the very first day of the fasting.

༈  ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༡༦ རེས་གཟའ་ཉི་མའི་དགོང་མོར་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་བཀ...
16/08/2026

༈ ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༡༦ རེས་གཟའ་ཉི་མའི་དགོང་མོར་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་བཀའ་དྲིན་ཅན་གྱི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དབུ་བཞུགས་ཐོག དབྱར་གནས་པའི་དུས་བཟང་ཁྱད་པར་ཅན་དང་འབྲེལ་ལོ་རིམ་གོང་འོག་གི་རྩོད་པ་འགྲན་སྡུར་ཐེངས་གཉིས་པ་དེ། ཕྱག་ཚོད་ ༧ པ་ནས་ ༨ པ་བར་ལོ་རིམ་བདུན་པ་རྟགས་གསལ་དང་། དྲུག་པ་དམ་བཅའ། ཕྱག་ཚོད་ ༨ པ་ནས་ ༩ པ་བར་ལོ་རིམ་དྲུག་པ་རྟགས་གསལ་དང་། ལྔ་པ་དམ་བཅའ་བཅས་ཚོགས་ཡོད།
In the evening of 16th August, 2026, under the guidance of respected Khenlops and teachers of Ngagyur Tsogyal Shedrub Thoesam Gawé Tsal, the second inter-class debate competition was organized as part of the Summer Retreat (Yarney) activities.

From 7:00 to 8:00 p.m., a debate competition was conducted among 7th-year students and 6th-year students. And from 8:00 to 9:00 p.m., a debate competition was conducted among the 6th-year students and the 5th-year students.

༈ ཕྱི་ལོ་ ༢༠༢༦ ཟླ་ ༠༨ ཚེས་ ༡༢ ནས་ཚེས་ ༡༧ བར་ཉིན་དྲུག་གི་རིང་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་གྲྭ་ཚང...
12/08/2026

༈ ཕྱི་ལོ་ ༢༠༢༦ ཟླ་ ༠༨ ཚེས་ ༡༢ ནས་ཚེས་ ༡༧ བར་ཉིན་དྲུག་གི་རིང་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་གྲྭ་ཚང་གི་བཙུན་མ་རྣམས་དང་། གཞི་རིམ་སློབ་གྲྭའི་འཛིན་གྲྭ་ལྔ་པ་དང་། དྲུག་པ་བཅས་ཀྱིས་དབྱར་གནས་པའི་དུས་བཟང་ཁྱད་པར་ཅན་དང་འབྲེལ་སྨིན་གླིང་རྡོར་སེམས་འཚོག་བཞིན་ཡོད།
From August 12 to 17, 2026, the dratsang nuns of Ngagyur Tsogyal Shedrub Dargyeling Nunnery, along with the students of class 5 and 6 of the nunnery junior high school are conducting the Minling Vajrasattva puja for six days as part of the auspicious Summer Retreat (Yarney).

༈  ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༠༩ རེས་གཟའ་ཉི་མའི་དགོང་མོར་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་བཀ...
09/08/2026

༈ ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༠༩ རེས་གཟའ་ཉི་མའི་དགོང་མོར་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་བཀའ་དྲིན་ཅན་གྱི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དབུ་བཞུགས་ཐོག དབྱར་གནས་པའི་དུས་བཟང་ཁྱད་པར་ཅན་དང་འབྲེལ་ལོ་རིམ་གོང་འོག་གི་རྩོད་པ་འགྲན་སྡུར་ཐེངས་དང་པོ་དེ། ཕྱག་ཚོད་ ༧ པ་ནས་ ༨ པ་བར་ལོ་རིམ་དགུ་པ་རྟགས་གསལ་དང་། བརྒྱད་པ་དམ་བཅའ། ཕྱག་ཚོད་ ༨ པ་ནས་ ༩ པ་བར་ལོ་རིམ་བརྒྱད་པ་རྟགས་གསལ་དང་། བདུན་པ་དམ་བཅའ་བཅས་ཚོགས་ཡོད།
On the evening of 9th August 2026, in the presence of the Khenlob and respected teachers of Ngagyur Tsogyal Shedrub Thoesam Gawai Tsal, the first inter-class debate competition was held as part of the Summer Retreat activities.
From 7:00 to 8:00 p.m., a debate contest was held among ninth-year students and eighth-year students. And from 8:00 to 9:00 p.m., a debate competition between the eighth-year students and the seventh-year students.

09/08/2026

བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུ་ས་སྟེང་ཡོངས་ལ་ཁྱབ། །
བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །

Address

Tshogyal Shedrub Dargyeling Nunnery (Namdroling Nunnery), Aralikumari, Bylakuppe
Piriyapatna
571104

Alerts

Be the first to know and let us send you an email when Tshogyal Shedrub Dargyeling Nunnery མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་། posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The School

Send a message to Tshogyal Shedrub Dargyeling Nunnery མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་།:

Shortcuts

Share