Gangteng Buddhist University

Gangteng Buddhist University Gangtey Shedra is one of the highest Buddhist Colleges in the country owned by Gangtey Trulku Rinpochoe.
(1)

The college is the eldest among fourty two monasteries under His Holiness. His Holiness
established many monasteries to preserve, promote and propagate Buddhism, and to make the country
better place to live by giving free education to monks and nuns coming from poor background.

13/08/2026

On August 12, 2026, the monastic community conducted the Tara Ritual (Drol Chog) as the residents of Gangteng Gewog offered their first harvest of potatoes to Gangteng Ngagyur Buddhist University.

༈ སྒང་སྟེང་རྒེད་འོག་གི་ཀེ་བའི་ཕུད་མཆོད།ད་རིས་དབྱར་གནས་ཉིནམ་ ༡༥ པ། རང་ཟླ་ ༦ པའི་ཚེས་ ༣༠ མར་ངོའི་དུས་བཟང་ལུ། དྲོ་པ་རྒྱུན་ཆ...
12/08/2026

༈ སྒང་སྟེང་རྒེད་འོག་གི་ཀེ་བའི་ཕུད་མཆོད།
ད་རིས་དབྱར་གནས་ཉིནམ་ ༡༥ པ། རང་ཟླ་ ༦ པའི་ཚེས་ ༣༠ མར་ངོའི་དུས་བཟང་ལུ། དྲོ་པ་རྒྱུན་ཆགས་གསུམ་པ་དང་། གསོ་སྦྱོང་བཅོ་ལྔ་པ་འཚོགས་གནང་ཡོདཔ་དང་། འདས་པའི་བདུན་ཕྲག་ནང་གསལ་བསྒྲགས་ཕུལ་བ་ལྟར་དུ་སྒང་སྟེང་རྒེད་འོག་གི་མི་སེར་ཚུ་གིས་ལོ་བསྟར་སྒང་སྟེང་སྔ་འགྱུར་མཐོ་སློབ་ཆེན་མོར་ཕུལ་སྲོལ་ཡོད་པའི་རང་སོའི་ཞིང་ཁའི་སོ་ནམ་ཐོན་སྐྱེད་ཀེ་བའི་ཕུད་མཆོད་འདི་ད་རིས་བྱང་ཅེད་བ་རའི་ཚོགས་པ་གིས་སྣ་ཁྲིད་ཐོག་སྒང་སྟེང་རྒེད་འོག་གི་མི་སེར་ཚུ་གིས་ཁྱིམ་གུང་རེ་ལས་ཀེ་བ་ཕད་ཙི་རེ་ཕུལ་གནང་ཡོདཔ་ཨིན།

དྲོ་པའི་ཆུ་ཚོད་ ༨ ལས་དབྱར་གནས་མཁན་པོ་མཆོག་གིས་དབུར་བཞུགས་ཐོག་དམིགས་བསལ་དུ་ཕུད་མཆོད་ཀྱི་ཡོན་སྦྱོང་དང་། བཀའ་དྲིན་དགའ་ཚོར་སྦེ་གཏོང་ཕོད་ཅན་གྱི་མི་སེར་ཚུ་གི་གནས་སྐབས་དང་མཐར་ཐུག་གི་འགལ་རྐྱེན་ཐམས་ཅད་ཞི་ཞིང་། མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་རྒྱས་ཏེ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་དོན་ལུ་དམིགས་ཏེ་«སྒྲོལ་ཆོག་»ཉིནམ་གཅིག་བསགས་གནང་ཡོདཔ་དང་། དེ་བཟུམ་སྦེ་མཁན་རིན་པོ་ཆེ་དཀོན་མཆོག་བསྟན་འཛིན་མཆོག་གིས་རྒྱུ་སྦྱོར་མི་མང་ཡོངས་ལུ་ནང་ཆོས་ངོ་སྤྲོད་ཡང་གནང་ཡོདཔ་ཨིན།

Today, 12 August 2026, the 15th day of the 41st Summer Retreat (Yarney), the morning schedule began with the Three Daily Recitations (Gyünchag Sumpa) and Sojong, the confession and restoration ceremony practiced by the monastic community.

As previously announced, the residents of Gangteng Gewog made their annual first-harvest potato offering (Kewa Phechey) from their farm produce to Gangteng Ngagyur Buddhist University. Led by the Jangchey Bara Tshogpa (local community leader), each household offered one bag of freshly harvested potatoes.

