22/05/2026
We are pleased to welcome 12 students from the Emory University Tibetan Mind Body and Science (TMBS) Summer Program, who arrived on May 18, 2026. During their stay, the students will engage in the study of Tibetan Buddhist philosophy, culture, and traditional healing practices, while also deepening their understanding through educational field trips and cultural immersion experiences.
The TMBS Summer Program began in 2009, and over the years many students from Emory University have participated in this unique academic and cultural exchange program.
22/05/2026
We are delighted to welcome 12 students from the Emory University Tibetan Mind, Body, and Science (TMBS) Summer Program, who arrived on May 18, 2026.
During their stay, students will engage in the study of Tibetan Buddhist philosophy, culture, and traditional healing practices, while also deepening their understanding through cultural immersion and educational field trips.
The TMBS Summer Program has been fostering cross-cultural learning and exchange since 2009.
19/05/2026
༄༅། །ལོ་རྒྱུགས་གཙུག་ལག་རབ་འབྱམས་པ་དང་རྩོམ་རིག་གཙུག་ལག་རབ་འབྱམས་པའི་སློབ་མ་གསར་བསྡུའི་གསལ་བསྒྲགས།
Educational Programs – Sarah: College for Higher Tibetan Studies
The College for Higher Tibetan Studies (CHTS) at Sarah offers the following short-term and long-term programs leading to certificates, diplomas, advanced diplomas, and degrees:
19/05/2026
༄༅། ། གཙུག་ལག་རབ་འབྱམས་པའི་སློབ་མ་གསར་བསྡུའི་གསལ་བསྒྲགས།
MA Tibetan History and MA Tibetan Literature Admission Announcement
15/05/2026
༄༅། །བོད་ཀྱི་ཆོས་བརྒྱུད་རིས་སུ་མ་ཆད་པའི་དབུ་འཁྲིད་བླ་ཆེན་རྣམ་པ་ལྷན་འཛོམས་ཀྱི་ཆོས་ཚོགས་དགོངས་དོན་ལྟར། དབུས་བོད་མིའི་སྒྲིག་འཛུགས་དཔལ་ལྡན་ཆོས་རིག་ལས་ཁུངས་དང་ས་རཱ་བོད་ཀྱི་མཐོ་སློབ་མཉམ་སྦྲེལ་གྱིས་རིས་མེད་ཆོས་སྡེ་ཁག་གི་འཛིན་སྐྱོང་དང་སློབ་ཁྲིད་ཀྱི་འགན་ཡོད་དགེ་བཙུན་མང་དག་ལ་གཞི་རིམ་སློབ་ཁྲིད་ཐབས་ལམ་ཟབ་སྦྱོང་འབུལ་སྲོལ་ལྟར། འདི་ལོ་སྐབས་གསུམ་པའི་ཟབ་སྦྱོང་ལ་ཕེབས་པའི་དགེ་བཙུན་གྲངས་བཅུ་གཉིས་ལ་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༤ ནས་ཟླ་ ༥ ཚེས་ ༡༥ བར་ཉིན་གྲངས་ཞེ་ལྔའི་རིང་ཟབ་སྦྱོང་འབུལ་སྐབས། ༡། ཤེས་རིག་ཤེས་ཡོན་ཚན་པའི་ལས་བྱེད་སྡེ་འགན་བསོད་ནམས་གང་བཟང་ལགས་ཀྱིས་བྱིས་པའི་ཀློག་རྩལ་དང་འབྲེལ་བའི་སློབ་ཁྲིད། ༢། ཤེས་རིག་མདུན་ལམ་ཚན་པའི་བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས་དམིགས་བསལ་ཤེས་ཡོན་(Inclusive Education)སྐོར། ༣། འབུམ་རམས་པ་སྐལ་བཟང་དབང་འདུས་ལགས་ཀྱིས་སློབ་ཁྲིད་རིག་པ།(Teaching Pedagogy) ༤། རྒན་བསྟན་འཛིན་ཆོས་གྲགས་ལགས་ཀྱིས་དགེ་རྒན་ལ་ཉེ་བར་མཁོ་བའི་རྩོམ་རིག ། ༥། གཙུག་ལག་སློབ་དཔོན་འབུམ་རམས་པ་ཚེ་དབང་སྟོབས་ལགས་ཀྱིས་གཞུང་འབྲེལ་ཡིག་བཟོ། ༦། བརྡ་སྤྲོད་སློབ་དཔོན་ཡོན་ཏན་དབང་ཕྱུག་ལགས་ཀྱིས་སྐད་ཡིག་དང་བརྡ་སྤྲོད་འཁྲིད་ཐབས་སློབ་ཁྲིད། ༧། ཨིན་དགེ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་སློབ་འཁྲིད་རིག་པ་དང་། དམིགས་ཡུལ་གཞི་རྩར་བཟུང་བའི་སློབ་ཁྲིད་(Objective – Based Teaching)སྐོར། ༨། ལྟ་གྲུབ་སློབ་དཔོན་དགེ་བཤེས་མཚན་ལེགས་ལགས་ཀྱིས་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་དང་། དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར།(Cognitive Based Compassion Training)) ༩། རེད་མདོ་སེངྒེ་ལགས་ཀྱིས་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེས་རྩོམ་སྒྲིག་གནང་བའི་སློབ་དེབ་བློ་གསལ་མགུལ་རྒྱན་ངོ་སྤྲོད། ༡༠། དགེ་བཤེས་འཇིགས་མེད་བློ་གྲོས་ཀྱིས་རབ་བྱུང་གཞོན་ནུ་སྐྱེད་སྲིང་བྱེད་ཐབས་སྐོར་བཅས་གོང་གསལ་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་གཏམ་བཤད་དང། སློབ་ཁྲིད་བར་སེང་སྐབས་རྡ་སྟེང་བོད་ཁྱིམ་དང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་གཉིས་སུ་སློབ་ཁྲིད་རྟོག་ཞིབ་སྐོར་བསྐྱོད་ཀྱང་ཞུ་ཐུབ་པ་བྱུང་ཡོད།
ཉིན་གྲངས་ཞེ་ལྔའི་ཟབ་སྦྱོང་འདིའི་རིང་གཞི་རིམ་སློབ་ཁྲིད་ཐབས་ལམ་ལ་ཉེ་བར་མཁོ་བའི་བརྗོད་གཞི་སྣ་ཚོགས་ལ་སློབ་གཉེར་དང་མཐོང་ཐོས་མྱོང་གསོག་ཞུས་མཐཪ། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༥ ཉིན་ཟབ་སྦྱོང་མཇུག་སྡོམ་གྱི་མཛད་སྒོ་ཚོགས་ཤིང་། མཛད་སྒོའི་སྟེང་དཔལ་ལྡན་ཆོས་རིག་དྲུང་ཆེ་སྐུ་ངོ་བདུད་འདུལ་རྡོ་རྗེ་མཆོག་ཆེད་ཕེབས་ཀྱིས་མཇུག་སྡོམ་གསུང་བཤད་དང་། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་ཟབ་སྦྱོང་རིང་གི་བྱུང་རིམ་གནས་ཚུལ་སྐོར་གསུང་བཤད། ཟབ་སྦྱོང་ལ་ཕེབས་པའི་དགེ་བཙུན་འགའ་ཞིག་གིས་མཐོང་ཐོས་མྱོང་ཚོར་གསུང་བཤད་བཅས་ཟབ་སྦྱོང་སྦྱོར་དངོས་རྗེས་གཙང་ལེགས་པར་གྲུབ་ཡོད།
