Dzongsar Buddhist Research Center

Dzongsar Buddhist Research Center རྫོང་སར་ནང་བསྟན་ཞིབ་འཇུག་ལྟེ་གནས་ཁང་།

Monastic Research Centers Consortium (MRCC) Annual Workshop–II was organized and hosted by Dzongsar Institute from March...
07/03/2026

Monastic Research Centers Consortium (MRCC) Annual Workshop–II was organized and hosted by Dzongsar Institute from March 03–07, 2026.

The five-day workshop brought together researchers, scholars, and participants from Dzongsar Buddhist Research Center, Namdrolling Nyingma Research Center, Shenchen Division, Gangteng Research Center, Shungseb Nyingma Research Center, and Palyul Choekhorling Shedra. Throughout the workshop, participants engaged in a series of research presentations, discussions, and collaborative exchanges.

In total, more than 30 research papers were presented in the presence of Prof. Dorji Wangchuk and Dr. Orna Almogi, along with their assistants. In addition, the two supervisors delivered special talks for researchers and selected scholars at the Dzongsar Shedra Library, hosted by the Dzongsar Buddhist Research Center.

The workshop served as an important platform for sharing research, exchanging scholarly perspectives, and strengthening academic collaboration among monastic research centers.

མཁྱེན་བརྩེ་དབང་པོ་ཡེ་ཤེས་སྒྱུ་འཕྲུལ་གར།།ཆོས་ཀྱི་བློ་གྲོས་གསང་གསུམ་སྤྲུལ་པའི་སྐུ།།འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ཡི།།...
18/06/2025

མཁྱེན་བརྩེ་དབང་པོ་ཡེ་ཤེས་སྒྱུ་འཕྲུལ་གར།།
ཆོས་ཀྱི་བློ་གྲོས་གསང་གསུམ་སྤྲུལ་པའི་སྐུ།།
འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་ཡི།།
ཞབས་པད་བརྟན་ཅིང་འཕྲིན་ལས་རྒྱས་གྱུར་ཅིག།

མཁན་རིན་པོ་ཆེ་ངག་དབང་ཀུན་དགའ་དབང་ཕྱུག་ཞབས་ཀྱིས་བརྩམས།

སེམས་དཔའ་ཆེན་པོ་ངག་དབང་ཀུན་དགའ་དབང་ཕྱུག་མཆོག་ནི། སྤྱི་ལོ༡༩༢༡ལོར། བོད་མདོ་ཁམས་ཀྱི་ས་ཡི་ཆ། འཇོ་མདའི་ཁུལ། རི་མདའི་གེ་ཡག་ཅེས...
17/05/2025

སེམས་དཔའ་ཆེན་པོ་ངག་དབང་ཀུན་དགའ་དབང་ཕྱུག་མཆོག་ནི། སྤྱི་ལོ༡༩༢༡ལོར། བོད་མདོ་ཁམས་ཀྱི་ས་ཡི་ཆ། འཇོ་མདའི་ཁུལ། རི་མདའི་གེ་ཡག་ཅེས་པར། ཡབ་འུག་ཆུང་བསོད་བསྟན་དང་ཡུམ་ཡོ་རུའི་ཨ་ཡག་རྣམ་གཉིས་ཀྱི་སྲས་སུ་སྐུ་བལྟམས།

སྤྱི་ལོ༡༩༣༩ལོར། མཁན་པོ་བཟོད་པ་ལེགས་བཤད་ཀྱི་ཞལ་སྔ་ནས་དགེ་ཚུལ་གྱི་སྡོམ་པ་དང་། སྤྱི་ལོ༡༩༤༠ལོར། ཐར་རྩེ་མཁན་རིན་པོ་ཆེ་བྱམས་པ་ནམ་མཁའ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་ཞལ་ནས་བསྙེན་རྫོགས་ཀྱི་སྡོམ་མནོས་ཤིང་། དེའི་དྲུང་ནས་ལམ་འབྲས་སོགས་གདམས་ཟབ་བསམ་གྱིས་མི་ཁྱབ་པ་དུ་མ་གསན།

