13/02/2026
ནང་ཁུལ་འཐབ་རྩོད་དང་ཕན་ཚུན་འཁོན་འཛིན་ནི་མི་རིགས་འཇིག་པའི་སྔ་ལྟས་ཡིན།
Contact information, map and directions, contact form, opening hours, services, ratings, photos, videos and announcements from བཀའ་སློབ་ལམ་སྟོན།, Education, dharamsala, Indore.
08/02/2026
གསར་འགོད་གསལ་བསྒྲགས།
༄༅། །ཉེ་ལམ་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲྭ་ལམ་ཁག་གཅིག་གི་ནང་དུ་ཨེབ་སི་ཊིན་གྱི་ཡིག་ཚགས་དང་འབྲེལ་གནས་ཐད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཇེ་ཕི་རི་ཨེབ་སི་ཊིན་དབར་འབྲེལ་བ་བྱུང་གནས་སྐོར་གནས་ཚུལ་སྤེལ་བཞིན་འདུག་ཀྱང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་བར་ཇེ་ཕི་རི་ཨེབ་སི་ཊིན་དང་མཇལ་འཕྲད་གནང་མྱོང་མེད་པ་མ་ཟད། ༸གོང་ས་མཆོག་གི་མཚན་ཐོག་ནས་ཀྱང་ཁོང་དང་མཇལ་འཕྲད་དམ་བཀའ་མོལ་གནང་རྒྱུ་བཀོད་མངགས་གནང་རིགས་གཏན་ནས་བྱུང་མྱོང་མེད་པའི་གསལ་བསྒྲགས་སུ། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༨ ལ།།
Press Statement
Some recent media reports and social media posts concerning the “Epstein files” are attempting to link His Holiness the Dalai Lama with Jeffrey Epstein.
We can unequivocally confirm that His Holiness has never met Jeffrey Epstein or authorised any meeting or interaction with him by anyone on His Holiness’s behalf.
8 February 2026
The Presence of His Holiness the Dalai Lama's Name in the Epstein Documents: A Clarification
The recent sensationalized claims that His Holiness the Dalai Lama’s name appears 169 times in the Jeffrey Epstein documents are a predictable form of propaganda. Adversaries are attempting to "create smoke where there is no fire," aiming to fabricate a scandal and sow doubt among the public. However, as I have noted previously, the mere mention of a name in these documents does not imply any wrongdoing.
Delaying a response only allows rumors to spread and lets the "poisonous tree of doubt" grow in the minds of people globally. Therefore, I am sharing my perspective here. I request all Tibetans and supporters who hold His Holiness in high regard to share this clarification widely.
Based on the excerpts currently available online, most mentions of His Holiness's name arise from third parties communicating with Epstein, or from Epstein’s own expressed desire to meet His Holiness.
The 2012 Emails: In October 2012, Epstein mentioned his intention to travel to an unnamed island where His Holiness was purportedly scheduled to visit. In another email, when someone expressed interest in attending an event featuring His Holiness, Epstein simply replied, "Go." This brief response suggests that Epstein himself likely did not attend the event.
The 2015 Efforts: Emails from 2015 show that Epstein was still actively trying to find a way to meet His Holiness, which indicates that no such meeting had occurred in 2012. One email suggests contacting His Holiness through a person named "Tenzin," described as a student at a "Dalai Lama Center" and later a director at the Media Lab. It is clear that Epstein was attempting to leverage His Holiness’s global stature to bolster his own reputation.
The Dinner Invitation: Another 2015 email reveals Epstein's efforts to invite His Holiness to a dinner. This aligns with a common behavior among the elite—trying to establish associations with world-renowned figures to enhance their own social standing.
Michael Wolff’s Claims: In a 2025 interview, journalist Michael Wolff claimed that His Holiness once visited Epstein’s residence in New York for a fundraising event. However, Wolff did not specify a date. If Epstein was still struggling to secure a meeting in 2015, Wolff’s claim becomes highly questionable. His Holiness’s last visit to the U.S. prior to 2024 was around 2017. Regardless, even if a meeting had occurred, it would have been the result of Epstein’s persistent efforts, not a personal interest from His Holiness. His Holiness meets countless individuals for fundraising and political support; no reasonable person would equate such a meeting with complicity in Epstein’s secret crimes.
