21/09/2026
༈ པད་གླིང་རྔ་འཆམ་གྱི་འབྱུང་ཁུངས་དང་གནང་དགོ་པའི་དགོས་པ།
དུས་རབས་ ༡༥ པ་སྤྱི་ལོ་ ༡༤༨༡ རང་ཟླ་ ༤ པའི་ཚེས་ ༡༥ ལུ་གཏེར་ཆེན་པདྨ་གླིང་པ་མཆོག་ གདན་ས་དགོན་པདྨ་གླིང་ལུ་བཞུགས་པའི་སྐབས་ཤིག་ལུ་མཁའ་འགྲོ་མ་གསུམ་རིག་འཛིན་ཆེན་པོའི་སྐུ་མདུན་ལུ་བཅར་དེ་བུ་གསལ་བྱེད་ཤེས་པ་ཡར་ཐོན་ལ།མིག་གི་དབང་པོས་ཕར་ལྟོས་ཤིག །དཔལ་རི་པདྨ་བྱིན་རེ་ཆེ། །པདྨའི་གཞལ་ཡས་མདངས་རེ་གསལ། །རིག་འཛིན་ཚོགས་རྣམས་ཉམས་རེ་དགའ། །དཔའ་བབོ་མཁའ་འགྲོ་བག་རེ་བྲོ། །ཉམས་དགའི་གནས་མཆོག་དམ་པ་རུ། །བུ་ཁྱོད་སྤྲོ་བས་མི་འགྲོ་འམ། །ཟེར་གླུ་དེ་སྦེ་འཐེན་ཕུལ་ཞིནམ་ལས་ འོག་མིན་ཟངས་མདོག་དཔལ་རིའི་གཞིང་ཁམས་ལུ་ གདན་འདྲེན་ཞུ་དེ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་དང་མཇལ་ དབང་ལུང་ཚུ་ཞུ་ཚར་ཞིནམ་ལས་མཁའ་འགྲོ་མ་གསུམ་གྱིས་ཕོ་བྲང་གི་ཕྱི་ཡི་མཐའ་འཁོར་ལས་ཕར་གཟིགས་པར་འབྱོན་གེ་ཟེར་ཞུཝ་བཞིན་དུ་ཤར་ཕྱོགས་ལས་རིམ་པ་བཞིན་འབྱོན་ཏེ་ནུབ་བྱང་མཚམས་ལུ་ཡོད་པའི་ རིན་པོ་ཆེ་ཟངས་ལས་གྲུབ་པའི་ཕོ་བྲང་གཙང་ཞིང་ཉམས་དགའ་བ་སྦོམ་ཅིག་གི་ནང་ལུ་དཔའ་བོ་དང་མཁའ་འགྲོ་མ་ཚུ་ཕོ་མོའི་བར་བཟང་ངན་གྱི་ཁྱད་པར་སོགས་ག་ནི་ཡང་མེད་པར་གླུ་གར་གྱི་རོལ་ཆས་གྱོན་ཞིནམས་ལས་ ཉིནམ་གཅིག་གི་རིང་གླུ་གར་གྱི་མཆོད་པ་སྣ་ཚོགས་ཕུལ་བའི་གྲལ་ལས་མགོ་བརྙན་སྣ་ཚོགས་ཀྱི་ཞལ་འབག་བཞེས་ཏེ་ ཕྱག་མཚན་རྔ་ཆུང་དང་རྔས་ཏོག་རེ་བསྣམས་ཏེ་གནང་བའི་འཆམ་དེ་གི་ མ་འོངས་འཛམ་གླིང་ནང་ བདེ་སྐྱིད་གོང་ནས་གོང་འཕེལ་གྱི་རྒྱུ་རྐྱེན་སྦོམ་ཅིག་ལུ་གཟིགས་ཏེ་ འཆམ་གྱི་ལེའུ་ཚུ་གེ་རང་ རིག་འཛིན་ཆེན་པོ་པདྨ་གླིང་པ་མཆོག་གིས་ཐུགས་ལུ་བསྣམས་ཏེ་ ཤུལ་ལས་སྤྱི་ལོ་ ༡༥༠༥ དེ་ཅིག་ལུ་སྔགས་ཆོས་རྗེས་རྣམ་གཉིས་ཀྱིས་གཙོས་པའི་སློབ་མ་ཚུ་ལུ་ ལེའུ་རེ་རེ་བཞིན་སྟོན་གནང་ཞིནམ་ལས་ འཇིག་རྟེན་འཛམ་གླིང་ནང་ འགོ་ཐོག་དང་པ་ གཏམ་ཞིང་ལྷ་ཁང་གི་བསྒྲུབས་པའི་སྐབས་ མི་དམངས་ལུ་མཇལ་ཁ་གནང་ནིའི་སྲོལ་བཙུགས་གནང་ནུ། དེ་ལས་ཚུར་ད་བར་ ལོ་ལྟར་བཞིན་མཇལ་ཁ་ཕུལཝ་ཨིན། དེ་སྦེ་མཇལ་ཁ་ཕུལ་དགོ་མི་དེ་ཡང་ གཏེར་ཆེན་རིན་པོ་ཆེའི་ཐུགས་དགོངས་རྫོགས་ནི་དང་ ང་བཅས་རའི་རྒྱལ་ཁབ་ནང་ཕོ་མོའི་བར་ བཟང་ངན་གྱི་ཁྱད་པར་ཕྱེ་ནི་ལ་སོགས་པའི་བསམ་ངན་ཞི་ཐབས་དང་ བདེ་སྐྱིད་སྔར་ལས་དར་ཞིང་རྒྱས་ཐབ་ལུ་དམིགས་ཏེ་ཨིནམ་པས་ཟེར་ཞུ་ནི་ཨིན
The Origin and Purpose of Peling Nga Cham
In the 15th century, on the 15th day of the 4th month corresponding to 1481, when the great treasure revealer, Tertön Pema Lingpa, was residing at his seat in Peling Monastery, three dakinis (celestial beings) appeared before the great master. They presented him with a visionary revelation. From the wisdom eye, he perceived:
