Open Book Club -Obc【开明书会】བློ་གསར་དཔེ་ཀློག་མཐུན་ཚོགས།

  • Home
  • India
  • Mandi
  • Open Book Club -Obc【开明书会】བློ་གསར་དཔེ་ཀློག་མཐུན་ཚོགས།

Open Book Club -Obc【开明书会】བློ་གསར་དཔེ་ཀློག་མཐུན་ཚོགས། A platform for sharing and exchanging reading experiences.

དཔེ་ཀློག་ལ་དགའ་བ་དང་དཔེ་དེབ་ངོ་སྤྲོད་གནང་འདོད་ཡོད་རིགས་རྣམས་ཀྱིས་ཚོགས་པ་འདིའི་ནང་དུ་དཔེ་དེབ་དང་འབྲེལ་བའི་བརྙན་དང་གཏམ་བཤད...
01/01/2022

དཔེ་ཀློག་ལ་དགའ་བ་དང་དཔེ་དེབ་ངོ་སྤྲོད་གནང་འདོད་ཡོད་རིགས་རྣམས་ཀྱིས་ཚོགས་པ་འདིའི་ནང་དུ་དཔེ་དེབ་དང་འབྲེལ་བའི་བརྙན་དང་གཏམ་བཤད་སོགས་གང་སྤེལ་ཡང་དགའ་བསུ་ཡོད།

>                                                   བློ་བཟང་རིན་ཆེན། དོ་ནུབ་ཆམ་པ་ཅུང་ཙམ་ན་བར་ཁ་གཡར་ནས་དགོང་མོའི་ཆོས་ར་ལ་...
26/12/2020

>

བློ་བཟང་རིན་ཆེན།

དོ་ནུབ་ཆམ་པ་ཅུང་ཙམ་ན་བར་ཁ་གཡར་ནས་དགོང་མོའི་ཆོས་ར་ལ་དགོངས་ཞུ་བྱས། དེ་ནས་ཆོས་ར་འོག་ཏུ་ཇ་ཚ་བོ་ཞིག་འཐུང་ཞོར་ཉེ་ཆར་ཁོ་བོས་བཀླགས་པའི་>ཞེས་པའི་དཔེ་དེབ་དེ་ལ་བཀླགས་བྱང་ཞིག་འབྲི་དགོས་སྙམ་ནས་སྦྱོར་བ་བརྩམས།

དཔེ་དེབ་འདི་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ལོ་ལྔ་བཅུ་ང་གསུམ་ཐོག་མི་དམངས་ལ་གནང་བའི་བཀའ་ཆོས་ཤིག་རིགས་སློབ་ལྷག་བརྩེགས་ཚོགས་ཆུང་གིས་ཡིག་ཐོག་ཏུ་ཕབ་བསྒྱུར་བྱས་པ་ཞིག་རེད། ལེའུ་བཞི་དང་ཤོག་ངོས་བརྒྱ་དང་གོ་དྲུག་གི་བདག་ཉིད་ཅན་གྱི་དཔེ་དེབ་ཆུང་ཆུང་འདིའི་ནང་དུ། བདག་ཅག་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་པོ་མི་ཕལ་པ་ནང་བཞིན་རྒྱལ་པོའི་ཁྱིམ་ལ་བཞུགས་ཏེ་བཙུན་མོ་སྲས་དང་བཅས་པའི་སྲིད་པའི་ཕུན་ཚོགས་ལ་ཆ་ཚང་ལ་ལོངས་སྤྱོད་བྱས། དེ་ནས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གཟིགས་ཏེ་ངེས་འབྱུང་སྐྱེས་ནས་རབ་ཏུ་བྱུང་། དེ་ནས་ལོ་དྲུག་དཀའ་བ་སྤྱད་པ་སོགས་ལ་བརྟེན་ནས་གནས་མཆོག་རྡོ་རྗེ་གདན་དུ་མངོན་པར་རྫོགས་སངས་རྒྱས་པའི་མཛད་པ་བསྟན་ཏེ་གདུལ་བྱ་རྣམས་ལ་ཆོས་ཀྱི་འཁོར་རིམ་པ་གསུམ་བསྐོར་བའི་ཚུལ་དང་། འཁོར་ལོ་སོ་སོའི་བརྗོད་བྱ་དང་ཐུན་མིན་གྱི་ཁྱད་ཆོས་སོགས་ཞིབ་བརྗོད་གནང་འདུག མ་ཟད་ཆོས་ཀྱི་སྡོམ་བཞི་དང་། དྲང་དོན་དང་ངེས་དོན་གྱི་ཁྱད་པར། སྤྱོད་འཇུག་གི་བཟོད་པ་དང་བརྩོན་འགྲུས་ཀྱི་ལེའུ་རྩལ་འདོན་བྱས་ཏེ་ཁོང་ཁྲོའི་ཉེས་དམིགས་དང་བཟོད་པའི་ཕན་ཡོན་ཞིབ་མོ་རྣམ་འཐག་གནང་འདུག དེ་ནས་སྐྱབས་འགྲོ་ལ་སློབ་ཚུལ་དང་རྡོ་རྗེ་ཐེག་པ་ལ་སློབ་ཚུལ། མདོ་སྔགས་ཀྱི་ཁྱད་པར་དང་རྒྱུད་སྡེའི་མིང་འདོགས་ཚུལ། བྱ་རྒྱུད་སྤྱོད་རྒྱུད་སོགས་གསང་སྔགས་ཀྱི་སྐོར་ནས་བཀའ་སློབ་ཟབ་རྒྱས་ཤིག་གནང་ཡོད་པ་ལགས་ན། ནང་ཆོས་ལ་དད་གུས་ཆེ་ཞིང་ནང་ཆོས་ཆེད་སྦྱོང་བྱེད་མི་ཐུབ་པའི་སྤྱི་ཚོགས་སློབ་གྲྭ་ཁག་ན་ཡོད་པའི་སློབ་མ་དང་། ཡང་ན་ལས་ཀའི་བྲེལ་ཟིང་བར་ནས་ནང་ཆོས་ལ་དོ་སྣང་བྱེད་འདོད་པ་དག་ལ། ལག་ཏུ་ལེན་བདེ་ཞིང་ས་ཆོད་གཞན་ལས་ཆེ་བའི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་དེབ་འདི་ཧ་ཅང་འོས་འཚམ་ཞིག་རེད་ཅེས་ངོ་སྤྲོད་ཞུ་འདོད་བྱུང་ངོ་།།

