16/08/2026
༄༅། །བདེ་གཤེགས་སྙིང་པོའི་ལམ་རིམ་སློབ་ཚན་སྐབས་དང་པོའི་སྒོམ་ཁྲིད།
(Please scroll down for English and Chinese)
རིགས་དཀྱིལ་རྒྱ་མཚོའི་ཁྱབ་བདག་འཁོར་ལོའི་མགོན་པོ་ ༧ བྱམས་མགོན་རྡོ་རྗེ་འཆང་མཆོག་གི་ཞལ་སྔ་ནས་རིས་མེད་དད་ལྡན་དོན་གཉེར་ཅན་རྣམས་ཀྱི་ཆེད་དུ་དམིགས་ནས་དཔལ་སྤུངས་ནང་ཆོས་འཆད་ཁྲིད་ཀྱི་བསླབ་གཞི་ཞེས་པའི་ལམ་རིམ་སློབ་ཚན་གཏན་འབེབས་བགྱིས་པའི་བཀའ་དགོངས་ལྟར། ༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་དང་ཁྱུང་པོ་རྒྱལ་སྟོན་རིན་པོ་ཆེ་དབུས་པའི་གདན་སའི་མཁན་སྤྲུལ་བསླབ་པ་རྒན་གྲས་རྣམས་ནས་བརྒྱུད་པའི་མན་ངག་དང་རང་གི་མྱོང་བ་ཟུང་དུ་སྦྲེལ་ཏེ་དད་ལྡན་དོན་གཉེར་ཅན་རྣམས་ལ་མུ་འབྲེལ་སློབ་ཚན་ཁྲིད་སྒོམ་སྦྲགས་མ་གནང་བཞིན་པ་ལས། ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༦ ནས་ ༡༢ བར་བདུན་ཕྲག་གཅིག་རིང་ཁུ་ནུ་དཔལ་སྤུངས་ནང་བསྟན་ཐོས་བསམ་ཆོས་ཚོགས་ཀྱི་ཞུ་སྐུལ་དང་གོ་སྒྲིག་འོག །གདན་སའི་མཁན་པོ་པདྨ་མཆོག་གིས་ཁུ་ནུ་ལྕང་སྒོ་བཀྲ་ཤིས་མཐོང་ཡངས་དགོན་དུ་ས་གནས་ཀྱི་དད་ལྡན་དོན་གཉེར་ཅན་གྱི་མང་ཚོགས་་ལ་བདེ་གཤེགས་སྙིང་པོའི་ལམ་རིམ་སློབ་ཚན་སྐབས་དང་པོ་བསླབ་གཞིའི་ཆོས་ཐུན་དང་སྒོམ་ཐུན་ཡོངས་རྫོགས་ཁ་གསལ་གོ་བདེའི་ལམ་ནས་ངོ་སྤྲོད་འགྲེལ་བརྗོད་དང་། བཀའ་འདྲི་གོ་བསྡུར་དང་བཅས་འཆད་ཁྲིད་ཉམས་བཞེས་གནང་བའོ། །
Year One of the "Discovering the Buddha Within” Program in Kinnaur
In accordance with the vision of Guru Vajradhara His Holiness Chamgon Kenting Tai Situpa to establish the "Discovering the Buddha Within" study and practice curriculum, His Eminence Yongey Mingyur Rinpoche and His Eminence Chungpo Gyalton Rinpoche, together with Palpung Sherabling Monastic Seat's senior khenpos, have been skillfully integrating the pith instructions of the lineage with their personal experience to provide comprehensive instructions and guided meditations to devoted practitioners worldwide.
From August 6 to 12, 2026, at the request and under the organization of the Palpung NTC Kinnaur, over the course of seven days the monastic seat's Khenpo Pema taught the first-year module of the "Discovering the Buddha Within" curriculum titled “Inner Peace" at Tashi Thong Yang monastery in Chango, Kinnaur, to an assembly of devoted practitioners from Chango and neighbouring villages. Through clear and accessible explanations, he provided a complete transmission of both the theoretical teachings and meditation practices, complemented by question-and-answer sessions and group discussions.
基諾「開啟內在之佛」第一年學修課程
遵照上師金剛持尊勝的 慈尊廣定大司徒巴創設「開啟內在之佛」學修課程之宏願,尊貴的詠給明就仁波切與尊貴的忠波賈敦仁波切,偕同八蚌智慧林法座資深堪布,善巧將傳承竅訣與個人實修體悟融會貫通,為全球具信弟子提供全面系統的教導與引導式禪修。
2026年8月6日至12日,應八蚌NTC基諾爾分會(Palpung NTC Kinnaur)之請與籌辦,本法座堪布貝瑪(Khenpo Pema)於基諾的強果(Chango)的扎西通揚寺(Tashi Thong Yang Monastery)展開為期七天的教學,為來自強果及鄰近村莊的具信大眾講授「開啟內在之佛」學修課程第一年單元「內心寧靜」。堪布透過深入淺出的講解,完整傳授理論教法與禪修實踐,並輔以問答與小組討論。
Source:palpung.org