Kyara Gyaltsen

Kyara Gyaltsen Contact information, map and directions, contact form, opening hours, services, ratings, photos, videos and announcements from Kyara Gyaltsen, School, Arunachal, Hubli.

བཙན་པོ་ཁྲི་ལྡེ་སྲོང་བཙན་སྐབས་ཀྱི་སྤྱི་ལོ་༨༠༨ཡན་མན་ཙམ་དུ་བོད་དམག་གིས་ཐང་གི་བྱང་ཁུལ་གྱི་ས་ཆ་ཡོངས་རྫོགས་ལ་དབང་བསྒྱུར་བྱས་པའ...
24/05/2024

བཙན་པོ་ཁྲི་ལྡེ་སྲོང་བཙན་སྐབས་ཀྱི་སྤྱི་ལོ་༨༠༨ཡན་མན་ཙམ་དུ་བོད་དམག་གིས་ཐང་གི་བྱང་ཁུལ་གྱི་ས་ཆ་ཡོངས་རྫོགས་ལ་དབང་བསྒྱུར་བྱས་པའི་ས་ཁྲ།
རྒྱའི་ཐང་རྒྱལ་རབས་ཀྱི་ས་ཁྲ་ལས་བཏུས།

ཆར་སྤྲིན་གྱི་མལ་དུ་ལྷིང་འཇགས་པའི་རི་ལུང་།པར་སྐྱ་ར།
17/05/2024

ཆར་སྤྲིན་གྱི་མལ་དུ་ལྷིང་འཇགས་པའི་རི་ལུང་།
པར་སྐྱ་ར།

01/04/2024

གསུམ་པའི་བཅུ་ལ་ཅི ཞིག་ཤོར་རམ།
བཞི་པའི་གཅིག་ལ་ཅི་ཞིག་འཆོར་རམ།
བོད་པ་ཚོ། གཉིད་མ་སྡོད།

ཆོས་འཕྲུལ་དུས་ཆེན།ཆོས་འཕྲུལ་དུས་ཆེན་ནི་སྟོན་པས་གཉན་ཡོད་དུ་མུ་སྟེགས་ཀྱི་སྟོན་པ་རྫོགས་བྱེད་དང༌། གནག་ལས་སྐྱེས། རྒྱལ་བ་ཅན། ག...
24/02/2024