སྤྱི་ལོ༡༩༤༣ལོར་ཁམས་བྱེ་བཤད་གྲྭར་མཁན་པོ་མདོ་སྲིབ་ཐུབ་བསྟན་རྒྱལ་མཚན་དྲུང་དུ་ཕེབས་ཏེ་གསན་བསམ་ལོ་མང་རིང་མཛད་ཅིང་། སྐབས་དེར་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཇལ་ཏེ། རྡོ་རྗེ་རྣལ་འབྱོར་མའི་ཆོས་བཀའ་ཡོངས་རྫོགས་དང་མགོན་པོའི་ཆོས་སྐོར་གྱིས་མཚོན། སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་གདམས་པ་མ་ལུས་པར་གསན། དེ་དག་གི་རིང་། རྫོང་སར་ཁམས་བྱེར་སྐྱོར་དཔོན་ལོ་ལྔར་མཛད་ཅིང་། དབོན་སྟོན་མཁྱེན་རབ་པ་སོགས་སྐྱེས་ཆེན་དུ་མ་ལས་རིགས་གཏེར་རང་འགྲེལ་དང་ཚད་མ་རྣམ་འགྲེལ། ཀུན་བཏུས་སོགས་གསན།

སྤྱི་ལོ༡༩༥༠ལོར། མདོ་སྲིབ་ཐུབ་བསྟན་རྒྱལ་མཚན་པའི་བཀའ་ལྟར། མདོ་སྲིབ་དགོན་གྱི་མཁན་པོ་ལོ་བཞི་དང་། སྤྱི་ལོ༡༩༥༥ལོར། རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ཀྱི་བཀའ་ལྟར། ཝ་རྭ་བཤད་གྲྭའི་མཁན་པོ་ལོ་གསུམ་མཛད། འོན་ཀྱང་སྤྱི་ལོ༡༩༥༩ལོ་ནས༡༩༨༠བར། དུས་འགྱུར་གྱི་བཙོན་དུ་ཚུད།

ལོ་ངོ་བཅུ་ཕྲག་གི་རྗེས་སུ་བཙོན་ལས་གྲོལ་རྗེས། མཁྱེན་བརྩེ་སྐུ་ཕྲེང་གསུམ་པ་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའི་བཀའ་ལྟར། སྤྱི་ལོ༡༩༨༢ཏེ། དགུང་ལོ་རེ་གཅིག་པར། རྒྱ་གར་ཤར་ཕྱོགས་འབྲས་ལྗོངས་སུ་ཞབས་ཐང་དུ་ཕེབས་ཏེ། རིན་པོ་ཆེ་རྣམ་གཉིས་ཞལ་མཇལ་ཞིང་། སྤྱི་ལོ༡༩༨༣ལོར། འཕགས་ཡུལ་རྫོང་སར་བཤད་གྲྭའི་དབུ་དངོས་སུ་བཙུགས།

སྤྱི་ལོ༡༩༨༥ལོར་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་སྦིར་ས་གནས་སུ་བཤད་གྲྭ་སྤོས་ཤིང་། སྤྱི་ལོ་༡༩༩༥དབར། ཆོས་ཁྲིད་ཁོ་ནས་དུས་འདའ་བར་མཛད།

མཁན་རིན་པོ་ཆེའི་བསྟན་འགྲོའི་མཛད་པ་དུས་སུ་སྨིན་ཏེ། འཆད་ཉན་ཤིན་ཏུ་སྨ་བར་མཛད་པས། སློབ་གཉེར་བ་ཇེ་མང་དུ་གྱུར་ཏེ། སྔར་གྱི་དགེ་འདུན་གྱི་བཞུགས་ཤག་སོགས་ཀྱིས་མ་འཐུས་པས། མཐར་སྤྱི་ལོ༡༩༩༩ལོར། ཅོན་ཏཱ་རར་བཤད་གྲྭ་གསར་བཞེང་མཛད་ཅིང་། ཕལ་པས་བསམ་གྱིས་མི་ཁྱབ་པའི་བསྟན་འགྲོའི་དོན་ཆེན་མཛད།

