15/09/2026
དེ་རིང་བོད་ཟླ་ ༨ ཚེས་ ༤ དང་། སྤྱི་ཟླ་ ༩ ཚེས་ ༡༥ གཟའ་སྐར་དགེ་བའི་ཉིན། ༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་ཐུགས་བརྩེ་བ་ཆེན་པོས་ལོ་མང་རིང་གསུང་ངག་རིན་པོ་ཆེ་ལམ་འབྲས་དང་། སྤྱི་ལྗོན་གཉིས། ཀྱེ་རྡོར་རྒྱུད་གསུམ་མཚོན་དབང་ལུང་ཁྲིད་མན་ངག་དང་བཅས་པ་ལེགས་པར་སྩལ་པའི་བཀའ་དྲིན་དང་། སླད་མར་ཡང་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། ཟབ་གསལ་གསུང་གི་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བའི་སླད་དུ། ༧རྗེ་བཙུན་མ་ཀུན་དགའ་འཕྲིན་ལས་དཔལ་སྟེར་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་འདི་གའི་བླ་སྤྲུལ་མཁན་སློབ་འདུས་པ་ཡོངས་ནས་གནས་བརྟན་ཕྱག་ཆོག་སྟོང་ཚར་སྔོན་དུ་སོང་བའི་སྒོ་ནས་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་དང་། བརྟན་བཞུགས་གྲུབ་མཚམས་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གི་ཕྱག་ནས་སློབ་དགེ་འཇམ་དབྱངས་རྡོ་རྗེ་ལགས་ལ་མཁན་པོ་མཚན་གནས་ཀྱི་བཀའ་ཡིག་སྩལ་ཅིང་མཁན་པོའི་ཁྲི་འདོན་སྟབས་བདེ་ཞིག་ཀྱང་གནང་སོང་།
Today, September 15, 2026 (the 4th day of the 8th Tibetan month)—an auspicious day marked by favorable astrological alignments—Her Eminence Jetsunma Kunga Thinley Palter Rinpoche, together with tulkus, khenpos, teachers, and the assembled sangha, offered a Long-Life Tenshug Ceremony according to the Sutra tradition to His Holiness the 42nd Sakya Trizin Ratna Vajra Rinpoche. The ceremony was preceded by the one thousand times Sixteen Arhats Puja, held in deep gratitude for His Holiness's bestowal of the precious Lamdre teachings, the General Exposition of the Ta**ra Classes, the Tree of Clear Realization, and the associated empowerments, oral transmissions, and secret instructions on the Hevajra Triple Ta**ras conferred over many years at Sakya College.
The sangha assembly offers sincere prayers and heartfelt gratitude for these profound teachings and blessings. May His Holiness's life remain steadfast for a hundred eons, and may he continuously turn the Wheel of Dharma.
Following the Long-Life Ceremony, His Holiness conferred the official letter of appointment for the title of Khenpo upon Venerable Loppon Jamyang Dorji, accompanied by a brief enthronement ceremony.