07/04/2026
ཞིང་གཤེགས་དམ་པ་༧སྐྱབས་རྗེ་བླ་མ་རིན་པོ་ཆེའི་ཐུགས་ཀྱི་བཞེད་དགོངས་ལྟར་གཞི་རིམ་སློབ་གྲྭ་གསར་བཞེངས་ཀྱི་ལས་རིམ་ཆེད་ད་རིང་སྔ་དྲོ་བཙུན་དགོན་གྱི་དོ་དམ་ལྷན་ཚོགས་དང་བཙུན་པ་རྒན་པ་རྣམས་ཚོགས་འདུ་ཚོགས་པར་སོགས་༧སྐྱབས་རྗེ་བླ་མ་རིན་པོ་ཆེའི་མཛད་འཕྲིན་རྣམས་མཐར་ཕྱིན་པའི་ཆེད་དུ་དུས་དང་རྣམ་པ་ཀུན་ཏུ་ཧུར་བརྩོན་གྱི་སྒོ་ནས་ཅི་ནས་ཀྱང་ལས་ལ་འཇུག་པར་དགེའོ། Under the guidance and inspiration of our beloved Lama Rinpoche, we continue to carry forward his noble vision.Today, we held a meaningful meeting regarding our new school project for junior nuns, taking one step closer to fulfilling his wishes.
With gratitude and dedication, we remain committed to continuing his legacy.
06/04/2026
༧སྐྱབས་རྗེ་སྒྲུབ་སེང་རིན་པོ་ཆེ་མཆོག་ནས་བཙུན་དགོན་ཀརྨ་ངེས་དོན་འོད་གསལ་ཆོས་འཁོར་གླིང་གི་སློབ་དཔོན་མ་དང་སྒྲུབ་བླ་ཨ་ནི་༢༥ ཙམ་ལ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་དམིགས་རིམ་གྱི་འཆད་ཁྲིད་གནང་བཞིན་པའི་རྣམ་པ། Captured moments of Kyabje Dubsing Rinpoche giving teachings on the visualization manual of the Vairocana Sadhana to around 25 Drubla Ani Las at Hasantar Nunnery.
24/02/2026
༄། བསྐལ་བཟང་སངས་རྒྱས་སྟོང་གི་རྣམ་འདྲེན་བཞི་པ་མཉམ་མེད་བུ་རམ་ཤིང་པའི་དུས་ཆེན་ཁྱད་པར་ཅན་བཞིའི་ཡ་གྱ་ཆོ་འཕྲུལ་ཟླ་བའི་ཡར་ངོའི་ཚེས་བརྒྱད་ཉིན་༧སྐྱབས་རྗེ་སྒྲུབ་སེང་རིན་པོ་ ཆེ་མཆོག་གིས་འཕགས་ཤིང་གཉེ་ཤངས་མ་ཎིང་ལྷ་ཁང་དུ་སྐྱ་སེར་འདུས་མང་སྟོང་ཕྲག་གཉིས་དང་ལྔ་བརྒྱ་ལྷག་ཙམ་ལ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་གནང་བཞིན་པའི་རྣམ་པ། “As today marks the eighth day of the sacred Miracle Month—one of the four most precious holy periods of Buddha Shakyamuni—over 2,500 devoted practitioners gathered in deep faith to receive Mahayana Posadha from Ven. Dunsing Rinpoche at Nyeshang Mani Lhakhang near Swayambhunath. Sharing a few blessed moments through these pictures.”
