Yoeselcholing Monastery གསར་སྤང་འོད་གསལ་ཆོས་གླིང་།

  • Home
  • Bhutan
  • Sarbhang
  • Yoeselcholing Monastery གསར་སྤང་འོད་གསལ་ཆོས་གླིང་།

Yoeselcholing Monastery གསར་སྤང་འོད་གསལ་ཆོས་གླིང་། A branch monastery of Kyabje Namkhai Nyingpo Rinpoche.

23/09/2026

Happy Thruebab!
ཁྲུས་བབས་ཀྱི་ཉིནམ་ལུ་བཀྲིས་བདེ་ལེགས།

02/09/2026

In conversation with H.H. Namkhai Nyingpo Rinpoche, the seventh rei...

༈ བྱིན་རླབས་ཅན་གྱི་ས་ག་ཟླ་བའི་ཚེས་བཟང་༣༠ གནམ་གང་དེ་དམིགས་བསལ་གྱི་ཚེས་བཟང་དུས་བཟང་ཡིན་པ་ཡང་དུས་གསུམ་བདེ་གཤེགས་ཀུན་འདུས་ཀྱ...
15/06/2026

༈ བྱིན་རླབས་ཅན་གྱི་ས་ག་ཟླ་བའི་ཚེས་བཟང་༣༠ གནམ་གང་དེ་དམིགས་བསལ་གྱི་ཚེས་བཟང་དུས་བཟང་ཡིན་པ་ཡང་དུས་གསུམ་བདེ་གཤེགས་ཀུན་འདུས་ཀྱི་ངོ་བོ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་མཚུངས་པ་མེད་པ་འདི་ཕྱི་ཚེ་རབས་གཏན་གྱི་སྐྱབས་གནས་དམ་པ་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་བླ་ན་མ་མཆིས་པ་རང་རེའི་དྲིན་ཆེན་རྩ་བའི་བླ་མ་༧ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་ཡིད་བཞིན་ནོར་བུ་རྡོ་རྗེ་འཆང་མཆོག་སྐུ་བལྟམས་པའི་དུས་བཟང་སྟེ་དེ་རིང་དེ་ཉིན་༧ སྐྱབས་རྗེ་རིན་པོ་ཆེ་མཆོག་དགུང་ལོ་༦༡ བཞེས་པའི་སྐུའི་འཁྲུངས་སྐར་གྱི་དུས་བཟང་ལ་མཁར་ཆུ་ཡན་དགོན་གསར་སྤང་འོད་གསལ་ཆོས་གླིང་གྲྭ་ཚང་འདིར་སྐྱབས་མཆོག་གང་ཉིད་ཀྱི་ཐུགས་ཀྱི་དགོངས་པ་མཐའ་དག་འབད་མེད་ལྷུན་གྲུབ་ཏུ་གྲུབ་པ་དང་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཕྱིར་མི་ཕྱེད་དད་དང་དད་གུས་སྤྲོ་གསུམ་གྱི་ངང་སྨོན་འདུན་ཟབ་མོ་དང་བཅས་འཁྲུངས་སྐར་སྲུང་བརྩི་ཞུ་གནང་ཡོད་པའི་མཐོང་སྣང་ལགས་སོ།།

The auspicious 30th day of the blessed fourth lunar month Saga Dawa being exceptionally sacred and auspicious is because it is the birth anniversary of our dearest Root Guru—the essence of all the Buddhas of three times, the pervasive sovereign of the ocean of lineage and mandala, abounded with incomparable kindness, the ultimate refuge of both this and all future lives, the unsurpassable refuge and protector of all the sentient beings—
the wish-fulfilling gem, Vajradhara Kyabje Namkhai Nyingpo Rinpoche. Today on this auspicious day of Kyabje Rinpoche's 61st birth anniversary, we at Yoeselchholing Monastery, Sarpang Kharchu Branch, for the long life and spontaneous fulfilment of all the noble wishes of Kyabje Rinpoche, celebrated Kyabje Rinpoche's auspicious 61st birth anniversary with utmost and unfailing devotion, reverence, and cheerfulness followed by the profound prayers.

