Thrigon Pema Woeling Monastery ཁྲུས་དགོན་པདྨ་འོད་གླིང་གྲྭ་ཚང་།

  • Home
  • Bhutan
  • Tashi Yangtse
  • Thrigon Pema Woeling Monastery ཁྲུས་དགོན་པདྨ་འོད་གླིང་གྲྭ་ཚང་།

Thrigon Pema Woeling Monastery ཁྲུས་དགོན་པདྨ་འོད་གླིང་གྲྭ་ཚང་། Times of luxury do not last long, but pass away very quickly; nothing in this world can be long enjoyed.
- BUDDHA

༈ རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབ་གཅིག་མཛད་ཕྲིན་ཕྱོགས་མཐར་རྒྱས་པའི་སྨོན་འདུན་ཞ...
24/07/2026

༈ རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབ་གཅིག་མཛད་ཕྲིན་ཕྱོགས་མཐར་རྒྱས་པའི་སྨོན་འདུན་ཞུ།

ཨོཾ་སྭསྟི། ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །
འཆི་མེད་རིག་འཛིན་པད་འབྱུང་བི་མ་ལ། །
མར་པ་མི་ལ་དྭགས་པོ་དུས་གསུམ་མཁྱེན། །
བཀའ་དྲིན་ཚེ་བྱིན་མེ་ཏོག་ཆར་དུ་ཕོབས། །
འཇ༵མ་དཔལ་དབྱ༵ངས་སོགས་སྲས་བཅས་རྒྱལ་ཀུན་གྱིས། །
བྱིན་རླབས་ཐོས་བསམ་སྒོམ་པའི་ཡོན་ཏན་རྫོགས། །
འཆད་རྩོད་རྩོམ་པའི་བློ༵་གྲོ༵ས་མཚུངས་པ་མེད། །
ཐུབ་བསྟན་རྒྱ༵ལ་མཚ༵ན་བགྲེངས་བཞིན་ཞ༷བས་བརྟ༷ན་གསོལ། །
རྣམ་དག་ཚུལ་ཁྲིམས་གསེར་གྱི་ས་གཞི་ལ། །
སྨོན་འཇུག་བྱང་སེམས་རི་གླིང་བཀོད་པས་བརྒྱན། །
ལྷ་སྔགས་ཆོས་སྐུར་དག་འབྲས་ཉི་ཟླས་མཛེས། །
ས་གསུམ་འགྲོ་བའི་མགོན་དུ་ཞབས་བརྟན་གསོལ། །
རྒྱལ་བསྟན་སྤྱི་དང་ཁྱད་པར་སྒྲུབ་བརྒྱུད་ཀྱི། །
བཀའ་སྲོལ་བཤད་དང་སྒྲུབ་པའི་སྡེ་ཚོགས་འཕེལ། །
ནག་ཕྱོགས་དུས་ཀྱི་རྒུད་པ་ཀུན་ཞི་ཞིང་། །
རྫོགས་ལྡན་གསར་པའི་དགའ་སྟོན་བཞད་གྱུར་ཅིག །
ཞེས་པ་ནི་གྲུབ་དབང་ནམ་མཁའི་སྙིང་པོས་གསུང་ངོ། །
འཁྲུངས་སྐར་བཀྲ་ཤིས་བདེ་ལེགས་ཞུ།🎂🎂🎂🎂🎉🎉🎉🎂🎈🎈🎈

25/06/2026

རིང་ནས་མ་བཅོས་སྤྲོས་བྲལ་ཆོས་སྐུའི་རྩལ།།
རིང་ནས་མ་འགགས་བདེ་ཆེན་ལོངས་སྤྱོད་རྫོགས།།
རིང་ནས་ཐུགས་རྗེས་གང་འདུལ་སྤྲུལ་པའི་སྐུ།།
རིང་ནས་གུས་པས་བླ་མར་གུས་ཕྱག་འཚལ།།

༈ རང་ཟླ་༤ པའི་ཚེས་༢༩ ལ་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་རྒྱལ་ཀུན་མཁྱེན་པའི་རང་གཟུགས་ལྔ་བརྒྱའི་གཙུག་རྒྱན་དུ་གྱུར་པ་ཀུན་མཁྱ...
14/06/2026

༈ རང་ཟླ་༤ པའི་ཚེས་༢༩ ལ་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་རྒྱལ་ཀུན་མཁྱེན་པའི་རང་གཟུགས་ལྔ་བརྒྱའི་གཙུག་རྒྱན་དུ་གྱུར་པ་ཀུན་མཁྱེན་མི་ཕམ་རིན་པོ་ཆེ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་དེ་ཉིད། གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ་གཟུགས་སྐུ་ཟག་མེད་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ནས་མི་ལོ་༡༡༤ འཁོར་བའི་འདས་མཆོད་རྗེས་དྲན་དུ་དམིགས་ཏེ། རང་རེ་དགོན་པ་འདིར་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཚོགས་མཆོད་དང་། ཆོས་བཤད་ཀྱི་རིམ་པ་ཅུང་ཙམ་བགྱིས་པའི་རྣམ་དཀར་གྱིས་མཐུས་ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ་འཕེལ་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །

རིག་སྟོང་འཇམ་དཔལ་གཞོན་ནུའི་བྱིན་རླབས་ལས། །དགོངས་པའི་ཀློང་ལས་སྤོབས་པའི་གཏེར་བརྒྱད་གྲོལ། །ལུང་རྟོགས་ཆོས་མཛོད་རྒྱ་མཚོའི་མངའ...
14/06/2026

རིག་སྟོང་འཇམ་དཔལ་གཞོན་ནུའི་བྱིན་རླབས་ལས། །

དགོངས་པའི་ཀློང་ལས་སྤོབས་པའི་གཏེར་བརྒྱད་གྲོལ། །

ལུང་རྟོགས་ཆོས་མཛོད་རྒྱ་མཚོའི་མངའ་དབང་བསྒྱུར། །

མི་ཕམ་འཇམ་པའི་དབྱངས་ལ་གསོལ་བ་འདེབས། །

13/06/2026
13/06/2026
༈ དཔལ་མི་དབང་རྒྱལ་བཙུན་ ཨ་ཞེ་རྗེ་བཙུན་པདྨ་དབང་ཕྱུག་མཆོག་ དགུང་ལོ་༣༦ བཞེས་པའི་སྐུའི་འཁྲུངས་སྐར་གྱི་ཉིནམ་ལུ་ཁྲུས་དགོན་པདྨ་...
04/06/2026

༈ དཔལ་མི་དབང་རྒྱལ་བཙུན་ ཨ་ཞེ་རྗེ་བཙུན་པདྨ་དབང་ཕྱུག་མཆོག་ དགུང་ལོ་༣༦ བཞེས་པའི་སྐུའི་འཁྲུངས་སྐར་གྱི་ཉིནམ་ལུ་ཁྲུས་དགོན་པདྨ་འོད་གླིང་གྲྭ་ཚང་འདུས་སྡེ་ཡོངས་ཀྱི་སྒོ་གསུམ་གུས་པས་སྒོ་ལས་བཀྲ་ཤིས་བདེ་ལེགས་ཞུ་ནི་དང་བཅས་མི་དབང་རྒྱལ་བཙུན་མཆོག་སྐུ་ཚེ་ཞབས་པད་བརྟན་མཛད་འཕྲིན་དར་ཞིང་རྒྱས་པའི་སྨོན་འདེབས་ཕུལཝ ཨིན།

29/04/2026

༈ སྐྱབས་རྗེ་ནམ་སྙིང་རིན་པོ་ཆེ་མཆོག་ནས་ཕྱོགས་མཐའ་ཁག་དང་རང་རེ་ཡན་དགོནགྱི་བུ་སློབ་རྣམས་ལ་དགེ་སློང་དང་དགེ་ཚུལ་སྒྲུབ་གནང་བའི་བརྙན་ཐུང་ཞིག།🙏🙏🙏🌷🌺🌺

༈ སྨན་ལྗོངས་ཙན་དན་བཀོད་པའི་ཡུལ་དུ་ཆོས་སྲིད་གཉིས་ཀྱི་འཁོར་ལོ་གཅིག་བསྒྱུར་མཛད་པའི་དཔལ་འབྲུག་པ་རིན་པོ་ཆེ་ཞབས་དྲུང་ངག་དབང་རྣ...
26/04/2026

༈ སྨན་ལྗོངས་ཙན་དན་བཀོད་པའི་ཡུལ་དུ་ཆོས་སྲིད་གཉིས་ཀྱི་འཁོར་ལོ་གཅིག་བསྒྱུར་མཛད་པའི་དཔལ་འབྲུག་པ་རིན་པོ་ཆེ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུས་ནས་བགྲང་བྱ་༣༧༥ འཁོར་བའི་སྐུ་མཆོད་རྗེས་དྲན་ཞུ།

འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རླབས་འཕྲེང་དབུས། །
རྒྱལ་ཀུན་མཁྱེན་བརྩེའི་འདབ་སྟོང་རྒྱས་པ་ལ། །
ཕན་བདེའི་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན། །
ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །🌺🌺🌷🌷🙏🙏

20/04/2026

Address

Tashi Yangtse

Website

Alerts

Be the first to know and let us send you an email when Thrigon Pema Woeling Monastery ཁྲུས་དགོན་པདྨ་འོད་གླིང་གྲྭ་ཚང་། posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share