Tamshing Lhalung Monastery Nyingma Buddhist Institute

Tamshing Lhalung Monastery Nyingma Buddhist Institute LHALUNG NYINGMA INSTITUTE (Shedra) established by H.H Pedling Yabsey in year 2007. It's located at Tamshing Bumthang.

༉ བདེན་བཞི་ཆོས་འཁོར་དུས་ཆེན་ཧོར་ཟླ་དྲུག་པའི་ཚེས་དྲུག་ནས་བཟུང་ཡར་ངོའི་དུས་བཟང་།                                    ཀུན་མཁ...
24/07/2026

༉ བདེན་བཞི་ཆོས་འཁོར་དུས་ཆེན་ཧོར་ཟླ་དྲུག་པའི་ཚེས་དྲུག་ནས་བཟུང་ཡར་ངོའི་དུས་བཟང་།
ཀུན་མཁྱེན་རང་འབྱུང་རྡོ་རྗེས།
ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉི་ཤར་ལ།།
དྷ་ན་ཀོ་ཤར་པདྨའི་སྦུབས་ལ་བྱོན།།
ཞེས་པའི་དུས་བཟང་ཁྱད་འཕགས་ཅན་དེ་ཉིད་དུ། ལོ་ལྟར་གནང་སྲོལ་ཡོད་པའི་ལྷོ་གཏེར་བསྟན་པའི་མངའ་བདག་རིག་འཛིན་པདྨ་གླིང་པའི་བླ་རྫོགས་ཐུགས་གསུམ་གྱི་ཡ་གྱལ་བུམ་ཐང་སྟང་རི་མོ་ཅན་ནས་སྤྱན་དྲངས་པའི་གཏེར་ཆོས་ཐུགས་རྗེ་ཆེན་མོ་མུན་སེལ་སྒྲོན་མེའི་སྒོ་ནས་སྒྲུབ་མཆོད་དེ་ཉིད་ཚེས་དགུའི་ཉིན་བདག་འཇུག བཅུའི་ཉིན་ཞི་བའི་སྦྱིན་སྲེག་དང་མཐར་མར་མེ་སྨོན་ལམ་གྱིས་མཐའ་ལེགས་པར་སྒྲུབ་གནང་བའི་སྐབས་ཀྱི་འདྲ་པར་དགའ་ཞིག་ལགས་སོ།།

༼གསལ་བསྒྲགས།༽                     ༉ སྙིང་རྗེ་ཆེན་པོ་ཐུགས་བསྐྱེད་རྨད་འབྱུང་བའི།།                       རྫོགས་སངས་རྒྱས་དང་...
19/07/2026