སྤྱི་ལོ༢༠༠༨སྤྱི་ཟླ༥ཚེས༢༥སྟེ། དགུང་གྲངས་གྱ་བརྒྱད་པར། སྐྱབས་མཆོག་གོང་མ་ཡབ་སྲས་ཀྱིས་དབུས་པའི་བླ་སློབ་སྟོང་ཕྲག་འདུས་པའི་ཚོགས་སུ། གང་གི་ཐུགས་དགོངས་ཡོངས་སུ་རྫོགས་པའི་དབུགས་དབྱུངས་ཀྱི་སྒོ་ནས། རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པ་བཅས་གང་གི་འཆད་ཉན་གྱི་རྣམ་པར་ཐར་པ་ཤིན་ཏུ་བསྡུས་པ་འདི་ཉིད༢༠༢༥ལོའི་དགོངས་རྫོགས་ཉིན་མོར་སྤེལ།

རྫོང་སར་ནང་བསྟན་ཞིབ་འཇུག་ལྟེ་གནས་ཁང་།

ཉེ་ཆར་བོད་ཀྱི་དགོན་སྡེ་ཁག་ནས། ཞིབ་འཇུག་ཁང་གསུམ་མཉམ་འབྲེལ་གནང་སྟེ། ལོ་འཁོར་ཞིབ་འཇུག་ཟབ་སྦྱོང་ཞིག་ཚོགས་ཡོད།Annual Monastic...
18/03/2025

ཉེ་ཆར་བོད་ཀྱི་དགོན་སྡེ་ཁག་ནས། ཞིབ་འཇུག་ཁང་གསུམ་མཉམ་འབྲེལ་གནང་སྟེ། ལོ་འཁོར་ཞིབ་འཇུག་ཟབ་སྦྱོང་ཞིག་ཚོགས་ཡོད།
Annual Monastic Research Workshop in Kathmandu

དེ་ཡང་། 2025ལོའི་ཟླ3ཚེས14ནས། ཚེས17བར། བལ་ཡུལ་ཞེ་ཆེན་དགོན་གྱི་གོ་སྒྲིག་འོག རྫོང་སར་ནང་བསྟན་ཞིབ་འཇུག་ལྟེ་གནས་ཁང་དང་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་། ཞེ་ཆེན་ཞིབ་འཇུག་ལྟེ་གནས་ཁང་བཅས། བོད་བརྒྱུད་ནང་བསྟན་གྱི་གསུང་རབ་ཞིབ་འཇུག་ཁང་གསུམ་མཉམ་འབྲེལ་གྱི་སྒོ་ནས། ཞེ་ཆེན་སྔ་འགྱུར་མཐོ་སློབ་ལེགས་བཤད་ཉི་ཟླའི་གླིང་དུ། ལོ་འཁོར་ཞིབ་འཇུག་ཟབ་སྦྱོང་ཞིག་ཚོགས་ཡོད།
Shechen Monastery in Kathmandu, Nepal, successfully hosted its annual research workshop from March 14–17, 2025. This gathering brought together three esteemed research institutions: Dzongsar Buddhist Research Center (India), Ngagyur Nyingma Research Center (India), and Shechen Research Division (Nepal).

མཉམ་འདུས་དེ་ཉིད་ནི། གཙུག་ལག་སློབ་དཔོན་རྡོ་རྗེ་དབང་ཕྱུག་ལགས་དང་འབུམ་རམས་པ་ཨོར་ན་ལགས་རྣམ་གཉིས་ནས། སྣེ་ཁྲིད་གནང་ཡོད་པ་དང་། རྫོང་སར་ནང་བསྟན་ཞིབ་འཇུག་ལྟེ་གནས་ཁང་གི་ངོས་ནས། དཔལ་ལྡན་ས་སྐྱ་པའི་ཡིག་ཆ་ཁག་དང་། ལྟེ་གནས་ཁང་གཞན་གཉིས་ནས། སྔ་འགྱུར་རྙིང་མ་པའི་ཡིག་ཆ་ཁག་གི་སྟེང་དུ། ཞིབ་འཇུག་སྤྱན་བསྟན་དང་ལག་བསྟར་གོ་བསྡུར་གནང་ཡོད།
It’s led and supervised by Professor Dorji Wangchuk and Dr. Orna Almogi, the workshop provided a collaborative platform for scholars and research students to engage in comprehensive discussions and exchanges on Nyingma and Sakya textual research.