༈ དེ་རིང་སྤྱི་ལོ་༢༠༢༦ ལོའི་ཁྱད་པར་ཅན་གྱི་རང་ཟླ་༤ པ་ས་ག་ཟླ་བའི་ཚེས་༢༩ སྟེ་འཇམ་མགོན་བླ་མ་ཀུན་མཁྱེན་མི་ཕམ་རིན་པོ་ཆེ་མཆོག་དག...
14/06/2026

༈ དེ་རིང་སྤྱི་ལོ་༢༠༢༦ ལོའི་ཁྱད་པར་ཅན་གྱི་རང་ཟླ་༤ པ་ས་ག་ཟླ་བའི་ཚེས་༢༩ སྟེ་འཇམ་མགོན་བླ་མ་ཀུན་མཁྱེན་མི་ཕམ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་མི་ལོ་༡༡༤ འཁོར་བའི་དུས་བཟང་གི་ཉིན་མོར་མཁར་ཆུ་ཡན་དགོན་གསར་སྤང་འོད་གསལ་ཆོས་གླིང་གྲྭ་ཚང་འདིར་དགེ་འདུན་འདུས་པ་རྒྱ་མཚོས་ཚོགས་ཀྱི་འཁོར་ལོ་སྐོར་གནང་བ་དང་བཅས་བཤད་གྲྭ་བ་རྣམས་ཀྱིས་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་སྲོལ་བཟང་པོར་འཇུག་གནང་བའི་ཐོག་མཚུངས་མེད་ཀུན་མཁྱེན་བླ་མ་གང་ཉིད་ཀྱི་དགོངས་རྫོགས་འདས་མཆོད་དད་གུས་སྤྲོ་གསུམ་གྱི་ངང་རྗེས་དྲན་ཞུ་གནང་ཡོད།

Today on 29th day of the very special 4th lunar month, Saga Dawa, of the year 2026 which marks the auspicious 114th Mahaparinirvana anniversary of the Omniscient Nyingma Master Kunkhyen Mipham Rinpoche (1846-1912), the Sangha of Sarpang based Kharchu Branch Yoeselcholing Monastery performed Ganachakra feast offering ritual followed by the performance of the Buddhist philosophical system—exposition, debate, and composition—by the monk students to commemorate the day. With such sincere tribute of performing ritual and Buddhist philosophical activities, this special event was commemorated with utmost devotion, reverence, and cheerfulness for the wisdom, kindness, and noble presence of the peerless Ju Mipham Rinpoche.

13/06/2026

The Kurim performed for Kyabje Rinpoche and all the sentient beings today. May this sound of religious instruments bring peace and open the path to ultimate liberation, Buddhahood!🙏

We cordially welcome you all to celebrate Kyabje Rinpoche's 61st Birth Anniversary on 30th day of the fourth lunar month...
11/06/2026

We cordially welcome you all to celebrate Kyabje Rinpoche's 61st Birth Anniversary on 30th day of the fourth lunar month (15th June, 2026).
Ritual will be performed for 3 days (13th–15th June).
Birthday Celebration – 15th June.
Cake cutting ceremony – 3:30 PM
Venue: Yoeselcholing Monastery, Kharchu Branch (Sarpang Gakiling, Hilley).

Today on the auspicious Birth Anniversary of our beloved Her Majesty the Gyaltsuen, we utterly rejoice in celebration, p...
04/06/2026

Today on the auspicious Birth Anniversary of our beloved Her Majesty the Gyaltsuen, we utterly rejoice in celebration, praying for Her Majesty's continued good health, long life, and fulfilment of all the noble wishes!

