Dorjitsay Sanga Nga-Den Thekchog Sum-Goenling

Dorjitsay Sanga Nga-Den Thekchog Sum-Goenling

Share

Contact information, map and directions, contact form, opening hours, services, ratings, photos, videos and announcements from Dorjitsay Sanga Nga-Den Thekchog Sum-Goenling, Religious school, Trongsa, Thimphu.

Photos from Gangteng Buddhist University's post 07/10/2025
Photos from Gangteng Trulku Rinpoche’s Spiritual journey.'s post 05/10/2025
10/08/2025

རང་ལུགས་གནམ་ལོ་ཤིང་མོ་སྦྲུལ་སྤྱི་ལོ་༢༠༢༥ རང་ཟླ་ ༦ པའི་ཚེས་༡༥ ནས་བཟུང་ཀྲོང་གསར་རྡོེ་རྩེ་དགོན་པར་དབྱར་གནས་ཐེངས་༥ པ་དེ་འགོ་བཙུགས་ཡོད་པའི་མཐོང་སྣང་།

25/07/2025

Dasho Sonam Raphael has been a regular supporter to family of Dorjitsay for which we are very grateful. We look forward for a continued support, love and care for our small family.

25/07/2025

Pizza party after our midterm exam. We enjoyed a lot thanks to Mis Tshering for your kind offering.

06/07/2025

སྤྲེལ་ཟླ་ཚེས་བཅུ་རྩིས་སྲུང་ཞུ་བ།

Photos from Dorjitsay Sanga Nga-Den Thekchog Sum-Goenling's post 04/07/2025

རང་ཟླ་ ༥ པའི་ཚེས་༡༠ འདི་ནི་ གསོལ་འདེབས་ལེའུ་བདུན་མ་ལས། ཨེ་མ་ཧོ༔ ལྷོ་ནུབ་རྔ་ཡབ་གླིང་ཕྲན་སྲིན་པོའི་ཡུལ༔ སིནྡྷུ་རྒྱ་མཚོ་རོལ་པའི་མཚོ་གླིང་ན༔ ཀླུ་རྒྱལ་འཇོག་པོ་གནས་པའི་ཁང་སྟེངས་སུ༔ པདྨ་འབར་བའི་སྡོང་པོའི་རྩེ་ལས་འཁྲུངས༔ ཅེས་གསུང་པ་ལྟར་ རང་ཅག་རྣམས་ལ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ བཀྲིན་བླ་ན་མ་མཆིས་པ་ཆེན་པོ་ ཨྱོན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་ནས་གང་ཉིད་ དྷ་ན་ཀོ་ཤ་འོ་མའི་མཚོ་གླིང་ནས་ སྐུ་འཁྲུངས་པའི་དུས་བཟང་ཁྱད་པར་ཅན་སྤྲེལ་ཟླ་ཚེས་བཅུ་་ཞེས་པའི་ཉིན་དེ་ལ་ ཨྱོན་རིན་པོ་ཆེ་དེ་ཉིད་ཀྱི་ཞལ་ནས། ངེ་ཡི་རྗེས་འཇུག་འཁོར་བ་སྤོང་འདོད་རྣམས༔ དད་གུས་མོས་པས་གསོལ་བ་རྒྱུན་དུ་ཐོབ༔ རྩེ་གཅིག་གདུང་བའི་སྒྲ་ཡང་འདི་ལྟ་སྟེ༔ ཁྱེའུ་ཕ་མར་འབོད་འདྲའི་གདུང་དབྱངས་ལ༔ པི་ཝཾ་གླིང་བུ་ལྟ་བུར་སྙན་པ་ཡིས༔ ཉིན་མཚན་དུས་དྲུག་རྣམས་སུ་གསོལ་བ་ཐོབ༔ ཅེས་གསུངས་པ་ལྟར་ ནངས་ཉིན་་ཚོགས་འཁོར་གྱི་བཅའ་སྒྲིགས་དང་མཆོད་པ་དབུལ་བ་སོགས་ཀྱི་སྣང་བསྙན་ཀུན་གྱི་མིག་ལྟས་སུ་འབུལ།

Photos from Dorjitsay Sanga Nga-Den Thekchog Sum-Goenling's post 01/07/2025

འབྱོར་པ་ཅན་གྱི་སྦྱིན་བདག་ཨམ་ཀརྨ་ལྷ་སྒྲོན་ནས་ ང་བཅས་ཀྲོང་གསར་རྡོེ་དགོན་པར་ཐབ་ཚང་ནང་མཁོ་ཆེ་བའི་ཅ་ཆས་ཇ་དམ་(flasks) ཆེ་ཆུང་བཞི་ཞལ་འདེབས་ཕུལ་གནང་མི་ལུ་ ང་བཅས་དགེ་འདུན་འདུས་དམང་ཡོངས་ནས་བཀྲིན་ཆེ་ཞུ།

