12/01/2026
༈ གལ་ཆེའི་གསལ་བསྒྲགས།
This is the official page of Ngagyur Nyingma Institute (Higher Buddhist Studies & Research Center).
Please visit to following web-links for further information:
__________________________________________
https://namdroling.net
12/01/2026
༈ གལ་ཆེའི་གསལ་བསྒྲགས།
10/01/2026
༄༅། །དགེ་རྒན་ཆེན་མོ་ཀརྨ་ཆུང་བདག་མཆོག་ནས་སྤྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༦ ནས་ ༡༠ བར་ཉིན་གྲངས་ལྔའི་རིང་། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་དེང་དུས་དང་མཐུན་པའི་སློབ་ཁྲིད་ཀྱི་ཐབས་ལམ་དང་། འཛིན་སྐྱོང་དང་འབྲེལ་བའི་དགེ་རྒན་ཟབ་སྦྱོང་གནང་སྟེ་དེ་རིང་ལེགས་པར་མཐའ་གྲུབ་པ་ཡིན།
The esteemed Ven. Karma Chungdak conducted a five-day teacher training program on contemporary teaching methods and management at Ngagyur Nyingma Institute from January 6 to 10, 2026. The program concluded successfully today.
06/01/2026
༄༅། །སྤྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༦ ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ། དགེ་རྒན་ཆེན་མོ་ཀརྨ་ཆུང་བདག་མཆོག་ནས་དེང་དུས་དང་མཐུན་པའི་སློབ་ཁྲིད་ཀྱི་ཐབས་ལམ་དང་། འཛིན་སྐྱོང་དང་འབྲེལ་བའི་དགེ་རྒན་ཟབ་སྦྱོང་གནང་བཞིན་པའི་མཐོང་སྣང་།
Some pictures of Professor Karma Chungdak presenting on the ‘Professional Development Workshop for Teachers’ at the Ngagyur Nyingma Institute which commenced on 06/01/2026.
01/01/2026
༄༅། །སྤྱི་ལོ་ ༢༠༢༥ ལོའི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ཐེངས་ཞེ་བརྒྱད་པ་བཀྲ་ཤིས་པའི་ངང་ནས་ལེགས་པར་མཐའ་གྲུབ་ཡོད།
The 48th annual examinations (2025) of the Ngagyur Nyingma Institute have been successfully concluded.
30/12/2025
༄༅། ། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་སྐུ་ཕྲེང་བཞི་པ་མི་འགྱུར་བདེ་ཆེན་གར་དབང་ཟིལ་གནོན་རྡོ་རྗེ་རིན་པོ་ཆེ་མཆོག་དགུང་གྲངས་བཅུ་བཞི་པར་ཕེབས་པའི་སྐུའི་འཁྲུངས་སྐར་བསུ།
སངས་རྒྱས་ཐམས་ཅད་འདུས་པའི་སྤྱི་གཟུགས་མཆོག །
ལུང་རྟོགས་དམ་པའི་ཆོས་སྒོ་འབྱུང་བའི་གནས། །
ཚོགས་མཆོག་འདྲེན་པ་བཀའ་དྲིན་གསུམ་ལྡན་ཅན། །
ཞབས་པད་རྡོ་རྗེའི་ཆོས་སུ་བརྟན་བཞུགས་གསོལ། །
ཞེས་སྔ་འགྱུར་མཐོ་སློབ་ཆེན་མོའི་འདུས་སྤྱི་ནས། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་སྐུ་ཕྲེང་བཞི་པ་མཆོག་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་ཕྱོགས་མཐར་རྒྱས་པའི་སྨོན་འདུན་གྲངས་མེད་ཞུ།
Celebrating the 14th Birthday of the 4th Penor Rinpoche, Migyur Dechen Garwang Zilnon Dorje
Supreme embodiment of all the Buddhas,
Source of the excellent Dharma of learning and realization,
Guide of the Supreme Assembly, endowed with threefold kindness,
We pray that your lotus feet remain firm in the indestructible Vajra nature.
We, the Sangha members of the Ngagyur Nyingma Institute, offer our heartfelt prayers for the long life of Yangsi Rinpoche and for his enlightened activities to flourish throughout the ten directions.
25/12/2025
༄༅། །སྤྱི་ལོ་ ༢༠༢༥ ལོའི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ཐེངས་བཞི་པ།
Some pictures of NNI monks appearing for the fourth paper of their annual examination today.
18/12/2025
༄༅། །སྤྱི་ལོ་ ༢༠༢༦ ལོའི་སྔ་འགྱུར་མཐོ་སློབ་ཆེན་མོར་དགེ་ཚུལ་སློང་གི་སྡོམ་པ་སྒྲུབ་དགོས་ངེས་ཅན་སློབ་གཉེར་བ་ཡོངས་ནས་གཤམ་གྱི་གསལ་བརྡ་ལ་ཐུགས་སྣང་གནང་བར་ཞུ།
18/12/2025
༄༅། །སྤྱི་ལོ་ ༢༠༢༥ ལོའི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ཐེངས་གསུམ་པ།
Some pictures of NNI monks appearing for the third paper of their annual examination today.
11/12/2025
༄༅། །སྤྱི་ལོ་ ༢༠༢༥ ལོའི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ཐེངས་གཉིས་པ།
Some pictures of NNI monks appearing for the second paper of their annual examination today.
08/12/2025
༈ གལ་ཆེའི་ཆོས་བརྡ།
04/12/2025
༄༅། །སྤྱི་ལོ་ ༢༠༢༥ ཟླ་ ༡༢ པའི་ཚེས་ ༠༤ ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ཐེངས་ཞེ་བརྒྱད་པ་དབུ་འཛུགས་གནང་ཡོད།
The 48th Annual Examination of the Ngagyur Nyingma Institute commenced on December 4, 2025.
03/12/2025
༄༅། ། སྤྱི་ལོ་ ༢༠༢༥ ཟླ་ ༡༢ ཚེས་ ༠༣ རེས་གཟའ་ལྷག་པ་ཕྱི་དྲོའི་ཕྱག་ཚོད ༧:༣༠ ཐོག་དོ་དམ་པ་མཁན་སློབ་ཡོངས་ནས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ཐེངས་ཞེ་བརྒྱད་པའི་སྐབས་གྲ་སྒྲིག་གནང་བཞིན་པའི་མཐོང་སྣང་།
A glimpse of exam committee members preparing for the 48th Annual Examination of the Ngagyur Nyingma Institute on Wednesday, December 3, 2025, at 7:30 PM.