22/02/2026
༄། སྤྱི་ལོ་ ༡༩༨༤ ལོ་ལ་ཞིང་གཤེགས་དམ་པ་༸སྐྱབས་རྗེ་མ་ཎི་བ་བླ་མ་རིན་པོ་ཆེ་མཆོག་གིས་འཕགས་ཤིང་གཉི་ཤངས་མ་ཎི་ལྷ་ཁང་དུ། འཕགས་མཆོག་ཕྱག་ན་པདྨོའི་གཟུངས་སྔགས་ཟབ་མོ་མ་ཎི་དུང་སྒྲུབ་ཆེན་མོ་ཐོག་མར་དབུ་བཙུགས་གནང་བ་ནས་རྒྱུན་མ་ཆད་པར་ལོ་སྟར་ཆགས་མ་ཎི་བསགས་སྒྲུབ་གནང་མུས་བཞིན། ད་ལན་བོད་རྒྱལ་ལོ་ ༢༡༥༣ མེ་རྟ་ལོའི་ཟླ་ ༡ ཚེས་ ༥ ནས་དབུ་འཛུགས་ཏེ་མ་ཎི་དུང་སྒྲུབ་ཐེངས་ ༤༣ པའི་ཚོགས་མགོན་དུ་སྐྱབས་རྗེ་སྒྲུབ་སེང་རིན་པོ་ཆེ་དང་། སྐྱབས་རྗེ་བློ་གྲོས་རབ་གསལ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་བཞུགས་ཏེ་འཚོགས་བཞིན་པའི་རྣམ་པ། བླ་མ་མཁྱེན་ནོ། 🙏🙏🙏
Carrying forward the noble legacy of Lama Rinpoche — sharing a few blessed moments from the 43rd Mani Dungdrub under the auspicious guidance of Ven. Lodro Rabsel Rinpoche and Ven. Dubsing Rinpoche.Lama Khenno! 🙏🙏🙏
19/02/2026
རྒྱལ་སྲས་ཐོགས་མེད་བཟང་པོས། ཡུལ་ངན་སྤངས་པའི་ཉོན་མོངས་རིམ་གྱིས་འགྲིབ། རྣམ་གཡེང་མེད་པའི་དགེ་སྦྱོར་ངང་གི་འཕེལ། རིགས་པ་དྭངས་པའི་ཆོས་ལ་ངེས་ཤེས་སྐྱེས། དབེན་པ་བསྟེན་པ་རྒྱལ་སྲས་ལག་ལེན་ཡིན། ཞེས་གསུངས་པ་ལྟར། བལ་ཡུལ་༼བཙུན་དགོན་ཀརྨ་ངེས་དོན་འོད་གསལ་ཆོས་འཁོར་གླིང་༽འདི་ནི་བལྗིད་ཉམས་ལྡན་པའི་རི་བོའི་ངོས་སུ་མཛེས་སྡུག་ཅན་གྱི་ནགས་ཚལ་གྱི་བསྐོར་ཞིང་། རྣམ་པ་བཀྲ་བའི་སྤང་ལྗོངས་གྱི་སྟེང་དུ་རང་གྲོལ་གྱི་ཞི་བདེའི་དཔལ་ལ་རོལ་ཐུབ་པའི་དབེན་གནས་ཁྱད་པར་ཅན་ཞིག་ལ་ཆགས་ཤིང་། བལ་ཡུལ་འཕགས་པ་ཤིང་ཀུན་གྱི་མཆོན་རྟེན་ཆེན་མོ་ནས་ཤར་གྱི་ཕྱོགས་སུ་སྤྱི་ལེ་ལྔ་༼༥༽ཙམ་གྱི་སར་ཧ་སན་ཊར་ཞེས་པར་ཡོད། ཡོངས་གྲགས་སུ་ཡུལ་མི་ཚོས་༼ཧ་སོན་ཊར་ཨ་ནེ་དགོན་པ་༽ཞེས་འབོད། དབེན་གནས་འདི་ནི་མཁའ་རླུང་གཙང་ཞིང་དང་གཙང་ཆུ་ཕྲན་རྣམས་ལྷབ་ལྷུབ་ཏུ་རྒྱུ་བ་དང་། འདབ་ཆགས་རིགས་འདྲ་མིན་གྱི་གསུང་དབྱངས་སྙན་པའི་ཞི་བདེ་བག་ཕེབས་གྱི་གནས་ཤིག་ཏུ་མཆིས་སོ།། “By avoiding unwholesome objects, disturbing emotions slowly fade. Freed from distractions, virtuous actions naturally grow, and with a clear mind, conviction in the teachings arises. Cultivating seclusion—this is the path of a Bodhisattva.” —Thogme Zangpo.
Hasantar Nunnery embodies all the qualities described in the third stanza of Thogme Zangpo’s Thirty-Seven Practices of a Bodhisattva.Just 5 km east of the sacred Swoyambhu Nath Stupa (a 15-minute drive), it is a serene haven nestled in lush greenery, surrounded by the gentle songs of birds. Near yet far from the hustle and bustle of the city, it offers a perfect place for Buddhist practitioner,peace of mind, meditation, and inner harmony.