In summary, reputable media outlets investigating the Epstein files have found absolutely no evidence of inappropriate conduct involving His Holiness. If such evidence existed, adversaries like the Chinese government would have weaponized it immediately. Lacking actual evidence, they are attempting to conflate this with a previous cultural misunderstanding involving a child to create a false narrative of misconduct, exploiting Epstein's reputation as a s*x offender.
Tibetans on social media should be careful not to speak or spread rumors impulsively. It is important to remember that His Holiness travels the world and meets people of all ranks and backgrounds solely for the benefit of Tibet and its people. Epstein was known for inserting himself into the circles of global elites. It is possible that supporters of Tibet, hoping to gain further backing for the cause, introduced Epstein to the movement.
Many of these mentions appear in emails from Joichi Ito, a Japanese investor and former director of the MIT Media Lab, to Epstein. Ito, who was also involved with a mindfulness organization in Bhutan, reportedly accepted $1.7 million in donations from Epstein. It is highly likely that these individuals used His Holiness’s name to promote their Buddhist-related projects and interests.
One notable revelation in these emails involves Deepak Chopra, an Indian-American figure who frequently visits Dharamsala to meet His Holiness. In an email to Epstein, Chopra reportedly spoke disparagingly of His Holiness, arrogantly claiming that the Dalai Lama "does not understand Buddhism." While Chopra has spent years using his association with His Holiness to build his own fame, establish large centers in the U.S., and write numerous books, these documents expose his hypocrisy and the disrespectful way he speaks of His Holiness behind his back.
ཨེབྶི་ཊེན་གྱི་ཐོའི་ནང་༧གོང་ས་མཆོག་གི་མཚན་ཐོན་པ་ཁག་གཅིག
༧གོང་ས་མཆོག་གི་མཚན་ཨེབྶི་ཊེན་ (Epstein) གྱི་ཡིག་ཆའི་ནང་ཐེངས་ ༡༦༩ ཐོན་འདུག་ཅེས་འུར་སྒྲོག་བྱེད་པ་འདི་ནི། སྔོན་དཔག་བྱེད་ཐུབ་པའི་དྲིལ་བསྒྲགས་ཤིག་རེད། གནས་ཚུལ་འདིའི་ཐད་དགྲ་ཕྱོགས་ནས་མེ་མེད་སར་དུ་བ་བཟོ་ནས་གནད་དོན་ཞིག་འདུག་མདོག་མདོག་གིས་དྲིལ་བསྒྲགས་སྤེལ་བ་མ་ཚད། མི་ཁ་ཤས་ཀྱིས་དོགས་པ་བྱེད་སྲིད་པ་རེད། འོན་ཀྱང་ངས་བར་ལམ་བྲིས་ཟིན་པ་ལྟར། མཚན་ཐོན་པ་ཙམ་གྱིས་གནད་དོན་ཡོད་པའི་ངེས་པ་གང་ཡང་མེད།
འདིར་དུས་ཚོད་ཇི་ཙམ་རིང་དུ་བཏང་བ་དེ་ཙམ་གྱིས་དཀྲོག་གཏམ་ཁྱབ་བརྡལ་ཆེ་རུ་འགྲོ་རྒྱུ་མ་ཚད། ཕྱི་ནང་མི་མང་པོའི་སེམས་ལ་རྣམ་རྟོག་གི་དུག་ཤིང་སྐྱེ་རུ་འཇུག་རྒྱུ་ཡིན་པར་བསམ་ནས། འདིར་ངས་མཐོང་ཚུལ་ཞིག་འབྲི་བཞིན་ཡོད་པས། བོད་ཞན་ཡོད་མཁན་དང་༧གོང་ས་མཆོག་ལ་དད་གུས་ཡོད་མཁན་བོད་མི་རྣམས་ཀྱིས་རྒྱུད་སྐུར་ (Share) གང་མང་གནང་རོགས་གནང་།
ད་བར་དྲ་ལམ་དུ་མཐོང་རྒྱུ་ཡོད་པའི་ཡིག་དུམ་ཁག་ལ་བརྟག་ན། འདི་ནི་མང་ཆེ་བ་མི་གཞན་གྱིས་ཨེབྶི་ཊེན་ལ་བརྡ་འབྲེལ་བྱས་སྐབས་༧གོང་ས་མཆོག་གི་མཚན་བྲིས་པ་དང་། ཨེབྶི་ཊེན་རང་ཉིད་ཀྱིས་༧གོང་ས་མཆོག་ལ་མཇལ་འཕྲད་བྱེད་འདོད་ཀྱི་སྐད་ཆ་སོགས་ལས་བྱུང་བ་ཞིག་རེད་འདུག