རྫོང་སར་ནང་བསྟན་ཞིབ་འཇུག་ལྟེ་གནས་ཁང་།
Dzongsar Buddhist Research Center

འཕགས་ཡུལ་རྫོང་སར་བཤད་གྲྭར་ཀུན་མཁྱེན་བཀའ་འབུམ་གྱི་ལྗགས་ལུང་འཆད་སྤེལ་སྐོར་དང་ངོར་ཁང་སར་ཞབས་དྲུང་རིན་པོ་ཆེའི་རྣམ་ཐར་ཟུར་ཙམ་...
23/12/2024

འཕགས་ཡུལ་རྫོང་སར་བཤད་གྲྭར་ཀུན་མཁྱེན་བཀའ་འབུམ་གྱི་ལྗགས་ལུང་འཆད་སྤེལ་སྐོར་དང་ངོར་ཁང་སར་ཞབས་དྲུང་རིན་པོ་ཆེའི་རྣམ་ཐར་ཟུར་ཙམ་སྨོས་པ།
Preserving Wisdom: Khangsar Shabdrung Rinpoche’s Oral Transmission of Gorampa’s Works at Dzongsar Institute, India and His Biography

[By Tsering Samdup Thubpa, DBRC]

Recently, Dzongsar Institute had the privilege of hosting Khangsar Shabdrung Rinpoche, who delivered the oral transmission (ལུང) of the works of Gorampa Sonam Senge (1429–1489). This event marked a significant educational and traditional milestone, providing students and scholars with a unique opportunity to connect with the intellectual legacy of one of Tibetan Buddhism’s greatest thinkers. It also served as a crucial step in preserving and transmitting these teachings for future generations.

Details below pages posting, including Biography of Khangsar Shabdrung Rinpoche

22/11/2024
ཉེ་བའི་ལོ་ཤས་སུ་ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གཉེར་ཁང་མི་ཉུང་བ་ཞིག་ཏུ། བོད་ཀྱི་ཆོས་རིག་གཉིས་ཀྱི་ཞིབ་འཇུག་མི་སྣ་གསོ་སྐྱོང་གི...
01/11/2024

ཉེ་བའི་ལོ་ཤས་སུ་ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གཉེར་ཁང་མི་ཉུང་བ་ཞིག་ཏུ། བོད་ཀྱི་ཆོས་རིག་གཉིས་ཀྱི་ཞིབ་འཇུག་མི་སྣ་གསོ་སྐྱོང་གི་ཁོར་ཡུག་སྐྲུན་ཐབས་སུ། བོད་རིག་པའི་སློབ་ཚན་ཆེད་འཛུགས་གནང་མུས་དང་། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་ཆོས་གྲྭར་ཡང་། གནའ་བོའི་སྐྱེས་ཆེན་ཁག་གི་དུས་ནས་དུས་སུ་ཐོས་བསམ་སྒོམ་གསུམ་གོང་སྤེལ་གནང་བའི་བློ་སྤོབས་ཀྱི་རྗེས་སུ་འབྲངས་ཏེ། རང་རེའི་ཐུན་མོང་མ་ཡིན་པའི་གཞུང་ལུགས་འཆད་ཉན་གྱི་སྟེང་དུ། ཞིབ་འཇུག་གི་ཐབས་ལམ་དང་ལྟ་གྲུབ་འདྲ་མིན་གྱི་རྣམ་དབྱེ་དང་ངེས་སྲོལ་སོགས་ཁ་སྣོན་གང་ཐུབ་མཛད་མུས་ལྟར། ཉེ་ཆར ༢༠༢༤ ལོའི་ཟླ ༡༠ ཚེས ༢༡ དང ༢༢ ཏེ། ཉིན་གཉིས་ཀྱི་རིང་། ཡུ་རོབ་ཁུལ། པོ་ལན་རྒྱལ་ཁབ། ཝར་སོ་གྲོང་ཁྱེར། ཝར་སོ་གཙུག་ལག་སློབ་གླིང་དུ། དབྱིན་ཇིའི་སྐད་ཡིག་གི་ལམ་ནས། བོད་དང་ཧི་མ་ལ་ཡ་ཞེས་པའི་བརྗོད་གཞིའི་བགྲོ་གླེང་ཚོགས་འདུ་ཞིག་བསྡུས་ཡོད་པ་དང་། ཚོགས་འདུ་དེར། གཙོ་བོར་ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གླིང་ཁག་ནས། བོད་ཀྱི་ཆོས་རིག་གཉིས་ཀྱི་ཞིབ་འཇུག་སློབ་སྟོན་པ་དང་འབུམ་རམས་པ། ཞིབ་འཇུག་པ། དགེ་རྒན། རྩོམ་པ་པོ། འབུམ་རམས་པའི་སློབ་མ་སོགས་མཉམ་ཞུགས་དང་གསུང་བཤད་གནང་ཡོད།