17/02/2026
བོད་རྒྱལ་ལོ་ ༢༡༥༢ ཟླ་ ༡༢ ཚེས་ ༢༤ ནས་ ༣༠ བར་བཙུན་དགོན་ཀརྨ་ངེས་དོན་འོད་གསལ་ཆོས་འཁོར་གླིང་འདིར་སྔར་གྱི་ཕྱག་སྲོལ་ལྟར་མགོན་སྒྲུབ་ཆེན་མོའི་དགུ་གཏོར་ཉིན་དགུའི་རིང་དུ་འཚོགས་པར་ཉི་ཤུ་དགུ་ཉིན་གཏོར་རྒྱག་དང་། གནམ་གང་ཉིན་དངོས་གྲུབ་ལེན་ཆོག་དང་བསངས་མཆོད་བདུད་རྩི་སྤྲིན་ཕུང་གི་སྒོ་ནས་བྱེད་སྒོ་མཐའ་དག་ལེགས་གྲུབ་བྱུང་བའི་བརྙན་པར་འགའ་དད་ལྡན་རྣམས་ཀྱི་སྤྱན་ལམ་དུ་འབུལ།
དེ་ལྟ་བུའི་དགེ་བའི་བྱིན་མཐུ་ལ་བརྟེན་ནས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་མི་བཤིགས་བསྐལ་བརྒྱར་བརྟན་ཅིང་། ཁྱད་པར་དུ་བདག་ཅག་རྣམས་ལ་བཀའ་དྲིན་ལྷག་པར་དུ་ཆེ་བའི་བཀའ་དྲིན་གསུམ་ལྡན་གྱི་དྲིན་ཆེན་རྩ་བའི་བླ་མ་ཞིང་གཤེགས་དམ་པ་༧ སྐྱབས་རྗེ་མ་ཎི་བ་ཤེས་རབ་རྒྱལ་མཚན་རིན་པོ་ཆེ་མཆོག་གི་ཡང་སྤྲུལ་ཟླ་གཞོན་གསར་པའི་རང་ཞལ་མྱུར་དུ་བཞད་དེ་ཆོས་དང་ཟང་ཟིང་གི་ལོངས་དུས་མྱུར་བ་མྱུར་དུ་སྤྱོད་རྒྱུར་ཡོང་བའི་རྒྱུར་གྱུར་ཅིག ། Sharing sacred moments from the annual Mahakala ritual — a profound journey of blessings and inner transformation. Receiving the siddhis of body, speech, and mind, followed by the purifying grace of the fire puja. A reminder of devotion,protection and the path within.Lama Khenno! 🙏🙏🙏
15/02/2026
དད་ལྡན་ཆོས་ཞུ་བ་ཡོངས་ལ་ཞུ་རྒྱུར།
སྤྱི་ལོ་༡༩༨༤ ནས་བཟུང་སྤྱི་ལོ་ ༢༠༢༥ བར་ལོ་ངོ་ ༤༢ རིང་ཞིང་གཤེགས་མ་ཎི་བ་བླ་མ་ཤེས་རབ་རྒྱལ་མཚན་རིན་པོ་ཆེ་མཆོག་ནས་ཐུགས་བརྩེ་ཆེན་པོའི་འོག་ནས་ལོ་ལྟར་མ་ཎི་དུང་སྒྲུབ་ཚོགས་གནང་བ་དང་། ད་བར་དད་ལྡན་མི་མང་སྟོང་ཕྲག་བརྒལ་བ་འཛོམས་ནས་མ་ཎི་ཐེར་འབུམ་བཞི་བརྒྱ་ལྷག་གསོག་སྒྲུབ་གནང་ཐུབ་པ་བྱུང་།
བླ་མ་དམ་པ་གང་ཉིད་དགུང་ལོ་༡༥ ལ་ཕེབས་སྐབས་༧དཔལ་རྒྱལ་དབང་ཀརྨ་པ་༡༦ རང་བྱུང་རིག་པའི་རྡོ་རྗེ་མཆོག་རྒྱ་གར་གྲོང་ཁྱེར་ཀ་ལི་ཀ་ཏར་ཐོག་མར་མཇལ་ནས་སྤྱན་རས་གཟིགས་ཀྱི་རྗེས་གནང་ཐོབ་པ་དང་། བླ་མ་རིན་པོ་ཆེས་དུས་རྟག་ཏུ་རྒྱལ་དབང་༡༦ མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་གིས་དམ་པ་གང་ཉིད་ཀྱི་སྐུ་ཚེ་གང་པོར་མ་ཎི་དུང་སྒྲུབ་དང་བཛྲ་གུ་རུ་སོགས་དུང་སྒྲུབ་གཞན་ཡང་མང་པོ་འཚོགས་ཐུབ་པ་དང་། འགྲོ་བ་རྣམས་ཀྱི་དོན་དུ་ཆོས་ཀྱི་མཛད་པ་རྒྱ་ཆེར་བསྒྲུབ་ཐུབ་པ་སོགས་གསུངས་ཡོད།