༢༠༡༢ ལོའི་ཕྱི་ཟླ་བཅུ་པའི་ནང་ཨེབྶི་ཊེན་གྱིས་མིང་མ་བརྗོད་པའི་གླིང་ཕྲན་ཞིག་ཏུ་༧གོང་ས་མཆོག་ཕེབས་འཆར་ཡོད་པ་དེར་ཁོ་པ་བསྐྱོད་རྒྱུ་ཡིན་ཚུལ་བཤད་ཡོད་པ་དང་། ཡང་མི་གཞན་ཞིག་གིས་ ༧གོང་ས་མཆོག་གི་མཛད་འཆར་ཞིག་ཡོད་པ་དེར་འགྲོ་འདོད་ཡོད་ཅེས་བརྗོད་པར། ཨེབྶི་ཊེན་གྱིས་ "དེར་སོང་"ཞེས་ལན་བྲིས་པའི་ཨེས་མིལ་(Email) ཞིག་འདུག (དེར་སོང་ཟེར་བའི་ལན་འདི་ལ་བལྟས་ན། མཐའ་མ་ཨེབ་སེ་ཊིན་ཁོ་རང་དེར་ཕྱིན་མེད་པའི་རྟགས་ཤིག་མིན་ནམ་སྙམ།)
༢༠༡༥ ལོའི་ཨེས་མིལ་ཞིག་གི་ནང་དུ། ད་དུང་མུ་མཐུད་ནས་༧གོང་ས་མཆོག་དང་མཇལ་འཕྲད་བྱེད་ཐབས་བྱེད་བཞིན་པའི་ནང་དོན་འཁོད་འདུག་པས། དེས་༢༠༡༢ ལོར་མཇལ་ཐུབ་མེད་པ་མཚོན་གྱི་ཡོད་སྲིད། གློག་འཕྲིན་དེའི་ནང་། ཏ་ལའི་བླ་མའི་ལྟེ་གནས་ཁང་ (Dalai Lama Center) ཀྱི་སློབ་མ་དང་། དེ་རྗེས་ Media Lab གྱི་འགན་འཛིན་ཡིན་ཚུལ་བཀོད་པའི་ "བསྟན་འཛིན་" ཟེར་བ་ཞིག་བརྒྱུད་ནས་༧གོང་ས་མཆོག་ལ་འབྲེལ་བ་བྱེད་དགོས་ཚུལ་འཁོད་འདུག མདོར་ན། ཁོ་རང་གི་མིང་གྲགས་ཆེ་རུ་གཏོང་ཆེད་༧གོང་ས་མཆོག་དང་མཇལ་ཐུབ་པ་བྱེད་རྒྱུའི་འབད་བརྩོན་བྱས་པ་གསལ་པོ་རེད།
ཡང་༢༠༡༥ ལོར་ཨེབྶི་ཊེན་གྱིས་༧གོང་ས་མཆོག་གསོལ་ཚིགས་ལ་གདན་འདྲེན་ཞུ་ཆེད་ལས་ཀ་བྱེད་བཞིན་ཡོད་ཅེས་པའི་ཨེས་མིལ་ཞིག་བཏང་འདུག གཅིག་བྱས་ན་འདི་དང་གོང་གི་གློག་འཕྲིན་དེ་གཉིས་དམིགས་ཡུལ་གཅིག་གི་ཆེད་དུ་ཡིན་སྲིད། དེར་བརྟེན་ཨེབྶི་ཊེན་གྱིས་༧གོང་ས་མཆོག་ལ་འབྲེལ་བ་འཛུགས་རྒྱུའི་འདུན་པ་ཤུགས་ཆེན་ཡོད་པ་གསལ་པོ་རེད། འདི་ནི་མི་ཆེན་མང་པོས་སྙན་གྲགས་ཅན་གྱི་མི་གཞན་དང་འབྲེལ་བ་བཟོ་བའི་གཤིས་ཀ་ཞིག་རེད།
ཨེབྶི་ཊེན་དང་འབྲེལ་བ་ཡོད་པའི་གསར་འགོད་པ་ Michael Wolff ཡིས་༢༠༢༥ ལོའི་བཅར་འདྲི་ཞིག་གི་སྐབས། ནེའུ་ཡོག་ཏུ་དཔལ་འབྱོར་འདུ་འགོད་ཀྱི་མཛད་སྒོ་ཞིག་གི་ཆེད་དུ་༧གོང་ས་མཆོག་ཨེབྶི་ཊེན་གྱི་ཁང་པར་ཕེབས་སོང་ཞེས་བརྗོད་འདུག མ་གཞི་ཝོལ་ཧྥི་ཡིས་དུས་ཚོད་བརྗོད་མི་འདུག་མོད། འོན་ཀྱང་༢༠༡༥ ལོར་ཨེབ་སེ་ཊིན་གྱིས་ད་དུང་༧གོང་ས་མཆོག་མཇལ་ཐབས་བྱེད་བཞིན་ཡོད་ན། ཝོལ་ཧྥི་ཡི་སྐད་ཆ་དེ་དོན་དངོས་ཡིན་མིན་ལ་ཐེ་ཚོམ་བྱེད་འོས་པ་ཞིག་རེད། ༧གོང་ས་མཆོག་༢༠༢༤ གོང་གི་ཨ་རིའི་གཟིགས་སྐོར་ཐ་མ་དེ་༢༠༡༧ ལོར་ཡིན་པ་འདྲ་དྲན། གང་ལྟར་དེ་ལ་ཁྱད་པར་མི་འདུག གལ་ཏེ་༧གོང་ས་མཆོག་གིས་ཨེབྶི་ཊེན་ལ་མཇལ་འཕྲད་གནང་ཡོད་པའི་དབང་དུ་བཏང་ཡང་། དེ་ནི་ཨེབྶི་ཊེན་གྱིས་འབད་བརྩོན་བྱས་པ་ལས་བྱུང་བ་ལས། ༧གོང་ས་མཆོག་གི་ཕྱོགས་ནས་ཐུགས་འདོད་གནང་བ་ཞིག་མིན་པ་གསལ་པོ་རེད། དེ་བཞིན་དཔལ་འབྱོར་འདུ་འགོད་དང་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཆེད་དུ། ༧གོང་ས་མཆོག་གིས་མི་གྲངས་ལས་འདས་པ་དང་ལྷན་དུ་མཇལ་འཕྲད་གནང་གི་ཡོད་པས། འདི་དང་ཨེབྶི་ཊེན་གྱི་གསང་བའི་ནག་ཉེས་བར་འབྲེལ་བ་ཡོད་པའི་དཔང་རྟགས་ལ་བསམ་ཡོད་སུ་ཡིས་ངོས་འཛིན་བྱེད་མི་སྲིད།
མདོར་ན། ཨེབྶི་ཊེན་གྱི་ཡིག་ཆ་ཞིབ་འཇུག་བྱེད་མཁན་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་། ༧གོང་ས་མཆོག་དང་འབྲེལ་བའི་ཐད་ལ་ཚུལ་མཐུན་མ་ཡིན་པའི་གནས་ཚུལ་ཅི་ཞིག་ཀྱང་བྱུང་ཡོད་པ་མཐོང་རྒྱུ་མི་འདུག གལ་ཏེ་ཡོད་ཚེ། རྒྱ་ནག་སོགས་དགྲ་ཕྱོགས་ནས་དུས་ཚོད་ཆུད་ཟོས་མ་བཏང་བར་དྲིལ་བསྒྲགས་བྱས་ཚར་ཡོད་པ་སྨོས་ཅི་དགོས། ཁོང་ཚོས་གནད་དོན་གཞན་བརྗོད་རྒྱུ་མ་རྙེད་པར། དེ་སྔོན་བྱིས་པ་ཞིག་དང་མཉམ་དུ་རིག་གནས་མི་འདྲ་བའི་དབང་གིས་ལྟ་ཚུལ་མི་འདྲ་བ་བྱུང་བའི་གནད་དོན་དེ་དང་། ད་ཐེངས་ཀྱི་་གནས་ཚུལ་གཉིས་མཉམ་དུ་སྦྱར་ཏེ། ཨེབྶི་ཊེན་ནི་ཆགས་སྲེད་དང་འབྲེལ་བའི་ཉེས་ཅན་པ་ཞིག་ཡིན་པར་བརྟེན། ༧གོང་ས་མཆོག་གི་མཚན་ཁོའི་ཐོའི་ནང་ཐོན་པ་དེ་ཆགས་སྲེད་དང་འབྲེལ་བ་ཡོད་པའི་དོགས་པ་བཟོ་བའི་ཐབས་ཇུས་བྱེད་བཞིན་པ་ཞིག་རེད།
སྤྱི་ཚོགས་དྲ་བའི་ནང་བོད་མི་ཁ་ཤས་ཀྱིས་ཁ་ལས་ཚིག་མགྱོག་པ་བྱས་ཏེ་འདྲ་མིན་ཤོད་མཁན་ཡོད་ཚོད་འདུག བོད་མི་ཚོས་དྲན་དགོས་པ་ནི། ༧གོང་ས་མཆོག་གིས་འཛམ་གླིང་ཡུལ་གྲུ་གང་སར་དཀའ་བ་ཁྱད་བསད་ཀྱིས་ཕེབས་བཞུད་གནང་བ་དང་། མི་མཐོ་དམན་གྲངས་ལས་འདས་པ་མཇལ་འཕྲད་གནང་བ་འདི་དག་བོད་དང་བོད་མི་དམངས་ཀྱི་དོན་དུ་རེད། ཨེབྶི་ཊེན་ནི་འཛམ་གླིང་འདིའི་ཐོག་གི་མི་ཆེན་ཕལ་ཆེ་བ་དང་འབྲེལ་བ་བཟོ་མཁན་ཞིག་ཡིན་ཙང་། བོད་ལ་རྒྱབ་སྐྱོར་བྱེད་མཁན་འབྲེལ་ཡོད་མི་སྣས་བོད་ལ་རྒྱབ་སྐྱོར་ཨི་རག་བསམ་ནས་༧གོང་ས་མཆོག་ཁོ་པ་ལ་ངོ་སྤྲོད་ཞུས་ཡོད་སྲིད་པ་ཞིག་རེད།