ཆོས་འཕྲུལ་དུས་ཆེན།
ཆོས་འཕྲུལ་དུས་ཆེན་ནི་སྟོན་པས་གཉན་ཡོད་དུ་མུ་སྟེགས་ཀྱི་སྟོན་པ་རྫོགས་བྱེད་དང༌། གནག་ལས་སྐྱེས། རྒྱལ་བ་ཅན། གཉེན་གྱི་བུ། ནོག་ཅན། སྐྲའི་ལ་བ་ཅན་དྲུག་འཁོར་དངབཅས་པ་ཆོ་འཕྲུལ་གྱིས་ཕམ་པར་མཛད་པའི་དུས་ཁྱད་པར་ཅན་དེར་ཆོ་འཕྲུལ་དུས་ཆེན་དུ་འབོད།
བདག་ཅག་གི་སྟོན་པ་མངོན་པར་རྫོགས་པའི་སངས་རྒྱས་ནས་ལྔ་སྡེ་སོགས་འགྲོ་བ་མང་པོ་ཐར་པའི་ལམ་དུ་འགོད་པར་མཛད། སྟོན་པ་འཁོར་དང་བཅས་པ་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་ན་བཞུགས་པའི་ཚེ། མུ་སྟེགས་ཀྱི་སྟོན་པ་རྫོགས་བྱེད་སོགས་དྲུག་པོ་ཕྲག་དོག་གིས་ཡིད་དཀྲུགས་ཏེ་སྟོན་པ་ལ་འགྲན་པར་འདོད་ཅིང་། བདུད་སྡིག་ཅན་རཉནམས་ཀྱིས་ཀྱང་མུ་སྟེགས་ཀྱི་སྟོན་པ་དྲུག་པོའི་རྒྱུད་བསྐུལ་ཏེ། སྟོན་པ་ལ་འགྲན་པའི་བསམ་པ་ཆེས་ཆེར་བསྐྱེད་པས་མུ་སྟེགས་ཀྱི་སྟོན་པ་དྲུག་པོས་རྒྱལ་པོ་གཟུགས་ཅན་སྙིང་པོའི་དྲུང་དུ་ཕྱིན་ཏེ། རྒྱལ་པོ་བདག་ཅག་དང་གཽ་ཏ་མ་གཉིས་ཀ་ཤེས་པར་སྨྲ་བ་ཡིན་ན་ལྷན་ཅིག་ཏུ་རྫུ་འཕྲུལ་འགྲན་དུ་བཞུགས་པ་རིགས་སོ་ཞེས་བརྗོད་པ་རྒྱལ་པོས་བཅོམ་ལྡན་འདས་ལ་གསོལ་བས་སྟོན་པས་མཐར་ཞག་བདུན་ནས་རྫུ་འཕྲུལ་སྟོན་པར་ཞལ་གྱིས་བཞེས།
དེ་ནས་རྒྱལ་པོས་ཞག་བདུན་བར་མཉན་ཡོད་དང་རྒྱལ་བྱེད་ཚལ་བར་ཆོ་འཕྲུལ་གྱི་འདུ་ཁང་ཆེན་པོ་ལྷའི་ཁང་བཟང་ལྟ་བུ་བྱས། གསེར་གྱི་སེངྒེའི་ཁྲི་བཤམས། མུ་སྟེགས་པས་ཀྱང་འདུ་ཁང་དྲུག་དང་གདན་ཁྲི་བཤམས་སོ། །དེ་ལྟར་ཞག་བདུན་འདས་པའི་ནང་པར་བཅོམ་འདས་འཁོར་བཅས་སྤྱན་འདྲེན་པར་བྲམ་ཟེའི་ཁྱིའུ་བླ་མ་ཞེས་པ་བཏང་བས། ༧དགུན་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་གཅིག་ལ་བཅོམ་ལྡན་འདས་བྱ་ངང་པའི་རྒྱལ་པོ་ལྟར་མཁའ་ལས་ཆོ་འཕྲུལ་གྱིས་གནས་དེར་གཤེགས། བཅོམ་ལྡན་འདས་མེའི་ཁམས་ལ་སྙོམས་པར་བཞུགས་པས་སྒོ་གསེབ་ནས་མེ་འོད་བྱུང་སྟེ་ཆོ་འཕྲུལ་འདུ་ཁང་གི་ཕྱི་ནང་ཐམས་ཅད་དུ་མེ་དཔུང་འབར་བར་གྱུར་པ་སྤྲུལ་པ་མཛད་དང༌། ༧ཚེས་གཉིས་ལ་རི་མཐོ་ལྗོན་ཤིང་འབྲས་བུས་གང་བ་སྤྲུལ། ༧ཚེས་གསུམ་ལ་རིན་པོ་ཆེའི་རྫིང་བུ་དཔག་ཚད་ཉིས་བརྒྱ་པདྨས་བརྒྱན་པ་སྤྲུལ། ༧ཚེས་བཞི་ལ་རིན་པོ་ཆེའི་རྫིང་གི་ཕྱོགས་བཞིའི་ཡུར་བ་ལས་ཆུ་འབབ་པ་ལས་ཆོས་ཀྱི་སྒྲ་ཕྱུང་ནས་ཕྱིར་རྫིང་ཉིད་དུ་འབབ་པ་སྤྲུལ། ༧ཚེས་ལྔ་ལ་བཅོམ་ལྡན་འདས་ཀྱི་ཞལ་ནས་གསེར་གྱི་འོད་བཀྱེ་བས་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་སྤྲུལ། ༧ཚེས་དྲུག་ལ་འཁོར་ཁྲི་སྟོང་མང་པོ་དག་གཅིག་གི་བསམ་པ་གཅིག་གིས་ཤེས་ཤིང༌། སོ་སོའི་དགེ་སྡིག་གི་ལས་ཀྱང་རྟོགས་པར་མཛད། ༧ཚེས་བདུན་ལ་འཁོར་དེ་དག་སོ་སོ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཏེ་རིན་པོ་ཆེ་སྣ་བདུན་དང་ལྡན་ཞིང༌། རྒྱལ་ཕྲན་དང་བློན་པོ་རྣམས་ཀྱི་བསྟི་སྟངས་བྱེད་པར་མཐོང་བས་སྤྲོ་བ་སྐྱེས་པར་མཛད། ༧ཚེས་བརྒྱད་ལ་བརྒྱ་བྱིན་གྱིས་སྤྱན་དྲངས་ཏེ་བཅོམ་ལྡན་འདས་ཀྱིས་ཞབས་གཡས་པ་དྲི་གཙང་ཁང་གི་ནང་དུ་བསྣུན་མ་ཐག་ས་གཡོས་པས་སྟོན་པ་དྲུག་པོས་བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་བཀྱེ་བས་དེ་རྣམས་ཀྱིས་བཅོམ་ལྡན་འདས་ཉི་མ་ལྟར་མཛེས་པ་མཐོང་ནས་དད་པས་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་སར་འགོད། ༧ཚེས་དགུ་ལ་ཚངས་པས་བསྙེན་བཀུར་བ་ན་བཅོམ་ལྡན་འདས་ཀྱི་སྐུ་ཚངས་གནས་ལ་ཐུག་གི་བར་དུ་མཐོ་བ་འོད་ཟེར་གྱིས་གནམ་ས་གསལ་བར་མཛད་དེ་ཆོས་བསྟན། ༧ཚེས་བཅུ་ལ་རྒྱལ་ཆེན་བཞིས་བསྙེན་བཀུར་བ་ན་སྲིད་པའི་རྩེ་ལ་ཐུག་གི་བར་གྱི་སྐུ་ལས་འོད་ཟེར་འབར་བར་འགྱུར་བར་མཛད། ༧ཚེས་བཅུ་གཅིག་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསྙེན་བཀུར་བ་ན་སེངྒེའི་ཁྲི་ལ་བཞུགས་བཞིན་དུ་སྐུ་མི་སྣང་བར་མཛད་ནས་འོད་བཀྱེ་སྟེ་ཆོས་བསྟན། ༧ཚེས་བཅུ་གཉིས་ལ་ཁྱིམ་བདག་ཙི་ཏས་བསྙེན་བཀུར་བ་ན་བཅོམ་ལྡན་འདས་བྱམས་པའི་ཏིང་ངེ་འཛིན་ལ་གནས་པར་མཛད། ༧ཚེས་བཅུ་གསུམ་ལ་རྒྱལ་པོ་ཤུན་ཙི་ད་ལས་བསྙེན་བཀུར་བ་ན་སྟོན་པ་སེངྒེའི་ཁྲི་ལ་བཞུགས་པའི་སྐུའི་ལྟེ་བ་ནས་འོད་ཟེར་གཉིས་བྱུང་ཞིང༌། དེ་གཉིས་ལས་ཀྱང་འོད་ཟེར་བྱུང་བས་སྟོང་ཆེན་པོའི་འཇིག་རྟེན་གང་བར་སྤྲུལ། ༧ཚེས་བཅུ་བཞི་ལ་རྒྱལ་པོ་ཨུ་ཏྲཱ་ཡ་ནས་བསྙེན་བཀུར་བ་ན་དེས་མེ་ཏོག་གཏོར་བ་དེ་དག་ཚངས་པའི་འཇིག་རྟེན་ལ་ཐུག་པའི་ནོར་བུ་རིན་པོ་ཆེས་སྤྲས་པ་སྟོང་ཉིས་བརྒྱ་ལྔ་བཅུར་གྱུར་ཅིང༌། དེ་རེ་རེའི་སྟེང་དུ་སྤྲུལ་པའི་སངས་རྒྱས་རེ་རེ་བཞུགས་ཏེ་འོད་ཀྱིས་སྟོང་གསུམ་མཐོང་བར་མཛད། ༧ཚེས་བཅོ་ལྔ་ལ་རྒྱལ་པོ་གཟུགས་ཅན་སྙིང་པོས་བསྙེན་བཀུར་བ་ན་སྣོད་ཐམས་ཅད་ཟས་རོ་བརྒྱ་དང་ལྡན་པས་གང་སྟེ་ཆོ་འཕྲུལ་ལྟ་བའི་འཁོར་ཐམས་ཅད་ཚིམས་པ་སོགས་རྫུ་འཕྲུལ་སྣ་ཚོགས་འགྲན་ཟླ་བྲལ་བ་སྟོན་པར་མཛད་པས་མུ་སྟེགས་པའི་སྟོན་པ་དྲུག་འཁོར་བཅས་པ་ཆོ་འཕྲུལ་གྱིས་མཛད་པས་ཕམ་པར་མཛད།
དེ་ལྟར་བོད་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཉིན་རེར་ཆོ་འཕྲུལ་མི་འདྲ་བ་རེ་རེ་བསྟན་ཏེ་ཕྱི་ནང་གི་གདུལ་བྱ་བགྲང་ལས་འདས་པ་༸ར་པའི་ལམ་ལ་འགོད་པར་མཛད་དོ།།

人是漂泊的小船,家是温柔的港湾。儿是船上的游客;妈是雄伟的船长。Man is a drifting boat,Home is a gentle harbor.Children are tourists on board;Mom's a ma...
22/02/2024

人是漂泊的小船,
家是温柔的港湾。
儿是船上的游客;
妈是雄伟的船长。

Man is a drifting boat,
Home is a gentle harbor.
Children are tourists on board;
Mom's a majestic captain.

04/11/2023

Address

Arunachal
Hubli
796110

Telephone

+919863767644

Website

Alerts

Be the first to know and let us send you an email when Kyara Gyaltsen posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share

Category