01/06/2026
༄། །བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་དེ་ཉིད་སྐུ་ལྟམས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་དུས་ཆེན་གསུམ་འཛོམས་ཀྱི་དུས་བཟང་འདིར། བཀའ་དྲིན་གསུམ་ལྡན་༧ སྐྱབས་རྗེ་རྗེ་དབོན་མཆོག་སྤྲུལ་རིན་པོ་ཆེ་དབུ་བཞུགས་ཐོག་སྒྲོལ་མ་འབུམ་ཚོགས་གྲུབ་པའི་དཀོན་མཆོག་སྤྱི་འདུས་ཀྱི་སྒོ་ནས་ཚོགས་འཁོར་བསྐོར་ཞིང་བཀྲ་ཤིས་སྨོན་ལམ་གྱིས་སྒོ་ནས་མཇུག་ལེགས་པར་གྲུབ་པ་དང་། དེ་བཞིན་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་དྲིན་ཆེན་ཞིང་གཤེགས་དམ་པ་༧སྐྱབས་རྗེ་ཡོངས་འཛིན་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་གི་དགོངས་རྫོགས་རྗེས་དྲན་དུ། བླ་མའི་རྣལ་འབྱོར་ཐུགས་རྗེ་མྱུར་བསྐུལ་དང་། མྱུར་འབྱོན་གསོལ་འདེབས་སོགས་ཀྱི་སྒོ་ནས་སྤྲུལ་པའི་ཟླ་ཞལ་མྱུར་དུ་བྱོན་པའི་གསོལ་བ་སྨོན་ལམ་སྙིང་དབུས་ནས་འདེབས་པ་དང་། དེ་མཚུངས་ད་ཐེངས་སྒྲོལ་མ་འབུམ་ཐེར་ཚོགས་སྐབས་སུ་སྦྱིས་མེད་ནང་མི་དམངས་ཀྱིས་གཙོས་སྦྱིན་བདག་གནང་མཁན་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་འབྲེལ། དགེ་བའི་རྩ་བ་འདིའི་མཐུས་རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བ་དང་། མི་དབང་ཆོས་རྒྱལ་དམ་པའི་ཐུགས་དགོངས་ལྷུན་གྱིས་གྲུབ་པའི་སྨོན་འདུན་གྲངས་མེད་བཅས་ཞུའོ། །
During the holy month of Saga Dawa, which commemorates the birth, enlightenment, and Parinirvana (passing into Nirvana) of Buddha Shakyamuni, we successfully completed 100,000 recitations of Tara prayers (Tara Bumtsog) and conducted the Konchok Chidue Tsok Offering Ceremony, concluding with auspicious dedication prayers.
Additionally, in memory of our beloved late teacher, Kyabje Khenchen Thrangu Rinpoche, we offered prayers and aspirations through the recitation of Guru Yoga practices, urgent invocation prayers, and supplications for his swift reincarnation.
Furthermore, we would like to sincerely express our heartfelt gratitude to the people of Bjemina for their generous support, assistance, and sponsorship throughout the week-long Tara recitation event.
Through the merit of these virtuous deeds, may the Buddha's teachings spread and flourish, may all beings find happiness, and may the noble aspirations of the Dharma King be spontaneously fulfilled.
Thank you very much.