"On the glorious mountain with copper-coloured lies Pema Pelri palace (Zangdokpelri). In the radiant palace of Padma, the great gathering of accomplished masters is filled with bliss. The heroic dakinis perform their dance of joy in the supreme sacred place. O child, will you not come with delight?"
After receiving this visionary song, he was invited in a pure vision to the luminous realm of the Copper-Colored Mountain, the sacred palace of Guru Rinpoche. There, he received blessings, empowerments, and transmissions directly from Guru Rinpoche.
After receiving transmission from Guru Rinpoche, the three dakins requested Pema Lingpa to visit around the Zangdhopleri. As request he visited starting from eastern direction and proceeded gradually until he reached the north-western boundary, where lies a great and blissful copper palace. There, he saw a dakas and dakinis abide together without distinction of male and female. They are adorned with the instruments of music and dance. He joined them for a whole day in the performance of their songs, dances, and offerings. He received diverse masks and costumes.
Having received this sacred transmission, the great master Pema Lingpa brought it back in his enlightened mind stream. In 1505, he transmitted each chapter of the dance to his close disciples, especially to the two great ta***ic masters Cheyjay Natsho Randrol and Umze Drukpa Khenden.
From then on, this sacred dance was first performed during the consecration of Tamzhing Lhakhang, Pema Lingpa’s temple. Since that time, it is performed regularly as part of religious gatherings and ceremonies at Tamzhing.
The purpose of Peling Nga Cham to reveal the enlightened vision of Guru Rinpoche, to subdue harmful negative forces, to dispel evil intentions such as the division between male and female, good and bad, and to bring harmony, peace, happiness, and increase of merit and prosperity in this world.
This dance was revealed through the perfect enlightened intention of the great treasure revealer himself.