Photos from Dorjitsay Sanga Nga-Den Thekchog Sum-Goenling's post 01/07/2025

སློབ་དཔོན་མ་ཨ་ནེ་ཨྱོན་ཆོས་འཛོམས་ཀྱི་གཙོས་(Chaiyi Compassion ASSN Taiwan) ཀྱི་སྡེ་མཚན་ཡོངས་ནས་ང་བཅས་ཀྲོང་གསར་རྡོེ་རྩེ་དགོན་པར་དགེ་འདུན་ཡོངས་ལ་གསོལ་ཚོགས་ཀྱི་དོན་དུ་དངུལ་སྒོར་སྟོང་༢༥༠༠༠/- ཐམ་པ་དང་ དགེ་འདུན་ཡོངས་ལ་ཕྱག་འགྱེདཔ་ སྒོར་༥༠༠ རེ་གནང་ཡོད་མི་འདི་ལུ་ ང་བཅས་དགེ་འདུན་འདུས་དམང་ཡོངས་ནས་བཀྲིན་ཆེ་ཞུ་ནི་དང་གཅིག་ཁར་ ་སློབ་དཔོན་མ་མཆོག་ དབང་ཐང་དར་ཤིང་རྒྱས་མཛད་པ་འཕྲིན་ལས་ ཡར་ཚེའི་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་བའི་རེ་སྨོན་ཞུ།

Photos from Dorjitsay Sanga Nga-Den Thekchog Sum-Goenling's post 01/07/2025

དད་ལྡན་སྦྱིན་པའི་བདག་པོ་ ཨམ་སྒྲོལ་མ་ཤར་པ་དང་ཨབ་རྡོེ་མོག་ཏཱན་གཉིས་ཀྱི་ ང་ཅས་ཀྱིས་ཞུ་བཞུན་དུ་ ཐབ་ཚང་ནང་ཉེ་བར་མཁོ་བའི་ཅ་ཆས་་ལྟོའི་སྣོད་ཆེ་ཆུང་གསུམ་ཕུལ་གནང་མི་འདི་ལུ་ ང་བཅས་ཀྲོང་གསར་རྡོེ་རྩེ་དགོན་པའི་དགེ་འདུན་འདུས་དམང་ཡོངས་ནས་བཀྲིན་ཆེ་ཞུ།

Photos from Dorjitsay Sanga Nga-Den Thekchog Sum-Goenling's post 24/06/2025

ཡང་སྲིད་མཆོག་གི་འཁྲུངས་སྐར་བསུ།

༉ དེ་རིང་ཀུན་མཁྱེན་་མི་ཕམ་རིན་པོ་ཆེའི་སྐུ་མཆོད་དང་འབྲེལ་ པད་གླིང་ཐུགས་སྲས་ཟླ་བ་རྒྱལ་མཚན་མཆོག་གི་སྐུའི་ཕྲེང་བ་༡༡ པ་ཨྱོན་འཇིགས་བྲལ་མཐུ་སྟོབས་རྣམ་རྒྱལ་དཔལ་བཟང་པོ་གང་ཉིད། ལྷོ་གཏེར་བུ་སློབ་དང་བསྟན་པ་བརྒྱུད་འཛིན་དང་བཅས་པ་རྣམས་ཀྱི་བགོ་སྐལ་དུ་མཚན་དཔེ་གསར་དུ་བཞེད་པའི་སྐུའི་འཁྲུངས་སྐར་ཕུན་ཚོགས་པ་འདིར། མཆོག་སྤྲུལ་གང་ཉིད་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་འཕྲིན་དར་ཞིང་རྒྱས་པའི་བཀྲིས་བདེ་ལེགས་ཀྱི་སྨོན་ལམ་གྲངས་མེད་ཞུའོ། །

Today is the 7th Birth Anniversary of Yangsi Rinpoche la.
We offer our heartfelt prayers for Rinpoche's long life, good health, and blessings to well-being.
Wish you Happy birthday 🎂la Rinpoche.

ཨོཾ་སྭསྟི། ཨོ་རྒྱན་རྒྱལ་ཚབ་པད་གླིང་ཐུགས་ཀྱི་སྲས།།
མཆོག་སྤྲུལ་འཇིགས་བྲལ་མཚན་དཔེའི་ཉི་གཞོན་གང་།།
གསང་གསུམ་རྟག་བརྟན་མཐུ་སྟོབས་གཟི་འབར་ཞིང་།།
ཕྱོགས་ལས་རྣམ་རྒྱལ་ས་གསུམ་ཁྱབ་གྱུར་ཅིག།

Want your school to be the top-listed School/college in Thimphu?

Click here to claim your Sponsored Listing.

Location

Category

Website

Address


Trongsa
Thimphu