09/05/2026
༄༅།།ཕྱི་ལོ་༢༠༢༦ ཟླ་ ༤ ཚེས་ ༢༩ ཉིན་རིགས་སློབ་ཝེ་ཏི་ནམ་དྲྭ་ཐོག་ནང་ཆོས་ཆེད་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ཀྱིས་རིགས་སློབ་དགེ་ལས་སློབ་གཉེར་པ་ཡོངས་ལ་མང་ཇ་བསྙེན་བཀུར་དང་མཆོད་འབུལ་ཟབ་རྒྱས་ཞུས་པ་དང་། དགེ་ལས་སློབ་མ་རྣམས་ཀྱིས་ཀྱང་ཝེ་ཏི་ནམ་སློབ་གཉེར་བ་རྣམས་ཀྱི་རྐྱེན་ངན་བར་ཆད་ཐ་དག་ཞི་བ་དང་གཞུང་ཆེན་སློབ་གཉེར་གྱིས་མཚོན་ལེགས་ཚོགས་ཐ་དག་ཡིད་རེ་ལྟར་འགྲུབ་པའི་སྐྱབས་སྨོན་གསུང་འདོན་དང་། དེ་དང་འབྲེལ་རིགས་སློབ་ཝེ་ཏི་ནམ་དྲྭ་ཐོག་སློབ་གཉེར་བའི་དགེ་རྒན་དགེ་བཤེས་ཁམས་བཟང་ལགས་དང་གསུང་སྒྱུར་བཙུན་མ་ཝན་ཐའོ་ལགས་་གཉིས་ལ་གཟེངས་བསྟོད་ཕྱག་རྟགས་ཕུལ་བ་དང་། དྲྭ་ཐོག་སློབ་གཉེར་བའི་དང་བླངས་འགན་འཛིན་རྣམས་ལའང་ཐུགས་རྗེ་ལེགས་གསོལ་གྱི་ཕྱག་རྟགས་ཕུལ། དེའི་སྐབས་ཝེ་ཏི་ནམ་དྲྭ་ཐོག་སློབ་གཉེར་བ་རྣམས་ཀྱིས་ཝེ་ཏི་ནམ་གྱི་ཡུལ་སྐད་ཐོག་རིགས་སློབ་དགེ་ལས་སློབ་མ་རྣམས་ལ་རྟགས་གསལ་སྤྱན་འབུལ་ཞུས་པའི་འདྲ་པར་རྣམས། བརྩེ་ལྡན་དྲྭ་གྲོགས་རྣམ་པའི་སྤྱན་ལམ་དུ་ཕུལ་བ་ལགས།།🙏🙏🙏
On April 29, 2026, the students of the Vietnamese online Buddhist studies class of the Institute of Buddhist Dialectics offered tea and extensive offerings to the monks and nuns of the Institute. In return, the monastery monks and Nuns recited prayers and dedication verses for the pacification of all obstacles and adverse conditions facing the Vietnamese students, and for the successful fulfillment of all their aspirations, especially in their studies of the great Buddhist philosophical texts.
On this occasion, certificates of appreciation were also presented to the Philosophy teacher of the Vietnamese online class, Geshe Khamzang la, and to the translator, Venerable Van Thao la, in recognition of their dedicated service. Tokens of gratitude were likewise offered to the volunteer coordinators of the online study program.
During the event, the Vietnamese online students also presented a demonstration of Buddhist philosophical debate in the Vietnamese language to the teachers and students of the Institute. We are pleased to share these photographs with our dear Dharma friends online.🙏🙏🙏