ཟབ་སྦྱོང་འདིས་ཟབ་སྦྱོང་ལ་དངོས་སུ་ཕེབས་མཁན་རྣམ་པའི་ཤེས་ཡོན་རྣམ་དཔྱོད་གོང་སྤེལ་ལ་སྨན་པ་སྨོས་ཅི། དེ་དག་གིས་འཛིན་སྐྱོང་དང་སློབ་ཁྲིད་གནང་ཡུལ་ཚོགས་སྡེ་དང་རབ་བྱུང་ན་གཞོན་ཕོ་མོ་རྣམས་ཀྱི་མདུན་ལམ་ལའང་ཕན་ཐོགས་རྒྱ་ཆེ་འབྱུང་ངེས་ཡིད་ཆེས་དང་སྨོན་ལམ་ཞུ།
13/04/2026
༄༅། །སྲིད་ཞིའི་རྣམ་འདྲེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་སྐུའི་གོ་སྟོན་དང་བསྟུན་དབུས་བོད་མིའི་སྒྲིག་འཛུགས་ནས་འདི་ལོ་བྱམས་བརྩེའི་ལོར་སྲུང་བརྩི་ཞུ་རྒྱུའི་གཏན་འབེབས་གནང་དོན་ལྟར། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དགེ་ལས་སློབ་མ་ཡོངས་ནས་ལས་རིམ་དེའི་ཆ་ཤས་སུ་ཕྱི་ལོ་ ༢༠༢༥ ཟླ་ ༧ ནས་ ༢༠༢༦ ཟླ་ ༣ བར་བོད་དང་བོད་མིའི་མགྲིན་ཚབ་ཅེས་པའི་རྣམ་ཐར་གྱི་ལེ་ཚན་ཆ་ཚང་ལ་སློབ་གཉེར་དང་། ཟླ་རེའི་སྤེན་པ་གསུམ་པ་ནམ་ཡིན་གྱི་ཚོགས་ཐེངས་ཡོངས་རྫོགས་རྣམ་ཐར་གྱི་བརྗོད་དོན་ལ་བགྲོ་གླེང་གཏམ་བཤད་ཞུ་བའི་ལས་རིམ་ནང་བཏང་སྟེ། ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༡ ཉིན་ལས་རིམ་མཇུག་སྡོམ་གྱི་མཛད་སྒོ་ཞིག་ཚོགས་ཤིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་དང་། རིགས་སློབ་མ་ལག་གི་སྤྱི་ཁྱབ་དབུ་འཛིན་དགེ་བཤེས་བསམ་གཏན་རྒྱ་མཚོ་མཆོག །དཔལ་ལྡན་ཆོས་རིག་ཟུང་དྲུང་བསྟན་འཛིན་སྒྲོལ་དཀར་ལགས། དཔལ་ལྡན་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་བཅས་ཆེད་ཕེབས་ཀྱིས་བཀའ་སློབ་དང་། རྣམ་ཐར་གྱི་ལེ་ཚན་ཡོངས་རྫོགས་ལ་ཟིན་བྲིས་རྩེ་ཕུད་གནང་མཁན་སློབ་མ་གསུམ་ལ་གཟེངས་བསྟོད་ཕྱག་འཁྱེར་དང་བྱ་དགའ། རྣམ་ཐར་སློབ་གཉེར་སྡེ་ཚན་བཞིར་བགོས་པའི་སྡེ་ཚན་སོ་སོའི་ཟིན་བྲིས་རྩེ་ཕུད་གནང་མཁན་སློབ་མ་བཞི་ལ་གཟེངས་བསྟོད་ཕྱག་འཁྱེར་དང་བྱ་དགའ། རྣམ་ཐར་གྱི་ལེ་ཚན་བཅུ་དྲུག་ཡོངས་རྫོགས་ལ་ཟིན་བྲིས་གནང་མཁན་སློབ་གཉེར་བ་རྣམས་ལ་ལེགས་སོའི་ཕྱག་འཁྱེར་དང་བྱ་དགའ་བཅས་སྩལ་གནང་མཛད་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡༩ ཉིན་དཔལ་ལྡན་སྐུ་སྒེར་དྲུང་ཆེ་ཟུར་པ་སྐུ་ངོ་བཀྲས་མཐོང་བསྟན་འཛིན་དགེ་བྱེད་མཆོག་ཆེད་ཕེབས་ཀྱིས་ལས་རིམ་དབུ་འབྱེད་ཀྱི་མཛད་སྒོ་བསྐྱངས་ཤིང་། ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༡ ཉིན་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་ཆེད་ཕེབས་ཀྱིས་ལས་རིམ་མཇུག་སྡོམ་གྱི་མཛད་སྒོ་བསྐྱངས་ཐུབ་པ་བྱུང་བ་སྐུ་ངོ་རྣམ་གཉིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་སྒེར་དྲུང་ཆེའི་ཐུགས་འགན་རྒྱུན་རིང་གནང་མྱོང་བའི་ཆ་ནས་རྟེན་འབྲེལ་མ་བསྒྲིགས་ལྷུན་འགྲུབ་ལྟ་བུ་བྱུང་།