05/06/2020
ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་འཁྲུངས་ཤིང།
གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་བཅོམ་པ།
གསེར་གྱི་ལྷུན་པོ་ལྟ་བུར་མཛད་པའི་སྐུ།
ཤཱ་ཀྱའི་རྒྱལ་པོ་དེ་ལ་གུས་ཕྱག་འཚལ།
འགྲོ་ལ་ཕན་བཞེད་ཐུགས་རྗེ་རབ་བསྐྲུན་པའི།།
སྤངས་རྟོགས་སྐྱོབ་པ་མཆོག་བརྙེས་ལྷ་ཡི་ལྷ།།
རྟེན་འབྱུང་གཏམ་གྱིས་འགྲོ་རྣམས་འདྲེན་མཛད་པའི།།
ཐུབ་དབང་སྨྲ་བའི་ཉི་མར་མགོས་ཕྱག་འཚལ།།