24/06/2017
ཁྲི་འདུ་བདེ་ཟམ་ཆེད་ལས་གསབ་སྦྱོང་
ལྟེ་གནས་ཀྱི་སློབ་བསྡུའི་བརྡ་ཐོ།
གསལ་བཤད།
གསབ་སྦྱོང་སློབ་གྲྭ་འདི་ཉིད་བོད་རིགས་སྤུན་ཟླ་གཙོས་རྒྱ་ཆེའི་སློབ་གཉེར་བ་དག་གི་དགོས་མཁོར་དམིགས་ནས་གཉེར་བ་ཞིག་སྟེ། གཙོ་བོ་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་སྦྱོང་ཐུབ་པ་མ་ཟད། དེང་རབས་ཉེར་མཁོའི་ཤེས་བྱ་གང་མང་ཡང་སྦྱོང་ཐུབ་ཅིང་སློབ་གྲྭའི་ཁོར་ཡུག་སོགས་མཐུན་རྐྱེན་ཧ་ཅང་ལེགས་པོ་འཛོམས་ཡོད། དོན་གཉེར་དང་མོས་པ་ཅན་ཚོས་གཤམ་གྱི་མཚམས་སྦྱོར་ལས་རྒྱུས་ལོན་བྱས་ཏེ་ངེད་སློབ་གྲྭར་འབྲེལ་བ་གནང་རོགས།
༡༽སྡེ་ཚན།
༡ ཉིན་མོར་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་དང་། དམའ་འབྲིང་མཐོ་གསུམ་གྱི་འཛིན་གྲྭ་རིམ་པ་བཞིན་འཚོགས་པ།
༢ བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་སོགས་འགྲིམ་མ་མྱོང་བའི་ན་གཞོན་དག་ལ་ཆེད་དམིགས་ཀྱིས་དར་མའི་སློབ་གསོའི་ལམ་ལུགས་སོགས་བརྒྱུད་དེ་ཟི་ཁྲོན་གྱི་སློབ་ཆེན་ཁ་ཤས་དང་འབྲེལ། ལོ༢-༣གྱི་རྗེས་སུ་ལག་འཁྱེར་ཚད་ལྡན་ལོན་པ།
༣ བོད་ཁུལ་གྱི་དགེ་རྒན་དག་ལ་ཟབ་སྦྱོང་ཆེད་ཁྲིད་ཀྱིས་དགེ་རྒན་ཐོབ་ཐང་དཔང་ཡིག་ལོན་པར་རམ་འདེགས་བྱ་བ།
༤ གཞན་རྩིས་འཕྲུལ་དང་རྩིས་གཉེར། རོལ་དབྱངས། ཞབས་ཞུ། ཐང་ག་སོགས་སྐབས་བསྟུན་གྱིས་གང་ལ་གང་འཚམ་སྦྱོང་ཐུབ།
༢༽ ཚོགས་དུས།
དབྱར་དགུན་སྟོན་དཔྱིད་མེད་པར་འཚོག་གྱིན་པ་དང་། རྒྱའི་སྐད་ཡིག སྔ་དྲོ་ཆུ་ཚོད་༩:༣༠——༡༡:༣༠ ཕྱི་དྲོ་ཆུ་ཚོད་༢:༠༠——༤:༣༠བོད་དབྱིན་གྱི་སྐད་ཡིག ཕྱི་དྲོ་ཆུ་ཚོད་༥:༠༠——༧:༠༠ རེས་གཟའ་སྤེན་པ་དང་ཉི་མ་ངལ་གསོ་ཡིན།
༣༽ སློབ་ཡོན།
བོད་རྒྱ་དབྱིན་གསུམ་བསླབ་ཚན་ལ་ཟླ་བ་རེར་དམངས་སྒོར༣༧༠དང་། གཞན་སྦྱོང་ཚན་དང་འབྲེལ་ཏེ་སྐབས་བསྟུན་གྱིས་སློབ་ཡོན་སྤྲོད་པ།
༤༽མཐུན་རྐྱེན།
སློབ་གྲྭའི་ཁོར་ཡུག་གཙང་ཞིང་ལེགས་པར་མ་ཟད་དགུན་ཁར་ཆུ་ཁོལ་དང་དྲོད་རླངས། དབྱར་ཁར་བསིལ་ཆུ་དང་བསིལ་རླུང་སོགས་ལྡན། གཞན་སྡོད་གནས་ཁང་བའང་ཡོད། ཟླ་བ་རེར་མི་གཉིས་ཅན་ལ་སྒོར༡༢༠༠དང་། མི་གསུམ་ཅན་ལ་༡༨༠༠སོགས་མཐུན་རྐྱེན་གང་ཐུབ་ཀྱིས་སྦྱོར་ངེས་ཡིན།
༥༽ས་གནས།
ཁྲི་འདུ་གྲོང་ཁྱེར་བོའི་ཧོའུ་ཁུལ་ཀའོ་ཧྲིན་ཆའོ་ཤར་ལམ་རཱོ་མཱ་ངལ་གསོའི་ཐང་ཆེན་ཕྱི་གླིང་ཐོག་ཁང་བརྩེགས་རིམ་ལྔ་བའི་སྒོ་རྟགས(༥༡༣)
གཞན་བོད་ཀྱི་སྐད་དང་ཡི་གེ་ལ་མཐོང་ཆེན་དང་དོ་སྣང་བྱ་བར་མ་སྐུལ་དང་བླངས་ཀྱིས་གནས་འདི་གར་བཞུགས་པའི་རྒན་དར་གཞོན་གསུམ་གྱི་བོད་རིགས་སྤུན་ཟླ་དག་ལ་བོད་ཡིག་གི་རྨང་གཞི་སྦྱོར་ཀློག་ནས་བཟུང་སློབ་ཁྲིད་གནང་ངེས་པའི་སྐབས་བསྟུན་གྱིས་ཕེབས་པར་དགའ་བསུ་ཞུ་ཞུ། བོད་ཡིག་སྦྱང་མཁན་གྱི་སློབ་མ་རེ་ལ་ཁང་རིན་གྱི་ཁ་གསབ་ཙམ་ལ་ཟླ་རེར་སྒོར་༡༠༠་ལས་སྤྲད་མི་དགོས།
འབྲེལ་གཏུག་བྱ་ཡུལ། བཀྲ་ཤེས་
ཁ་པར་ཨང་གྲངས།༡༣༦༩༩༤༨༩༣༣༧
Tibetan Class:
Tibetan class is mainly organized for the foreigners who are interested in learning Tibetan language reading, speaking and writing. Well trained teacher and certified to teach.
Chinese Class:
The Chinese class is mainly organised for the Tibetan who are interested in learning language. We will love to invite to join the class . We also facilitate the students to be more aware about the modern or advanced education. The environment and the other facilities of the class is good and satisfying. We have room facilitiesfor the students whose home town are far from the class . Warm water and hot air conditioner are provided for winter season . Cold water and cooler are provided for summer .
English Class:
English class is for the students or employment or unemployment who are interested to study English for beginner to advance and age should be above 10 years old.
*Timming
Chinese class
Morning 9:30 - 11:30
Afternoon 2:00 - 4:30
Tibetan and English class starts from 5: 00 - 7:00
*Fee structure
For English, Tibetan and Chinese - 370 each
Two sharing room for each month is- 1200
Three sharing room for one month is - 1800
Anyone interested can contact us on:
Cellphone: 0086 13699489337
Wechat: t9880305215
Gmail: [email protected]
Facebook: Tashi Luiz Thoelams