༈ ལོ་བསྟར་བཞིན་ འབྲུག་བུམ་ཐང་ལྷོ་བྲག་མཁར་ཆུ་གི་ཡན་ལག་དགོན་པ་ གསར་སྤང་འོད་གསལ་ཆོས་གླིང་གྲྭ་ཚང་གི་འདུས་ཚོགས་ཡོངས་ཀྱིས་ སྦྱ...
24/05/2026

༈ ལོ་བསྟར་བཞིན་ འབྲུག་བུམ་ཐང་ལྷོ་བྲག་མཁར་ཆུ་གི་ཡན་ལག་དགོན་པ་ གསར་སྤང་འོད་གསལ་ཆོས་གླིང་གྲྭ་ཚང་གི་འདུས་ཚོགས་ཡོངས་ཀྱིས་ སྦྱིན་བདག་ཨམ་སྐལ་བཟང་གིས་ སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་ལུ་ ཞུ་བ་ཕུལ་ཡོད་དོ་བཟུམ་སྦེ་ དྲིན་ཆེན་རྩ་བའི་བླ་མ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ སྐུ་ཚེ་ཞབས་པད་བརྟན་ནི་དང་ འདི་བཟུམ་སྦེ་ འགྲན་ཟླ་མེད་པའི་སྐྱབས་མཆོག་ རྒྱལ་བ་ཤཀྱཱ་སེང་གེ་གི་བསྟན་པ་སྤྱི་དང་ བྱེ་བྲག་དྲིན་ཆེན་རྩ་བའི་བླ་མ་མཆོག་གི་ཆོས་བརྒྱུད་ སྔ་འགྱུར་བྱང་གཏེར་དང་ གཞན་ཡང་ཀློང་ཆེན་སྙིང་ཐིག་འབྲུག་པ་བཀའ་བརྒྱུད་ཚུ་ མི་ཉམས་གོང་འཕེལ་དང་ འདི་བཞིན་དུ་ སྤྱིར་འཛམ་གླིང་ཞི་བདེ་དང་ ལྷག་པར་དུ་ ང་བཅས་རའི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ནང་ལུ་ བདེ་སྐྱིད་ཀྱི་ཉིམ་དུས་གཏན་རྐྱང་ཤར་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་དབུ་གཙོས་པའི་ སྐུ་འཁོར་ལྷན་རྒྱས་རྣམས་ སྐུ་ཚེ་ཞབས་པད་བརྟན་ནི་དང་གཅིག་ཁར་ མི་དབང་མཆོག་གི་ཐུགས་ཀྱི་དགོངས་གཏེར་ དགེ་ལེགས་ཕུག་དྲན་ཤེས་ཁྲོམ་(GMC) འདི་ཡང་ གེགས་མེད་ལྷུན་གྱིས་གྲུབ་ཚུགས་ནི་དང་ སྤྱིར་བསྟན་པའི་སྦྱིན་བདག་དང་འགྲོ་བ་སེམས་ཅན་མཐའ་དག་གི་དོན་ལུ་དམིགས་ཏེ་ མཁར་ཆུ་ཡན་དགོན་ གསར་སྤང་འོད་གསལ་ཆོས་གླིང་གྲྭ་ཚང་འདི་ནང་ལུ་ རང་ཟླ་བཞི་པ་ས་ག་ཟླ་བའི་ཚེས་༨ ལས་ ཚེས་༡༠ ཚུན་ཚོད་ཀྱི་བར་ ཉིནམ་གསུམ་གྱི་རིང་ལུ་ ཚོགས་ཆེན་ཐུགས་རྗེ་ཆེན་པོ་གི་ཆོ་ག་ སྡུག་བསྔལ་རང་གྲོལ་འཚོག་གནང་བའི་ཐོག་ལས་ རླབས་ཆེན་སྐུ་རིམ་བསྒྲུབ་གནང་ནི་ཨིནམ་ལས་ དད་ལྡན་མི་དམངས་ཡོངས་ལུ་ ཚེ་ད་རིས་ སྒྲིབ་སྦྱང་ཚེ་བསོད་དབང་ཐང་དར་ནི་དང་ ཚེ་ཕྱི་མ་ཡང་ མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ཐོབ་ཐབས་ལུ་ དངོས་འབྱོར་ཡོངས་འབྲེལ་ག་འབད་རུང་ དེ་ཚུ་གི་ཐོག་ལས་ སྨོན་ལམ་བཏབ་གནང་ནི་གི་དོན་ལུ་ བཅའ་མར་གཏོགས་གནང་ཟེར་ གསར་སྤང་འོད་གསལ་ཆོས་གླིང་གྲྭ་ཚང་གི་ཧོངས་ལས་ ཞུ་བ་ཕུལཝ་ཨིན།