ཐེངས་འདིའི་༧གོང་ས་མཆོག་དང་འབྲེལ་བའི་ཡིག་ཆ་མང་པོ་ཞིག་ Joichi Ito ཟེར་བའི་ཉི་ཧོང་གི་མ་འཛུགས་ཚོང་པ་ཞིག་ཨེབྶི་ཊེན་ལ་བཏང་བའི་ཡི་གེའི་ནང་ཡོད་སྐད། ཁོང་ནི་འབྲུག་ཡུལ་དུ་དྲན་པ་ཉེར་བཞག་གི་ཚོགས་པ་ཞིག་གི་འགན་འཛིན་ཡང་ཡིན་པ་རེད་ལ། ཨེབྶི་ཊེན་གྱི་ས་ནས་ཨ་སྒོར་ས་ཡ་གཅིག་དང་འབུམ་བདུན་ཞལ་འདེབས་བླངས་ཡོད་པ་རེད། དེར་བརྟེན་མི་འདི་དག་གིས་༧གོང་ས་མཆོག་གི་མཚན་ནང་ཆོས་དང་འབྲེལ་བའི་ལས་དོན་གྱི་ཆེད་དུ་བེད་སྤྱོད་བཏང་ཡོད་ངེས་རེད།
ཐེངས་འདིར་ཕྱིར་ཐོན་བྱུང་བའི་ཡི་གེ་དེ་དག་ནང་ང་ཚོས་དོ་སྣང་བྱེད་འོས་པ་ཞིག་ནི། ཨ་རིར་སྡོད་མཁན་རྒྱ་གར་བ་དྷི་པག་ཆོབ་ར་ (Deepak Chopra) ཟེར་བ་རྟག་པར་རྡ་རམ་ས་ལར་བཅར་ནས་༧གོང་ས་མཆོག་ལ་མཇལ་འཕྲད་ཞུ་མཁན་དེས། ཨེབྶི་ཊེན་ལ་བཏང་བའི་ཨེས་མིལ་ནང་། ཁོ་རང་ཆེན་པོ་ཡིན་མདོག་དང་༧གོང་ས་མཆོག་གིས་ནང་ཆོས་མཁྱེན་གྱི་མེད་ཚུལ་གྱི་སྨད་ར་བཏང་འདུག ངས་བསམ་ན། ཨེབྶི་ཊེན་གྱིས་ཁོ་རང་ལ་ཆོས་ཞུ་བའི་གྷུ་རུ་ལ་བཀུར་རོགས་བྱས་ན་སྙམ་པ་མིན་ནམ་སྙམ། གང་ལྟར་ཆོབ་ར་ཡིས་ད་བར་༧གོང་ས་མཆོག་གི་མཚན་ཐེངས་མང་བེད་སྤྱད་ནས་རང་ཉིད་ཆེན་པོ་བཟོས་པ་དང་། ཨ་རིའི་ནང་ཆོས་ཚོགས་ཆེན་པོ་བཙུགས་པ། དེབ་མང་པོ་བྲིས་པ་སོགས་བྱས་ཏེ་མི་མང་པོའི་གྷུ་རུ་(བླ་མ)་བྱེད་མཁན་ཞིག་གིས། རྒྱབ་ལོགས་སུ་༧གོང་ས་མཆོག་ལ་དམའ་འབེབས་དེ་འདྲ་བྱེད་ཀྱི་ཡོད་པ་ཐེར་འདོན་བྱུང་འདུག།
ཡེ་ཤེས་རྡོ་རྗེའི་ངོ་དེབ་ལས་དྲངས་ཤིང་མི་བཟོས་རིག་ནུས་ཀྱིས་དབྱིན་ཡིག་ཏུ་བསྒྱུར་བའོ།།
02/02/2026
DALAI LAMA Wins BEST AUDIOBOOK, NARRATION & STORYTELLING RECORDING | 2026 GRAMMYs RUFUS WAINWRIGHT delivers an acceptance speech after winning the GRAMMY for BEST AUDIOBOOK, NARRATION & STORYTELLING RECORDING for MEDITATIONS: THE REFLECTIO...