༼གསལ་བསྒྲགས།༽

༉ སྙིང་རྗེ་ཆེན་པོ་ཐུགས་བསྐྱེད་རྨད་འབྱུང་བའི།།
རྫོགས་སངས་རྒྱས་དང་འཁོར་བསྒྱུར་སྟོང་ལ་སོགས།།
བསྐལ་བཟང་འདྲེན་པ་ཀུན་གྱི་སྤྲུལ་པའི་གཞི།།
འཕགས་མཆོག་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ
ཞེས་སྟོན་པ་བཀའ་དྲིན་ཅན་གང་གིས་འཁོར་ལྔ་སྡེ་བཟང་པོ་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་གནང་བའི་ཟླ་བ་ཁྱད་པར་ཅན་དང་འབྲེལ། བུམ་ཐང་རྩེ་ལུང་ལྷ་ཁང་ངམ་དཀོན་མཆོག་གསུམ་གཙུག་ལག་ཁང་ནང་། སྤྱིར་འཛམ་བུའི་གླིང་འདིར་ནད་དང་དམག་འཁྲུག་སོགས་ཞི་ཐབས་དང་། ཁྱད་པར་འབྲུག་གི་སྤྱི་ནོར་དམ་པ་མི་དབང་ཡབ་མེས་སྲས་གསུམ་དང་སྐུ་འཁོར་ལྷན་རྒྱས་ཀྱིས་གཙོས། བློན་འབངས་ཐམས་ཅད་རྟག་ཏུ་དགའ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་རྒྱུ་དང་། ཡང་སྒོས་ཐུབ་བསྟན་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་མཁའ་ལྟར་མཉམ་པ་སོགས་ཀྱི་ཕན་བདེའི་སྒོ་དུ་མར་དམིགས་ནས། སྔར་སྲོལ་བཞིན་བླ་མ་ངག་དབང་མཆོག་ལེགས་དཔལ་བཟང་པོས་གཙོས་མཁན་སློབ་དགེ་འདུན་འདུས་པ་རྣམས་ཀྱིས། རང་ལུགས་གནམ་ལོ་མེ་ཕོ་རྟ་ལོ་རང་ཟླ་༦ པའི་ཚེས་༦ ནས་དབུ་བཙུགས་ཉིན་ལྔའི་རིང་གཏེར་སྟོན་ཆོས་ཀྱི་རྒྱལ་པོ་རིག་འཛིན་པདྨ་གླིང་པའི་གཏེར་བྱོན། བླ་རྫོགས་ཐུགས་གསུམ་གྱི་ཡ་གྱལ་བུམ་ཐང་སྟང་རི་མོ་ཅན་ནས་ཟབ་གཏེར་དུ་བཞེས་པ། ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེའི་སྒྲུབ་མཆོད་གནང་རྒྱུ་ལགས་པས། དད་སྦྱིན་མི་དམངས་ཡོངས་གསོལ་བ་གསོལ་ཇ་སོགས་དྲངས་འདོད་ཡོད་ན་ཁ་གསལ་བཞིན་མཁྱེན་ཆེད་འགྲུལ་འཕྲིན་ཨང་ 17278449 ཡང་ན་17421233 17421481 ནང་འབྲེལ་བ་མཛད་གནང་ཞུ་ཞུ།།

25/06/2026
༉ སྨྲ་བའི་སེང་གེའི་མཁྱེན་རབ་སྙིང་ལ་ཤར། །ཀུན་ཏུ་བཟང་པོའི་སྨོན་ལམ་རྣམ་པར་སྦྱངས། །སྲས་བཅས་རྒྱལ་བའི་ཕྲིན་ལས་འགྲུབ་མཛད་པ། །འཇ...
14/06/2026

༉ སྨྲ་བའི་སེང་གེའི་མཁྱེན་རབ་སྙིང་ལ་ཤར། །
ཀུན་ཏུ་བཟང་པོའི་སྨོན་ལམ་རྣམ་པར་སྦྱངས། །
སྲས་བཅས་རྒྱལ་བའི་ཕྲིན་ལས་འགྲུབ་མཛད་པ། །
འཇམ་དཔལ་དགྱེས་པའི་རྡོ་རྗེར་གསོལ་བ་འདེབས། །

༈ དེ་རིང་ས་ག་ཟླ་བའི་ ༢༩ ཉིན། རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཕྱི་མོ་དཔལ་གསང་ཆེན་སྔ་འགྱུར་བའི་བསྟན་པའི་སྒྲོན་མེ། རྩོད་བྲལ་གྱི་མཧཱ་པཎྜི་ཏ་ཆེན་པོ། འཇམ་མགོན་བླ་མ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་མཆོག་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་ནས་བགྲང་བྱ་༡༡༤ འཁོར་བའི་རྗེས་དྲན་དང་འབྲེལ་ཡང་སྲས་རིན་པོ་ཆེ་སྐུའི་འཁྲུངས་སྐར་དུས་སྟོན་བརྩེ་སྲུང་ཞུ་ཡོད་པ།

14/06/2026

ཨོཾ་སྭསྟི། ཨོ་རྒྱན་རྒྱལ་ཚབ་པད་གླིང་ཐུགས་ཀྱི་སྲས།
མཆོག་སྤྲུལ་འཇིགས་བྲལ་མཚན་དཔེའི་ཉི་གཞོན་གང།
གསང་གསུམ་རྟག་བརྟན་མཐུ་སྟོབས་གཟིི་འབར་ཞིང་།
ཕྱོགས་ལས་རྣམ་རྒྱལ་ས་གསུམ་ཁྱབ་གྱུར་ཅིག
༧སྐྱབས་རྗེ་ལྷ་ལུང་ཐུགས་སྲས་ཡང་སྲིད་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ལ་གཏམ་ཞིང་སློབ་འབངས་ཡོངས་ནས་བཀྲ་ཤིས་བདེ་ལེགས་གྲངས་ཞུ།On the joyous occasion of the birth anniversary of kyabje Lhalung Thukse Yangsi Rinpoche, all students, disciples, and devotees respectfully offer their sincere felicitations and prayers for auspiciousness, happiness, and long life. HAPPY BIRTHDAY 🙏💐