Starting at 8:00 AM, a full-day Tara Ritual (Drolchog) was led by the Summer Retreat Khenpo (Yarney Khenpo). The ritual was performed specifically for Yonjong, to purify karmic obscurations arising from receiving faith offerings, pacify inner, outer, and secret adversities and obstacles, increase prosperity, health, and wealth, and dedicate prayers for their ultimate enlightenment, as an expression of gratitude for their offerings.

After lunch, Khen Rinpoche Kencho Tenzin delivered an inspiring introduction to the Dharma to the Gangteng villagers.

12/08/2026
12/08/2026

༈ པད་གླིང་ཆོས་འཁོར་གྱི་དབང་ལུང་ཆེན་མོའི་གསལ་བསྒྲགས།
འདས་པའི་ཟླཝ་ཚུ་ནང་པད་གླིང་ཆོས་འཁོར་གྱི་དབང་ལུང་ཆེན་མོའི་གསལ་བསྒྲགས་ཕུལ་བ་ལྟར། དབང་ལུང་ཆེན་མོ་འདི་ལོ་འདིའི་སྤྱི་ཟླ་ ༡༠ པའི་སྤྱི་ཚེས་ ༢ ལས་ ༢༦ ཚུན། དབང་འདུས་རྫོང་ཁག སྒང་སྟེང་རྒེད་འོག་གི་ཆ་འོག སྒང་སྟེང་བཤད་གྲྭ་ནང་རྒྱལ་ཁབ་ཕྱི་ནང་གི་སློབ་མ་ཡོངས་ཀྱིས་གསོལ་བ་ཡང་ཡང་བཏབ་པ་ལྟར་པད་གླིང་བསྟན་པའི་བདག་པོ་༸སྒང་སྟེང་སྐྱབས་མགོན་ཆེན་པོ་མཆོག་གིས་གཏེར་ཆེན་པད་མ་གླིང་པའི་ལུགས་ཀྱི་ཚེ་གཅིག་ལུས་གཅིག་ལུ་སངས་རྒྱས་གོ་འཕང་འཐོབ་པའི་གཏེར་ཆོས་ཟབ་མོ་རྒྱབ་ཆོས་དང་བཅས་པའི་སྨིན་བྱེད་ཀྱི་བཀའ་དབང་དང་། བརྒྱུད་པའི་ལྗགས་ལུང་ཆེན་མོ་གནང་ནི་ཨིན་པའི་གསལ་བསྒྲགས་ཡང་བསྐྱར་ཐུགས་དྲན་གསོའི་དོན་ལུ་འདིའི་རིང་ལུགས་ལུ་དད་ལྡན་གྱི་སྐྱ་སེར་ཡོངས་ཀྱི་དོན་ལུ་ཕུལཝ་ཨིན།
As announced in previous months, the Padling Chökor Grand Empowerment and Oral Transmission will be held from October 2 to 26, 2026, at Gangteng Shedra, located in Gangteng Gewog under Wangdue Phodrang Dzongkhag.
​In response to the repeated requests and supplications of disciples from both within and outside the country, His Holiness the 9th Gangteng Rinpoche, holder of the Peling tradition, will bestow the empowerments and oral transmissions of the profound Terma teachings of the King of Treasure Revealers, Pema Lingpa, together with their supporting teachings.

​These sacred teachings present a swift and profound path toward attaining enlightenment within a single lifetime and in a single body.

​This announcement is reissued as a reminder for all devoted disciples and all those who wish to receive these precious empowerments and oral transmissions. All are warmly invited to attend.

10/08/2026

༈ གཏེར་སྟོན་གྱི་རྒྱལ་པོ་རིག་འཛིན་པད་མ་གླིང་པ་ (1450–1521) མཆོག་གིས་ཆོས་གཏེར་དང་རྫས་གཏེར་བསྡོམས་གྲངས་ ༣༢ བཞེས་ཡོད་ས་ལས། ཆོས་གཏེར་ལུ་སྐོར་ ༡༣ ཡོདཔ་ད། དེའི་ནང་ལས་མཁན་པོ་ཕུརཔ་རྒྱལ་མཚན་མཆོག་གིས་བླ་རྫོགས་ཐུགས་གསུམ་གྱི་སྐོར་ལས་མདོར་བསྡུས་སྦེ་ངོ་སྤྲོད་གནང་ཡོདཔ་ཨིན།
The King of Treasure Revealers, Pema Lingpa (1450–1521), discovered a total of 32 treasures, comprising both Dharma Treasures (Chöter) and Material Treasures (Dzater). Among these, there are 13 cycles of Dharma Treasures (Chöter), constituting a collection of profound Terma teachings that guide practitioners fully and clearly toward attaining enlightenment within a single lifetime and in a single body.

Among these 13 cycles, Khenpo Phurpa Gyaltsen gives a brief explanation of three cycles of Terma teachings: Lama, Dzogchen, and Thukje Chenpo. In this short video, he explains the significance and profound meaning of these teachings.

༈  ཕྱོགས་མཐའ་ཁག་ལས་ཕེབས་པའི་དད་ལྡན་རྒྱུ་སྦྱོར་སྦྱིན་པའི་བདག་པོ་ཚུ་གིས་དབྱར་གནས་ཐེངས་ ༤༡ པར་བཞུགས་པའི་དགེ་འདུན་འདུས་ཚོགས་...
09/08/2026

༈ ཕྱོགས་མཐའ་ཁག་ལས་ཕེབས་པའི་དད་ལྡན་རྒྱུ་སྦྱོར་སྦྱིན་པའི་བདག་པོ་ཚུ་གིས་དབྱར་གནས་ཐེངས་ ༤༡ པར་བཞུགས་པའི་དགེ་འདུན་འདུས་ཚོགས་ལུ་དྲོ་པའི་བཞེས་ཆ་སྔམོ། ཉི་མའི་གསོལ་བའི་བསྙེན་བཀུར་གནང་ཡོད།
Generous benefactors from various places offered breakfast and lunch to the monastic community participating in the 41st ongoing summer retreat.

08/08/2026

༈ ད་རེས་ནངས་པ་དབྱར་གནས་འཚོག་པའི་བསྒང་དགེ་འདུན་གྱི་སྡེ་དང་། རྒྱུ་སྦྱོར་སྦྱིན་བདག་ཚུ་གི་འགལ་རྐྱེན་བར་ཆད་བསལ་ཏེ། མཐུན་རྐྱེན་བསམ་པ་ལྷུན་གྱིས་འགྲུབ་ནིའི་དོན་ལུ་ཕྱི་རུ་མ་ཆད་པར་གསོལ་ཁ་གནང་བའི་བསྒང་གི་མཐོང་སྣང་།
Evening Solkha Ritual During the Ongoing Summer Retreat (Yarney)
Monks performing the evening Solkha (protector offering ritual) to dispel obstacles and bring peace, prosperity, and wish-fulfillment to the Sangha community and all generous patrons.

༈ གཏོང་ཕོད་ཅན་གྱི་སྦྱིན་བདག་ཚུ་གིས་དབྱར་གནས་པའི་དགེ་འདུན་འདུས་ཚོགས་ལུ་དྲོ་པའི་བཞེས་ཆ་སྔམོ། ཉི་མའི་གསོལཝ། ཕྱི་རུའི་མང་ཇའི...
05/08/2026

༈ གཏོང་ཕོད་ཅན་གྱི་སྦྱིན་བདག་ཚུ་གིས་དབྱར་གནས་པའི་དགེ་འདུན་འདུས་ཚོགས་ལུ་དྲོ་པའི་བཞེས་ཆ་སྔམོ། ཉི་མའི་གསོལཝ། ཕྱི་རུའི་མང་ཇའི་བསྙེན་བཀུར་གནང་ཡོདཔ་ཨིན།
Generous benefactors offered breakfast, lunch, and evening tea to the monastic community (Sangha) who are attending the Summer Retreat.

༈ སྒང་སྟེང་གསང་སྔགས་ཆོས་གླིང་ལུགས་ཀྱི་འཆམ་སྦྱོང་དབུ་བཙུགས་གནང་བ།ད་རིས་རང་ལུགས་གནམ་ལོ་མེ་ཕོ་རྟ། རང་ཟླ་ ༦ པའི ཚེས་ ༢༡ ལུ། ...
04/08/2026

༈ སྒང་སྟེང་གསང་སྔགས་ཆོས་གླིང་ལུགས་ཀྱི་འཆམ་སྦྱོང་དབུ་བཙུགས་གནང་བ།
ད་རིས་རང་ལུགས་གནམ་ལོ་མེ་ཕོ་རྟ། རང་ཟླ་ ༦ པའི ཚེས་ ༢༡ ལུ། ༸ སྐྱབས་རྗེ་སྒང་སྟེང་རིན་པོ་ཆེ་མཆོག་གི་བཀའ་དགོངས་གཞིར་བཟུང་ཐོག་ལས། ལོ་བསྟར་བཞིན་དུ་མ་དགོན་སྒང་སྟེང་གསང་སྔགས་ཆོས་གླིང་གི་ཚེས་བཅུའི་དོན་ལུ་སྒང་སྟེང་གསང་སྔགས་ཆོས་གླིང་ལུགས་ཀྱི་སྐུ་འཆམ་གྱི་སྦྱང་བ་གནང་སྲོལ་ཡོད་དོ་བཟུམ་སྦེ། དུས་ཅི་ཡང་དེ་བཟུམ་སྦེ་མ་དགོན་སྒང་སྟེང་གསང་སྔགས་ཆོས་གླིང་གི་རྡོར་སློབ་དང་དབུ་མཛད། འཆམ་དཔོན་འཆམ་མཇུག འཆམ་སྟོན་པ་དང་། སྒང་སྟེང་སྔ་འགྱུར་མཐོ་སློབ་ཆེན་མོའི་དབུ་འཛིན་གྱིས་གཙོས་པའི་འཆམ་སྦྱོང་གནང་མི་དགེ་འདུན་འདུས་ཚོགས་ལྷན་འཛོམས་ཀྱིས་འཆམ་སྦྱོང་གི་དབུ་འཛུགས་རྟེན་འབྲེལ་གནང་ནི་དོན་ལུ་སྒང་སྟེང་སྔ་འགྱུར་མཐོ་སློབ་ཆེན་མོའི་གཙུག་ལག་ཁང་ནང་རང་ལུགས་དཔལ་ལྡན་འབྲུག་པའི་བཞུགས་གྲལ་ཕུན་སུམ་ཚོགས་པ་གནང་སྟེ། འཆམ་གྱི་སྦྱང་བ་གནང་ནི་དབུ་བཙུགས་ཡོདཔ་ཨིན།
Mask Dance Practice of the Gangteng Sangag Chholing Tradition Commences

Today, August 4, 2026, following the sacred guidance of H.H. the 9th Gangteng Rinpoche, the annual mask dance practice of the Gangteng Sangag Chholing tradition for the upcoming Gangteng Tshechu festival began at Gangteng Shedra.
At around 10:00 AM, inside the main temple of Gangteng Shedra (Higher Ngagyur Buddhist College), the Dorje Lopon (Vajra Master) and Umzey (Chant Master) of Gangteng Sangag Chholing, a Champon (Dance Master), a Chamjuk (Assistant Dance Master), a Mask Dance Instructor, and the Principal of Gangteng Shedra, along with the participating monks, gathered for the opening ceremony. As per tradition, they performed the Zhugdrel Phunsum Tshokpa ceremony and then began their practice on the grounds behind the temple.

༈ བཀའ་འགྱུར་གདན་འདྲེན་གནང་བ། ད་རིས་རང་ལུགས་གནམ་ལོ་མེ་ཕོ་རྟ། རང་ཟླ་ ༦ པའི ཚེས་ ༢༡ དབྱར་གནས་ཉིནམ་ ༧ པ་ལུ། ༸སྐྱབས་རྗེ་སྒང་ས...
04/08/2026

༈ བཀའ་འགྱུར་གདན་འདྲེན་གནང་བ།
ད་རིས་རང་ལུགས་གནམ་ལོ་མེ་ཕོ་རྟ། རང་ཟླ་ ༦ པའི ཚེས་ ༢༡ དབྱར་གནས་ཉིནམ་ ༧ པ་ལུ། ༸སྐྱབས་རྗེ་སྒང་སྟེང་རིན་པོ་ཆེའི་བཙུན་མའི་མཐོ་སློབ་བུམ་ཐང་སྟངས་པདྨ་བཤད་སྒྲུབ་ཆོས་ཀྱི་དགའ་ཚལ་གླིང་ལས་བསླབ་པ་མཐར་སོན་པའི་སློབ་དཔོན་མ་ཨོ་རྒྱན་ཆོས་འཛོམས་ཀྱིས་ཕུལ་བའི་སྡེ་དགེ་པར་མའི་བཀའ་འགྱུར་ཆ་ཚང་གཅིག་གཙུག་ལག་ཁང་ནང་གདན་འདྲེན་གནང་བའི་མཐོང་སྣང་།
Today, 4 August 2026, marking the seventh day of the Summer Retreat, a complete set of the Degé Edition of the Kangyur—the canonical collection of the Buddha's teachings translated from Sanskrit into Tibetan—was ceremonially received and enshrined in the Main Temple.

The sacred scriptures were generously offered by Lopenma Ugyen Chozom, a graduate of His Holiness Gangteng Rinpoche's Nuns' Institute, Pema Shedrup Chökyi Gatseling, Tang, Bumthang, Bhutan.

Address

Wangdiphodrang
16004

Alerts

Be the first to know and let us send you an email when Gangteng Buddhist University posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The School

Send a message to Gangteng Buddhist University:

Shortcuts

Share