འདི་གར་འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ནས་ཀྱང་། རྫོང་སར་ནང་བསྟན་ཞིབ་འཇུག་ལྟེ་གནས་ཁང་གི་སློབ་སྟོན་པ་གཞོན་པ་ཚེ་རིང་བསམ་འགྲུབ་མཆོག་ཚོགས་འདུ་དེར་མཉམ་ཞུགས་གནང་ཡོད་ཅིང་། རྩོམ་བྱང་དུ། ࿑ ནང་ཆོས་ཀྱི་ཁྲོད་ནས། བོད་བརྒྱུད་ནང་བསྟན་གྱི་འཕེལ་འགྱུར། ཅེས་བོད་བརྒྱུད་ནང་བསྟན་དུ། བོད་ཀྱི་སྐྱེས་ཆེན་འབྲོམ་སྟོན་པ་དང་འཇིག་རྟེན་གསུམ་མགོན། ས་པཎ་སོགས་ཀྱི་རྣམ་དཔྱོད་མི་འདྲ་བ་ལས། ལངས་ཕྱོགས་ཀྱང་མི་འདྲ་བ་བྱུང་སྟེ། དགག་སྒྲུབ་སྣ་ཚོགས་ཤིག་བྱུང་ཡོད་པ་དེ་ཉིད། བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་གྲུབ་བྱེད་གཙོ་བོར་གྱུར་ཡོད་པའི་སྐོར་གསུང་བཤད་གནང་ཡོད།

In recent years, several universities in the West have opened Tibetology courses to attract researchers and specialists in Tibetan culture and religion. Additionally, Tibetan Buddhist institutes have begun integrating international research methodologies into traditional Buddhist philosophy classes, following the example of great Buddhist masters who adapted their education with an open mind throughout history. This year, Warsaw University in Poland also followed this trend by hosting a conference from 21st to 22nd October 2024, titled “Tibet and the Himalayas: Past and Present,” conducted in English. Most participants were scholars from European universities, including professors, doctors, researchers, and PhD students. They presented and gave speeches on various aspects of Tibetan studies.

Among the participants was Ven. Tsering Samdup Thubpa, Assistant Professor at the Dzongsar Buddhist Research Center, Dzongsar in India, who delivered a speech on “Buddhism in Tibet: Evolution or Correction?” contributing valuable insights to the discussions on Tibetan Buddhism’s transformation over time.

རྫོང་སར་ནང་བསྟན་ཞིབ་འཇུག་ལྟེ་གནས་ཁང་ནས་སྤེལ།
Dzongsar Buddhist Research Center

The Center on Google map
14/10/2024

The Center on Google map

4.3 ★ · Research institute

ཉེ་ཆར་འཕགས་ཡུལ་རྫོང་སར་བཤད་གྲྭའི་སྐྱོར་དཔོན་ཚེ་རིང་བསམ་འགྲུབ་ལགས་ནས། དབྱིན་ཡུལ་ཨོ་སི་ཕོ་ཊི་སློབ་གླིང་དུ་འཚོགས་པའི་རྒྱལ་ས...
18/09/2024