In line with the earnest request made to Kyabje Namkhai Nyingpo Rinpoche by the patron Aum Kezang, every year the Sangha of Yoeselcholing Monastery, Lhodrak Kharchu Branch in Sarpang, performs the ritual for the duration of three days in the auspicious fourth lunar month Saga Dawa. In this regard, the profound ritual of Avalokitesvara (Chenrezig) named "Self liberation of the Suffering" is performed for the benefit of dharma patrons and all the sentient beings in general, and in particular for the well-being and long life of the root guru Kyabje Rinpoche, His Majesty the King, and the royal family. The prevalence of peace in the world and specifically in our country Bhutan, the swift and successful completion of the great, visionary initiative (GMC) of our beloved King, and the preservation and flourishment of Buddha dharma as a whole, especially the "Northern Treasure" lineage of the root guru Kyabje Rinpoche and others like Longchen Nyingtik and Drukpa Kagyu are also the reasons this great ritual is performed for. Yoeselchholing Monastery family, therefore, cordially requests all the devout people to make your valuable participation from 8th to 10th day of the auspicious fourth lunar month by whatever means possible, online or actual visit, to pray for all the success in this life and also for getting higher rebirth in the next, ultimately attaining Buddhahood for the benefit of all the sentient beings.

༈ དེ་རིང་རང་ཟླ་བཞི་པ་ས་ག་ཟླ་བའི་དུས་བཟང་གི་ཚེས་༢ པའི་ཉིན་མཁར་ཆུ་ཡན་དགོན་གསར་སྤང་འོད་གསལ་ཆོས་གླིང་གྲྭ་ཚང་འདིར་ད་ལོར་གསར་བ...
18/05/2026

༈ དེ་རིང་རང་ཟླ་བཞི་པ་ས་ག་ཟླ་བའི་དུས་བཟང་གི་ཚེས་༢ པའི་ཉིན་མཁར་ཆུ་ཡན་དགོན་གསར་སྤང་འོད་གསལ་ཆོས་གླིང་གྲྭ་ཚང་འདིར་ད་ལོར་གསར་བྱོན་གྱི་སློབ་དཔོན་འཇིགས་མེད་དབང་ཕྱུག་མཆོག་ལ་བསུ་བ་རྟེན་འབྲེལ་གྱི་བཀྲ་ཤིས་ལེགས་དར་ཕུལ་ཡོད་པའི་བརྙན་པར།

Coinciding with the 2nd day today of the auspicious 4th lunar month (Saga Dawa), a newcomer teacher Lopen Jigme Wangchuk at Yoeselcholing Monastery, Sarpang Kharchu Branch, was offered the auspicious welcome scarf in a gesture of joy for his arrival.

Every year the 4th month of the lunar calendar is observed as a very special and holy month (Month of Merits). It is bec...
17/05/2026

Every year the 4th month of the lunar calendar is observed as a very special and holy month (Month of Merits). It is because the three most important events in the life of Lord Buddha—birth, enlightenment, and mahaparinirvana—are known to have occurred on the 15th day (Full Moon) of this lunar month. It is widely known as "Saga Dawa" the month named after the star called Saga associated with it. It is also called "Bumgyur Dawa" as the effects or the karmic results of both the virtuous and nonvirtuous actions are said to get multiplied by one hundred thousand times. Abstaining from unwholesome actions and accumulating merits or doing Dharma practice during this period are immensely emphasized. Happy Saga Dawa Duchen!

Address

Gakiling, Hilley
Sarbhang

Website

Alerts

Be the first to know and let us send you an email when Yoeselcholing Monastery གསར་སྤང་འོད་གསལ་ཆོས་གླིང་། posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share