02/02/2026
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ཀུན་ཁྱབ་འགན་ཁྲིད་དང་སྙིང་རྗེའི་རླབས་ཆེན་མཛད་རྗེས་ལ་ཆེ་བསྟོད་དུ་གྷ་ར་མི་གཟེངས་རྟགས་ཐོབ་འདུག
གྷ་ར་མི་གཟེངས་རྟགས་དེ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐུགས་དགོངས་ཟབ་མོ་ཞེས་སྒྲ་འཇུག་དེབ་རྩོམ་ལེགས་ཤོས་སུ་ངོས་འཛིན་གནང་བ་ཞིག་ཡིན་པ་རེད་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་༸གང་ཉིད་མཆོག་ལ་ངོས་འཛིན་དེ་ལྟར་ཐོབ་པར་ལེགས་གསོལ་དང་གུས་པའི་ངང་ནས་གཟེངས་རྟགས་འདི་བཞེས་ཀྱི་ཡོད་ཅེས་བཀའ་སྩལ་བའི་ཐོག དེ་༸གང་ཉིད་མཆོག་གི་སྐུ་སྒེར་གྱི་གནས་ཚུལ་ཞིག་ལ་དགོངས་བཞེས་མཛད་ཀྱི་མེད་ཅིང་། དེ་ནི་ང་ཚོ་ཚང་མའི་ཐུན་མོང་གི་ཀུན་ཁྱབ་འགན་འཁྲིར་ངོས་འཛིན་ཐོབ་པ་ཞིག་ལ་གཟིགས་ཀྱི་ཡོད་ཅེས་བཀའ་སྩལ་འདུག
ལྷག་པར་༸གོང་ས་མཆོག་གིས་ཞི་བདེ་དང་། སྙིང་རྗེ། ཁོར་ཡུག་བདག་སྐྱོང་། དེ་བཞིན་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བཅས་ནི་མི་ཐེར་འབུམ་ ༨ ཡོངས་རྫོགས་ཀྱི་བདེ་དོན་ལ་གལ་གནད་ཆེན་པོ་ཞིག་ཡིན་པར་ཡིད་ཆེས་བརྟན་པོ་མཛད་ཀྱི་ཡོད་སྟབས། གཟེངས་རྟགས་འདིའི་བརྒྱུད་ནས་བརྡ་ལན་དེ་དག་ཁྱབ་སྤེལ་རྒྱ་ཆེར་ཐུབ་རྒྱུར་ཕན་ཐོགས་ཡོད་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་འདུག
His Holiness the Dalai Lama has won a Grammy Award for Best Audiobook, Narration and Storytelling Recording for Meditations: The Reflections of His Holiness the Dalai Lama. Receiving the recognition with gratitude and humility, he said he does not view the award as a personal achievement, but as an acknowledgement of humanity’s shared responsibility. The Dalai Lama expressed hope that the Grammy recognition would help further spread messages of peace, compassion, care for the environment, and the oneness of humanity for the collective well-being of all eight billion people.
28/01/2026
གསོལ་འདེབས་བདེན་པའི་རྔ་སྒྲ།