ད་རེས་དུས་བཟང་པོ་དུས་ཆེན་ཁྱད་པར་ཅན་དང་བསྟུན་རྒྱ་གར་ཧི་མ་ཅཱལ་སྤྱི་ཏི་ཨོ་རྒྱན་གསང་སྔགས་ཆོས་གླིང་ལས་ གཏམ་ཞིང་ལྷ་ལུང་གྲྭ་ཚང་...
31/05/2026

ད་རེས་དུས་བཟང་པོ་དུས་ཆེན་ཁྱད་པར་ཅན་དང་བསྟུན་རྒྱ་གར་ཧི་མ་ཅཱལ་སྤྱི་ཏི་ཨོ་རྒྱན་གསང་སྔགས་ཆོས་གླིང་ལས་ གཏམ་ཞིང་ལྷ་ལུང་གྲྭ་ཚང་གི་སློབ་གྲྭ་པད་གླིང་དགེ་འདུན་སློབ་གྲྭ་ལྟེ་བའི་ནང་གྲྭ་བཙུན་གསར་པ་འཛུལ་མི་ན་ཆུང་གྲངས་ ༢༤ གིས་ མཁན་པོ་ངག་དབང་མཆོག་ལེགས་བཟང་པོ་རིན་པོ་ཆེ་མཆོག་གི་སྤྱན་སྔར་ལས་ སྐྱབས་འགྲོའི་སྡོམ་པ་མནོས་ཏེ་འཛུལ་ཞུགས་འབད་ཡོདཔ་ལས་ འདི་ཚུ་གིས་མ་འོངས་པར་ཐུབ་བསྟན་རིན་པོ་ཆེ་སྤྱི་དང་བྱེ་བྲག་ལྷོ་གཏེར་པདྨ་གླིང་པའི་བསྟན་པ་དར་ཞིང་རྒྱས་པའི་རྟེན་འབྲེལ་འགྲུབ་ཤོག
On this auspicious and special holy occasion, at Orgyen Sangngak Chöling in Spiti, Himachal Pradesh, India, 24 young novice monks newly enrolled in the Central Monastic School of Peling Gedün Lobdra, under Tamzhing Lhalung Monastic Institution, formally entered the monastic community after receiving the Refuge Vows (Kyabdro Dompa) in the presence of Khenpo Ngawang Choklek Zangpo Rinpoche.
May this become a favorable auspicious connection for the flourishing and expansion of the precious teachings of the Buddha in general, and in particular the teachings of Terton Pema Lingpa of the Peling tradition, in the future

སྤྱི་ཚེས་ ༢༦-༠༥-༢༠༢༦ རང་ཟླ་བཞི་པའི་ཚེས་ ༡༠ ལུ་གཏེར་ཆེན་པདྨ་གླིང་པ་ ༧སྐྱབས་རྗེ་གསུང་སྤྲུལ་རིན་པོ་ཆེ་མཆོག་གིས་ བཤད་གྲྭ་དང་...
28/05/2026

སྤྱི་ཚེས་ ༢༦-༠༥-༢༠༢༦ རང་ཟླ་བཞི་པའི་ཚེས་ ༡༠ ལུ་གཏེར་ཆེན་པདྨ་གླིང་པ་ ༧སྐྱབས་རྗེ་གསུང་སྤྲུལ་རིན་པོ་ཆེ་མཆོག་གིས་ བཤད་གྲྭ་དང་སློབ་གྲྭའི་དབུ་འཛིན་མཁན་པོ་གཉིས་ལུ་ གོང་རྒྱན་ལི་ཝང་དང་ གྲྭ་ཚང་དྲུང་ཆེན་ལུ་ སྟོད་རྩེ་འཇིམ་དང་བཀྲ་ཤིས་ལེགས་དར་གནང་ཡོད།

བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །འཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འ...
27/05/2026

བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །
མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །
འཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །
བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས། །

རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཁོར་ལོའི་དབང་ཕྱུག་རྒྱལ་བའི་གདུང་འཚོབ་རྣམ་འདྲེན་རྡོ་རྗེ་འཛིན་པ་ཆེན་པོ་རྩོད་མེད་སྤྲུ...
27/05/2026

རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་འཁོར་ལོའི་དབང་ཕྱུག་རྒྱལ་བའི་གདུང་འཚོབ་རྣམ་འདྲེན་རྡོ་རྗེ་འཛིན་པ་ཆེན་པོ་རྩོད་མེད་སྤྲུལ་པའི་གཏེར་སྟོན་རྒྱལ་པོ་ལྔའི་བཞི་པར་བསྔགས་པ་གཏེར་ཆེན་པདྨ་གླིང་པའི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨོས་ན་ ༸སྐྱབས་རྗེ་ལྷ་ལུང་གསུང་སྤྲུལ་སྐུ་ཕྲེང་བཅུ་གཅིག་པ་འཇིགས་བྲལ་ཀུན་བཟང་པདྨ་རྡོ་རྗེ་མཆོག་དང་་༧་སྐྱབས་རྗེ་ལྷ་ལུང་ཐུགས་སྲས་སྐུ་ཕྲེང་བཅུ་གཅིག་པ་འཇིགས་ཨོ་རྒྱན་བྲལ་མཐུ་སྟོབས་རྣམ་རྒྱལ་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་དང་གསང་ཆེན་རྡོ་རྗེ་ཐེག་པའི་རིང་ལུགས་སྤྱི་དང་ཡང་གོས་པདྨ་གླིང་པའི་བཤད་སྒྲུབ་འཁོར་ལོ་གསུམ་གྱི་སྒོ་ནས་གཞན་དྲིང་མི་འཇོག་པར་སྤེལ་བར་མཛད་པ་མཁན་ངག་དབང་མཆོག་ལེགས་བཟང་པོ་མཆོག་གིས་བདག་རྐྱེན་མཛད་པའི་བཀའ་དྲིན་ལ་བསྟེན་ནས། བླ་མའི་ཐུགས་སྒྲུབ་ནོར་བུ་རྒྱ་མཚོའི་སྒོ་ནས་སྒྲུབ་གཞི་ཕུན་སུམ་ཚོགས་པས་སྒྲུབ་ཆེན་གྱི་གཞི་བཟུང་བ་དང་། སྔོན་འགྲོ་སྟ་གོན་གྱི་རིམ་པས་སྒྲུབ་ཆེན་སྒྲོམ་དུ་གཞུག་པ་དང་། དངོས་གཞི་བསྙེན་སྒྲུབ་ཁྲིགས་ཆགས་ཀྱི་སྒོ་ནས་སྒྲུབ་ཆེན་གྱི་གཞུང་བསྲང་བ་བཅས་བར་ཆད་མེད་པར་ལེགས་པར་གྲུབ་ནས་། དེ་རིང་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་ཨོ་རྒྱན་གྱི་་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སེང་གེ་སྒྲ་སྒྲོགས་རྩལ་དུ་སྤྲུལ་ནས་མུ་སྟེགས་ལྷ་སྲུང་དང་བཅས་པ་ཐལ་བ་བརླགས་པའི་དུས་བཟང་ཁྱད་འཕགས་ཅན་དང་བསྟུན། སྔ་དྲོ་ཚར་དངོས་སྒྲུབ་བླང་བ་དང་ཕྱི་དྲོ་མར་མེ་སྨོན་ལམ་གྱི་གོ་ནས་ལེགས་པར་སྒྲུབ་པའོ།

Address

Tamshing Monastery
Bumthang
00975

Alerts

Be the first to know and let us send you an email when Tamshing Lhalung Monastery Nyingma Buddhist Institute posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The School

Send a message to Tamshing Lhalung Monastery Nyingma Buddhist Institute:

Shortcuts

Share