བླ་མ་རིན་པོ་ཆེ་མཆོག་ནས་མ་ཎི་དུང་སྒྲུབ་སོགས་ཀྱི་ཉམས་ལེན་གནང་བ་ཙམ་མིན་པར་བླ་མ་དམ་པ་གང་ཉིད་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་རང་གཟུགས་ངོ་མ་ལྟ་བུ་ཞིག་ཆགས་ཡོད། དེ་ལྟ་བུའི་རླབས་ཆེན་གྱི་མཛད་པ་རྣམས་ངེད་ཅག་རྗེས་འཇུག་པ་རྣམས་ནས་མི་ཉམས་རྒྱུན་འཛིན་གནང་དགོས་པོ་གལ་ཆེ་བར་མཐོང་།
དེ་ཡང་དགའ་སྤྲོའི་གཏམ་བཟང་ཞིག་ཞུ་བ་ལ་ད་ལན་གྱི་ཐེངས་༤༣ པའི་མ་ཎི་དུང་སྒྲུབ་སྐབས་སུ་དཔལ་རྒྱལ་བའི་དབང་པོ་༧ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་གིས་ཐུགས་བརྩེ་བ་ཆེན་པོའི་ངང་ཚོགས་མགོན་དུ་ཆིབས་སྒྱུར་གནང་རྒྱུ་ཡིན་ཞིང་། དེ་བཞིན་སྒྲུབ་སེང་རིན་པོ་ཆེ་དང་བློ་གྲོས་རབ་གསལ་རིན་པོ་ཆེ་མཆོག་ཀྱང་ཚོགས་ཞུགས་གནང་རྒྱུ་ཡིན་པའི་གསལ་བརྡ་རུ།
མ་ཎི་དུང་སྒྲུབ་ཀྱི་ཚེས་གྲངས།
སྤྱི་ལོ་༢༠༢༦ ལོའི་སྤྱི་ཟླ་ ༢ པའི་ཚེས་ ༢༢ ནས་སྤྱི་ཟླ་ ༣ པའི་ཚེས་ ༨ བར།
དཔལ་རྒྱལ་དབང་ཀརྨ་པ་མཆོག་ཚོགས་མགོན་དུ་ཕེབས་གནང་རྒྱུའི་ཚེས་གྲངས། སྤྱི་ཟླ་༣ ཚེས་ ༢ ནས་ ཚེས་ ༨ བར།
ཕྱི་ཟླ་ ༣ ཚེས་ ༨ ཉིན། ༸རྒྱལ་དབང་མཆོག་ནས་དད་ལྡན་ཆོས་ཞུ་བ་ཡོངས་ལ་སྤྱན་རས་གཟིགས་ཕྱག་བཞི་པའི་བཀའ་དབང་ཟབ་མོ་སྩལ་རྒྱུ་ཡིན།
དད་ལྡན་ཆོས་གྲོགས་ཡོངས་ནས་རྣམ་དཀར་དགེ་བའི་ལས་འདིར་མཉམ་ཞུགས་གནང་བར་དགའ་བསུ་ཞུ་བཞིན་ཡོད།
གུས་ཕྱག་དང་བཅས།
གཉི་ཤངས་དགོན་པའི་དགེ་འདུན་འདུས་སྤྱི་ནས།
29/01/2026
གཏོང་ཕོད་ཅན་གྱི་དད་ལྡན་Ven Vajra Budhi,Deepak Maharjan,Sharmila Maharjan བཅས་ནང་མི་ཡོངས་ནས་བཙུན་དགོན་ཀརྨ་འོད་གསལ་ཆོས་འཁོར་གླིང་གི་བཙུན་མ་ཡོངས་ལ་སྟོད་གོས་རེ་གནང་བ་ལ་ཐུགས་རྗེ་བླ་མེད་དུ་ཆེ། སྦྱིན་པའི་བདག་པོ་དེ་དག་གི་དགེ་བའི་རྩ་བ་དེ་ལ་བརྟེན་ནས་གནས་སྐབས་མི་བདེ་བའི་རྐྱེན་ངན་བར་ཆད་ཐམས་ཅད་ཞི་བ་དང་། འཁོར་བ་ཐོགས་མེད་ནས་བསགས་པའི་ལས་ངན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་སྟེ་རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་འཐོབ་པའི་ཐུགས་སྨོན་མཚམས་སྦྱོར་དང་འབྲེལ་བཀའ་དྲིན་ཆེ་ཞུ། We extend our heartfelt gratitude to Ven Vajra Budhi,Deepak Maharjan,Sharmila Maharjan & the entire family for this generous offering of warm winter jackets to the nuns of Hasantar. May the merit of this wholesome act pacify all your obstacles and bring you all abundant happiness, peace, and prosperity, and may it support your journey on the path of compassion and wisdom.