ཉེ་ཆར་འཕགས་ཡུལ་རྫོང་སར་བཤད་གྲྭའི་སྐྱོར་དཔོན་ཚེ་རིང་བསམ་འགྲུབ་ལགས་ནས། དབྱིན་ཡུལ་ཨོ་སི་ཕོ་ཊི་སློབ་གླིང་དུ་འཚོགས་པའི་རྒྱལ་སྤྱིའི་ན་གཞོན་བོད་རིག་པའི་བགྲོ་གླེང་ཚོགས་འདུའི་སྟེང་དུ། རང་གི་ཞིབ་འཇུག་ཆེད་རྩོམ་དང་འབྲེལ་ཏེ་གསུང་བཤད་གནང་ཡོད།
Recently, Ven. Tsering Samdup Thubpa from Dzongsar Institute presented his research at the ISYT at Oxford University.

དེ་ཡང་། འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ནས། རྫོང་སར་ནང་བསྟན་ཞིབ་འཇུག་ལྟེ་གནས་ཁང་གི་སློབ་སྟོན་པ་གཞོན་པ། སྐྱོར་དཔོན་ཚེ་རིང་བསམ་འགྲུབ་ལགས་སུ། དབྱིན་ཡུལ་གྱི་ཨོ་སི་ཕོ་ཊི་སློབ་གླིང་གི་འོ་ཧྥུ་སོན་སློབ་ཆེན་ནས། རྒྱལ་སྤྱིའི་ན་གཞོན་བོད་རིག་པའི་བགྲོ་གླེང་གི་གཏམ་བཤད་པའི་མགྲོན་ཤོག་འབྱོར་ཡོད་པ་དང་། ཉེ་ཆར། ༢༠༢༤ ལོའི་ཟླ ༩ ཚེས ༢ ནས། ཚེས ༦ བར། ཉིན་ལྔའི་རིང་། སློབ་ཆེན་དེར་དངོས་སུ་འཚོགས་པའི་རྒྱལ་སྤྱིའི་ན་གཞོན་བོད་རིག་པའི་བགྲོ་གླེང་ཚོགས་འདུ་ཐེངས་བདུན་པའི་སྟེང་དུ། ཁོང་གིས། ༈ དཔལ་ས་སྐྱ་པའི་སྐྱེས་བུ་ཆེན་པོ་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་ཡིག་ཆའི་གནས་སྟངས། ཞེས་རང་གི་འབུམ་རམས་པའི་ཞིབ་འཇུག་ཆེད་རྩོམ་དང་འབྲེལ་ཏེ། • བོད་དུ་གོ་བོ་རབ་འབྱམས་པའི་འཆད་ཉན་ངོས་འཛིན། • འཆད་ཉན་དེ་ཉིད་ཀྱི་རྒྱབ་ལྗོངས་ཀྱི་སྐྱེས་བུ་ཁག • དེ་གཉིས་ཀའི་དཔྱད་གཞིར་གྱུར་པ་མ་དཔེའི་གནས་སྟངས་བཅས་ཀྱི་སྒོ་ནས་ཞིབ་འཇུག་བརྗོད་གཞིའི་གསུང་བཤད་གནང་ཡོད།
Ven. Tsering Samdup, Assistant Professor at Dzongsar Buddhist Research Center and Kyorpon at Dzongsar Institute, was invited as a speaker at the 7th International Seminar of Young Tibetologists (ISYT), held at Oxford University from 2nd to 6th September 2024 and hosted by Wolfson College. He presented his research, based on his doctoral thesis, titled ‘Beyond the Fame: A Critical Study of the Enigmatic Edition of Gorampa’s Works.’

རྫོང་སར་ནང་བསྟན་ཞིབ་འཇུག་ལྟེ་གནས་ཁང་ནས་སྤེལ།
Dzongsar Buddhist Research Center

Address

Dzongsar Institute, Chuantra
Mandi
175032

Opening Hours

Monday 9am - 5pm
Tuesday 9am - 5pm
Wednesday 9am - 5pm
Thursday 9am - 5pm
Saturday 9am - 5pm
Sunday 9am - 5pm

Website

Alerts

Be the first to know and let us send you an email when Dzongsar Buddhist Research Center posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share