༄༅། །མཁྱེན་བརྩེའི་ཡོན་ཏན་མཐར་ཐུག་ཀུན་རྫོགས་ཤིང༌། །པད་དཀར་ལྟར་བསྔགས་ཡིད་ཅན་ཀུན་གྱི་མགོན། །རྟེན་འབྱུང་གཏམ་གྱིས་སྡུག་ཀུན་གཞིལ་མཛད་པའི། །རྣམ་འདྲེན་ཤཱཀྱ་སེངྒེ་སྤྱི་བོས་མཆོད། །ཁྱོད་བསྟན་བྱང་ནས་བྱང་དུ་དར་འགྱུར་ཞེས། །ཇི་ལྟར་དཔལ་གྱི་མགུར་ནས་དབུགས་དབྱུང་ལྟར། །ཁ་བའི་ལྗོངས་སུ་རྒྱལ་བསྟན་ཡོངས་ཁྱབ་སྟེ། །འཛམ་གླིང་རྒྱན་དུ་གྱུར་པ་སྐལ་པ་བཟང༌། །དེ་ལྟ་ན་ཡང་དཀར་མིན་ལས་དབང་གིས། །དེང་འདིར་རྒྱལ་བསྟན་ཉམས་ཤིང་སྣོད་བཅུད་ཀུན། །སྡུག་ཟད་འཇིག་ཉེའི་ཉམ་ངའི་ངང་ཚུལ་འདི། །བརྩེ་ཆེན་ཐུགས་རྗེས་སྐྱོབ་པའི་དུས་ལ་བབས། །དེ་སླད་བདག་ཅག་གངས་ལྗོངས་ལྷ་མི་ཀུན། །ལྷག་བསམ་དད་གདུང་དྲག་པོས་ཉེར་བཟླུམས་ཏེ། །བདེ་གཤེགས་མཚན་བཟང་གཙུག་གཏོར་གསེར་སྦྱངས་ཏོག །དྲང་སྲོང་སྣོད་མཆོག་ངུར་སྨྲིག་གོས་བཟང་བཅས། །ཕུལ་བའི་ཚོགས་གཉིས་རྒྱ་ཆེན་གང་མཆིས་དང༌། །གཞན་ཡང་དུས་གསུམ་དང་འབྲེལ་དགེ་ཚོགས་ཀུན། །ལྷར་བཅས་འགྲོ་བའི་ཕན་བདེ་འབྱུང་བའི་གནས། །རྒྱལ་བསྟན་མི་ནུབ་ཡུན་དུ་གནས་ཕྱིར་བསྔོ། །མཁའ་ཁྱབ་ལུས་ཅན་སྤྱི་དང་ཁྱད་པར་དུ། །འཛམ་བུའི་སྒྲས་བསྟན་གླིང་འདིའི་སྐྱེ་འགྲོ་ཀུན། །བྱམས་དང་སྙིང་རྗེའི་བསམ་སྦྱོར་གོང་འཕེལ་ནས། །འཁྲུག་རྩོད་གནོད་འཚེ་ནམ་ཡང་མི་འབྱུང་ཤོག །དབུལ་ཕོངས་ཉམ་ཐག་བཙན་གནོན་མནར་གཅོད་དང༌། །སྣོད་ཀྱི་རྒུད་པས་ནད་ཡམས་འབྱུང་འཁྲུགས་སོགས། །ཕྱི་ནང་འགལ་རྐྱེན་རྒུད་ཚོགས་ཀུན་ཞི་ནས། །ཐམས་ཅད་དགའ་བདེའི་དཔལ་ལ་རྟག་རོལ་ཤོག །རིས་སུ་མ་ཆད་ཕྱི་ནང་ཆོས་ཚུལ་ལ། །ཞུགས་ཀུན་ཕན་ཚུན་གཉེན་གཤིན་འདུ་ཤེས་ཀྱིས། །དག་སྣང་ནོར་བུའི་འོད་དང་མི་འབྲལ་བར། །གཅིག་ཏུ་འགྲོ་ཕན་བྱ་བར་ལྷུར་ལེན་ཤོག །ལྷག་པར་བསིལ་ལྡན་ལྗོངས་སུ་རྒྱལ་བའི་བསྟན། །ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཞིང༌། །ཆོས་སྲིད་རང་དབང་བདེ་སྐྱིད་གསར་པ་ཡིས། །བོད་འབངས་འཕྲལ་ཡུན་འདོད་དོན་མྱུར་འགྲུབ་ཤོག །གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས། །འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན། །ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང༌། །སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག །ཆོས་ཀྱི་ཞིང་དུ་ཆོས་མིན་ཉེས་སྤྱོད་ཚོགས། །ཆོས་ཀྱིས་ཞི་ཞིང་ཆོས་སྲིད་ལེགས་ཚོགས་ཀུན། །ཆོས་ལྡན་ཡིད་བསམ་ཆོས་བཞིན་མྱུར་འགྲུབ་སྟེ། །ཆོས་ཀྱི་བདེན་པས་ཆོས་མིན་མཐར་བྱེད་ཤོག །ཅེས་པ་འདི་ཤཱཀྱའི་དགེ་སློང་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས་བོད་རྒྱལ་ལོ་ ༢༡༣༡ ཤིང་སྤྲེལ་ཟླ་བ་ ༡༢ ཚེས་ ༡༥ ཕྱི་ལོ་ ༢༠༠༥ ཕྱི་ཟླ་ ༡ ཚེས་ ༢༥ ཉིན་སྤྱི་སྒོས་བསྟན་འགྲོའི་ཆེད་དུ་དམིགས་ཏེ་གནས་མཆོག་རྡོ་རྗེ་གདན་གྱི་རྟེན་མཆོག་སྤྱན་སྔར་གསོལ་བ་བཏབ་པ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག།