07/04/2026
࿑ སྒང་སྟེང་ཞིབ་འཇུག་ལྟེ་གནས་ཁང་དུ་མཁན་པོ་དཀོན་མཆོག་བསྟན་འཛིན་གྱི་སློབ་སྟོན་འོག ཞིབ་དཔྱད་ཞུས་དག་ (critical edition) དང་འབྲེལ་བའི་ཟབ་སྦྱོང་དེ་ཉིད། རང་ཟླ་ ༢ པའི་ཚེས་ ༡༥ སྔ་མ་ནས་དབུ་བཙུགས་ཏེ། དེ་རིང་ཚེས་ ༢༠ བར་ཉིན་གྲངས་བདུན་གྱི་རིང་འཚོགས་ནས་གྲུབ་འབྲས་དང་ལྡན་པའི་ངང་ལེགས་པར་མཇུག་བསྒྲིལ་ཡོད།
From April 1 to 7, Khenpo Kencho Tenzin delivered an in-depth series of lessons on Critical Edition at Gangteng Research Centre (GRC), which was successfully completed today in a joyful and uplifting atmosphere.
08/03/2026
࿑ དགེ་རྒན་ཆེན་མོ་འབུམ་རམས་པ་རྡོ་རྗེ་དབང་ཕྱུག་མཆོག་དང་ཨོར་ན་ཨལ་མོ་གྷི་རྣམ་གཉིས་ནས། འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཀྱི་གོ་སྒྲིག་འོག་ལོ་འཁོར་ཟབ་སྦྱོང་ཐེངས་གཉིས་པ། སྤྱི་ཟླ་འདིའི་ཚེས་ ༣–༧ བར་འཚོགས་ཡོད། ཐེངས་འདིར་རྣམ་གྲོལ་གླིང་དང་། རྫོང་སར། ཞེ་ཆེན། ཤུག་གསེབ། འུ་ཅག་སྒང་སྟེང་བཅས་དགོན་སྡེ་ཁག་ལྔའི་ཞིབ་འཇུག་ལྟེ་གནས་ཁང་གི་གྲྭ་བཙུན་སློབ་པ་མཐར་སོན་སུམ་ཅུ་སོ་བདུན་གྱིས་མཉམ་ཞུགས་མཛད་ཡོད། འདི་གའི་ཞིབ་འཇུག་སློབ་མ་རྣམས་ཀྱིས་ཀྱང་། སོ་སོའི་བརྗོད་གཞི་དང་འབྲེལ་བའི་སྤྱན་བསྟར་དང་། གཏམ་བཤད། ལས་འཆར་རེའུ་མིག་སོགས་ལས་དོན་མང་པོ་ཞིག་ལེགས་གྲུབ་བྱུང་ཡོད། གཞན་ཡང་རྫོང་སར་བཤད་གྲྭའི་ངོས་ནས་སྣེ་ལེན་གང་ལེགས་གནང་བ་དང་། ཁྱད་པར་སློབ་སྟོན་པ་རྣམ་གཉིས་ཀྱིས་ཞིབ་འཇུག་དང་འབྲེལ་བའི་ཐབས་ལམ་མང་པོ་ཞིག་གིས་བཀའ་དྲིན་བསྐྱངས་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ།
Prof. Dr. Dorji Wangchuk and Dr. Orna Almogi, under the auspices of Dzongsar Institute (DKCLI), organized the Second Annual Workshop for Monastic Research Centers Consortium (MRCC), held from the 3–7 of this month. This session was attended by thirty-seven accomplished monastic scholars and researchers from the research centers of five monasteries: Namdroling, Dzongsar, Shechen, Shugseb and Gangteng. 🙏🙏🙏
26/02/2026
At the request of several devotees, Rinpoche has kindly agreed to give the oral teachings and transmission of the Dzogchen Kunzang Gongdu Ngöndro — the preliminary practices that must be completed in order to qualify for the main Dzogchen path.
Receiving this precious transmission from Rinpoche himself would be an immense blessing and a great support for all who wish to engage in authentic practice.
For more information, please contact the numbers given below ⬇️
All members of the public are welcome, and upon request, Rinpoche will also be bestowing the Kago after the teachings.
Registration form:
https://forms.gle/JrpCVdjxusF3MC6k8
03/01/2026
“ཟླ་དགུ་ངོ་བཅུ་རྟ་ལོ་དཔྱིད་ཟླའི་ཉར། །ཡ་མཚན་རྟགས་དང་བཅས་ཏེ་ཉི་ཤར་བལྟམས། །སྤྲུལ་པའི་སྐྱེས་མཆོག་རྒྱལ་སྲས་པདྨ་གླིང། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིིས་གཟིིགས། །”
(1450-1520)
27/12/2025
🙏 Warmly Welcome H.H. Gangteng Tulku Rinpoche to Hong Kong!
Join us to welcome Rinpoche at Hong Kong International Airport (Terminal 1) at 12:25pm, flight SQ882. Let us gather to offer our heartfelt greetings and receive his blessings.
📅 28 Dec 2025 | 🕧 12:25pm |📍 HKIA Terminal 1
05/12/2025
࿑ ༸སྒང་སྟེང་སྐྱབས་མགོན་མཆོག་གི་བུམ་ཐང་སྔ་འགྱུར་བཙུན་མའི་བཤད་གྲྭ་ནས། སློབ་དཔོན་མ་རྡོ་རྗེ་དབང་མོ་མཆོག་གིས་ཧོང་ཀོང་གཙུག་ལག་སློབ་གྲྭ་ཆེན་མོར་འབུམ་རམས་པ་ (Ph.D.) ཡི་ཕྱག་འཁྱེར་བཞེས་པར། སྙིང་ནས་དགའ་བསུ་དང་འཚམ་འདྲི་ཞུ། 👏🎓🎉
Congratulations to Lopenma Dorje Wangmo from Gangteng Research Centre on receiving her Ph.D. from the University of Hong Kong!
01/12/2025
࿑ མཁན་རིན་པོ་ཆེ་དཀོན་མཆོག་བསྟན་འཛིན་ལགས་ནས་ཟླ་འདིའི་སྤྱི་ཚེས་ ༢༦ ནས་བཟུང་། ཉིན་འཁྱོངས་ལྔའི་རིང་ཞིབ་འཇུག་ཟབ་སྦྱོང་ལེགས་པར་གནང་གྲུབ་མཐར། དེ་རིང་༸སྒང་སྟེང་སྐྱབས་མགོན་མཆོག་ལས་ཁུངས་ནང་སྐུ་དངོས་ཞབས་ཀྱིས་བཅགས་ནས། ཞིབ་འཇུག་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་ཟབ་མོ་བསྩལ་གནང་མཛད་ཡོད། 🙏🙏🙏
The five-day intensive research training held from 26–30 November, under the guidance of Khenpo Kencho Tenzin, has been successfully completed. Today, His Holiness Gangteng Rinpoche personally graced the Research Centre (GRC) and offered profound advice regarding research activities.