14/12/2021
༉ དཔལ་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ སྤྱི་ལོ་ ༡༥༩༤ པའི་ རང་ཟླ་བཅུ་གཅིག་པའི་ཚེས་ ༡༡ ལུ་ ཡབ་བསྟན་པའི་ཉི་མ་དང་ ཡུམ་བསོད་ནམས་དཔལ་གྱི་བུ་ཁྲིད་རྣམ་གཉིས་ཀྱི་སྲས་སྦེ་ སྐུ་འཁྲུངས་ནུག། སྤྱི་ལོ་ ༡༦༡༦ ལུ་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ ལྷོ་མོན་ནགས་ལྗོངས་འདི་ བསྟན་པའི་གདུལ་ཞིང་སྦེ་བཞེས་ཏེ་ ས་གནས་དགོན་མགར་ས་ལས་གླིང་བཞི་བརྒྱུད་དེ་ གདན་ས་སྤང་རི་ཟམ་པ་ལུ་ཕེབས་སྦེ་ བྱིན་གྱིས་བརླབས་གནང་ནུག།
དེ་ལས་ སྤྱི་ལོ་ ༡༦༢༡ ལུ་ གདན་ས་ལྕགས་རི་ལུ་ དགེ་སློང་ཞལ་གྲངས་ ༣༠ དེ་ཅིག་འབད་དགེ་འདུན་འདུས་པའི་གཞུང་གྲྭ་ཚང་གི་སྡེ་གསར་སྦེ་བཙུགས་གནང་ནུག། ཞབས་དྲུང་རིན་པོ་ཆེ་མཆོག་གིས་ ལྷོ་མོན་འདི་འབྲུག་དང་ མོན་པ་འདི་འབྲུག་པ་ཟེར་བའི་ཐ་སྙད་གསོལ་གནང་སྟེ་ ལུང་ཕྱོགས་སོ་སོ་སྦེ་ཁ་གཏོར་ཡོད་མི་ཚུ་ཡང་ འབྲུག་པའི་མངའ་འོག་ལུ་འདུས་ཏེ་ རྫོང་ཆེན་མང་རབས་ཅིག་ རིམ་གྱིས་བཞེངས་གནང་བའི་རྗེས་སུ་ འབྲུག་རྒྱལ་ཁབ་འདི་གཅིག་སྒྲིལ་བཟོ་གནང་ཡི། དེ་མ་ཚད་ ཆོས་སྲིད་ལུགས་གཉིས་ཀྱི་གཞུང་གཞི་བཙུགས་མཛད་དེ་ རྒྱལ་ཁབ་འདི་བདེ་སྐྱིད་དང་ལྡནམ་སྦེ་ སྲིད་ཀྱི་གནས་སྟངས་ཡང་སྒྲིང་སྒྲི་བཟོ་བའི་ཤུལ་ལས་ ཐུགས་དམ་ལུ་བཞུགས་གནང་ནུག།
ད་རིས་ རང་ཟླ་ ༡༡ པའི་ཚེས་ ༡༡ འདི་ ཞབས་དྲུང་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་ཆེན་ཐེངས་ ༤༢༧ པ་ཨིནམ་ལས་ ཞབས་དྲུང་མཆོག་གི་མཛད་རྣམ་ལས་ ད་རེས་ང་བཅས་འབྲུགཔ་ཚུ་ རང་དབང་རང་བཙན་སྦེ་ དགའ་སྐྱིད་སྤྲོ་གསུམ་གྱི་སྒོ་ལས་ སྡོད་ནིའི་གོ་སྐབས་ཐོབ་མི་ལུ་ སེམས་ཀྱི་གདིང་ལས་ར་ བཀྲིན་དགའ་ཚོར་བསམ་དགོཔ་ཨིན། དེ་མ་ཚད་ ཕྱིན་ཆད་ རྒྱལ་ཁབ་ཀྱི་རང་དབང་ལུ་འགྱུར་ལྡོག་མེད་པའི་ཁར་ བདེ་སྐྱིད་ཀྱི་ཉིནམ་ལུ་རྒྱུན་ཆད་མེད་པ་ ཡུན་བརྟན་སྦེ་གནས་པའི་སྨོན་ལམ་བཏབ་དགོཔ་འདི་གལ་ཆེ། དེ་འབདཝ་ལས་ ད་རིས་ ཁྱད་པར་འཕགས་པའི་ཉིནམ་དང་འབྲེལ་ གཞུང་གྲྭ་ཚང་དབུ་བརྙེས་ཏེ་ མི་ལོ་ ༤༠༠ འཁོར་བའི་དུས་སྟོན་བརྩི་སྲུང་ཞུཝ་ཨིན།
December 14, 2021:
The great unifier of Bhutan, Zhabdrung Ngawang Namgyel, was born to Yab Tenpai Nyima and Yum Sonam Palkyi Buthri on the 11th day of the 11th month according to the lunar calendar in the year 1594. He arrived to Bhutan in the Fire Dragon year (1616) at the age of twenty three and passing through Gasa to reach Thimphu, blessed the entire region with his lotus feet. In 1621, Zhabdrung Rinpoche established the first Sangha community at Chari and appointed Pekar Jungney (who later became the first Je Khenpo) as the disciplinary master. He built many Dzongs and monasteries which are still prominent today. By 1651, Zhabdrung Rinpoche unified the country which was earlier ruled by regional heads and divided into warring factions. He introduced the dual system of governance and the country once known as Lhomon was renamed "Druk" and the people as "Drukpas," as a proclamation of his political and spiritual supremacy in the land. Having brought peace and political stability in the country, he entered into permanent retreat in 1651 and today, on the 427th Birth Anniversary of Zhabdrung Rinpoche, we offer deep gratitude for the peace and happiness that we enjoy today. May we offer our collective prayers and may the sun of happiness continue to shine upon blessed Bhutan.
To commemorate the special event and in celebration of 400 years since the establishment of Zhung Dratshang.