2020/ 12/ 25 མཚན་མོར་རྩོད་པ་ལ་མ་སོང་བར་འདི་ཉིད་བྲིས་པ་དགེའོ།།

16/09/2020

Fear of ostracism is the source of all fears.

Mr. Shawo Choeten will be appearing on OBC's WhatsApp group to present and share his eminent reading experiences on the ...
22/08/2020

Mr. Shawo Choeten will be appearing on OBC's WhatsApp group to present and share his eminent reading experiences on the given topic on 28th August, 2020.

Join us in whatsApp group and let us all together on Saturday evening at 7:00pm-8:00pm.
07/07/2020

Join us in whatsApp group and let us all together on Saturday evening at 7:00pm-8:00pm.

OBC is established today on 6th July, 2020. (The great day of H.H The 14th Dalai Lama’s 85th Birthday. )༸གོང་ས་མཆོག་གི་འ...
06/07/2020

OBC is established today on 6th July, 2020. (The great day of H.H The 14th Dalai Lama’s 85th Birthday. )༸གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་ནི་རྟེན་འབྲེལ་མཚོན་ཆེད་དུ་ངེད་བློ་གསར་དཔེ་ཀློག་མཐུན་ཚོགས་དབུ་བརྙེས་པའི་ཉིན་མ་ཞིག་ཏུ་བརྩི་བཞིན་ཡོད།

A warm wish from OBC. 06/07/2020
05/07/2020

A warm wish from OBC. 06/07/2020

OBC’s description is available in three languages for the convenience of the readers. We would like to begin this progra...
26/06/2020

OBC’s description is available in three languages for the convenience of the readers. We would like to begin this program on 6th July 2020. Interested participants can join us in whatsApp, WeChat and follow our page for further updates.....

【NOTICE】    Join us inwhatsApp and WeChat to discuss, share and exchange knowledge and reading experiences. You can also...
25/06/2020

【NOTICE】
Join us inwhatsApp and WeChat to discuss, share and exchange knowledge and reading experiences. You can also follow the page for further notifications and updates.

Address

Mandi
175032

Telephone

+918580836231

Website

Alerts

Be the first to know and let us send you an email when Open Book Club -Obc【开明书会】བློ་གསར་དཔེ་ཀློག་མཐུན་ཚོགས། posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The School

Send a message to Open Book Club -Obc【开明书会】བློ་གསར་དཔེ་ཀློག་མཐུན་ཚོགས།:

Shortcuts

Share

Category