23/07/2026
༄༅། །སྙན་བརྒྱུད་གདམས་པའི་མཛོད་འཛིན་ཆེན་པོ་༧སྐྱབས་རྗེ་མཁན་ཟུར་རྡོ་རྗེ་འཆང་ཡོངས་རྒྱ་རིན་པོ་ཆེ་༧རྗེ་བཙུན་ངག་དབང་བློ་བཟང་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་མཆོག་དགུང་གྲངས་༧༩ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོར་སེར་སྤོམ་ཐོས་བསམ་ནོར་གླིང་སློབ་གྲྭའི་དགེ་སློབ་ཐུན་མོང་ནས་ལྷ་ཕྱག་གྲངས་མེད་དང་བཅས་ཏེ་སྒོ་གསུམ་གུས་པ་ཆེན་པོས་འཚམས་འདྲི་བཀྲ་ཤིས་བདེ་ལེཊ་ཞུ་བ་དང་ཆབས་ཅིག་ཏུ་མགོན་པོ་གང་ཉིད་བདག་སོགས་བསྟན་འགྲོའི་མགོན་དུ་སྐུ་ཚེ་ཞ
བས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་སྙིང་ནས་ཞུ།
On 24 July 2026 on the occasion of the 79th birthday of His Holiness, the great holder of the treasury of the oral-transmission instructions, the previous Kyabje Khenzur Dorje Chang Yongya Rinpoche, the venerable Ngawang Lobsang Tenzin Thinley Gyatso Pelsangpo,
the general body of teachers and students of Serpom Thoesam Norling School, with countless prostrations, respectfully offer greetings of Tashi Delek through body, speech, and mind.
At the same time, we offer this heartfelt aspiration: that our very own Protector's life and lotus feet remain firm for a hundred eons, as protector of the teachings and of beings, including ourselves, and that all the wishes of his noble heart be spontaneously and effortlessly fulfilled without obstacle.
༧ ངག་རིག་དབང་དུ་འབྱོར་པའི་བློ་གྲོས་ཀྱིས། །
ཀུན་བཟང་བསྟན་པའི་ནོར་འཛིན་མཛེས་པའི་རྒྱན།།
འཕྲིན་ལས་རླབས་ཕྲེང་རྒྱ་ཆེར་རོལ་པའི་མཚོ། །
མཆོག་གི་སྐུ་བའི་འཁྲུངས་སྐར་རྟེན་འབྲེལ་ཞུ།།
By the wisdom that has mastered speech and knowledge,
Beautiful ornament, holder of the treasure of the All-Good teachings,
Ocean whose garland of waves of activity vastly unfolds —
We offer this auspicious tribute for the birthday of your supreme body.
༧ རྗེ་བཙུན་བླ་མའི་སྐུ་ཚེ་རབ་བརྟན་ཅིང༌། །
རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང༌། །
བློ་བཟང་བསྟན་པའི་སྒྲོན་མེ་ས་གསུམ་གྱི། །
འགྲོ་བའི་མུན་སེལ་རྟག་ཏུ་གནས་གྱུར་ཅིག།།
May the venerable guru's life remain firm and long,
May his virtuous activity flourish in the ten directions,
May the lamp of the teachings of the Good Mind throughout the three realms,
Forever remain, dispelling the darkness of beings.