07/03/2026
༄༅། །༢༠༢༦ ཟླ་ ༣ ཚེས་ ༧ ཉིན། སློབ་གཉེར་བའི་བདེ་དོན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་“བསླབ་པ་བགྲེས་པའི་ཟབ་སྦྱོང་” ཉིན་གསུམ་པའི་ལས་དོན་ལམ་ལྷོངས་དགེ་བའི་ངང་ལེགས་པར་གྲུབ་ཡོད། ཉིན་མོ་འདིར་རྩོམ་རིག་མཁས་དབང་རེ་མདོ་སེངྒེ་མཆོག་དང་། སྨན་པ་ངག་དབང་ཀུན་མཁྱེན། འབུམ་རམ་པ་ཉི་མ་ཚེ་རིང་བཅས་ཀྱིས་བརྗོད་གཞི་དང་འབྲེལ་བའི་གསུང་བཤད་དང་དཔྱད་རྩོམ་སྒྲོགས་སྦྱང་གནང་བ་མ་ཟད། སློབ་གཉེར་བ་ནང་ཁུལ་རྩོད་གླེང་དང་བགྲོ་གླེང་གི་བྱེད་སྒོ་ཁག་ཀྱང་གྲུབ་འབྲས་བཟང་པོའི་ཐོག་ནས་མཇུག་བསྒྲིལ་ཡོད།
མཇུག་བསྡུའི་མཛད་སྒོའི་སྐུ་མགྲོན་གཙོ་བོར། གཙུག་ལག་སློབ་ཁང་གི་དཔལ་ལྡན་ཉེ་བའི་རིགས་བདག་མཆོག་དང་། སློབ་གཉེར་བའི་རིག་སྡེ་འགན་འཛིན་དགེ་བཤེས་ལྷ་རམས་པ་བསྟན་འཛིན་ནོར་བུ་མཆོག རྩོམ་རིག་མཁས་དབང་སློབ་དཔོན་རེ་མདོ་སེངྒེ་མཆོག་བཅས་ཕེབས་བཞུགས་ཀྱིས་སློབ་གཉེར་བ་རྣམས་ལ་ལམ་སྟོན་བཀའ་སློབ་ཟབ་རྒྱས་བསྩལ།
དེ་ནས་བདེ་དོན་ཚོགས་གཙོ་ཕུན་ཚོགས་ཆོས་སྒྲོན་ལགས་ནས་ཟབ་སྦྱོང་དང་འབྲེལ་བའི་གཏམ་བཤད་དང་། དངུལ་གཉེར་རྟ་མགྲིན་ཚེ་རིང་ལགས་ནས་ཟབ་སྦྱོང་གི་འགྲོ་གྲོན་རྩིས་ཁྲ་སྒྲོགས་སྦྱང་། མཐར་བདེ་དོན་ཚོགས་གཞོན་དཀོན་མཆོག་འཇིགས་སྒྲོལ་ལགས་ནས་ཐུགས་རྗེ་ལེགས་འབུལ་གྱི་གསུང་བཤད་གནང་བ་བཅས་ཀྱི་སྒོ་ནས་ཉིན་གསུམ་རིང་གི་ཟབ་སྦྱོང་འདི་ཉིད་མཇུག་ལེགས་པར་གྲུབ་བོ།།
March 7, 2026 — The three-day "Senior Students' Workshop," organized by the Student Welfare Association, concluded successfully today.
Highlights of Day Three
The final day featured insightful presentations by distinguished scholar Redo Sangay, Dr. Ngawang Kunkhen, and Dr. Nyima Tsering. Their lectures were met with great success.
Student Activities: The workshop included interactive sessions, including an internal student debate competition and various discussion forums, effectively rounding out the three-day curriculum.
Closing Ceremony
The event concluded with a formal closing ceremony attended by several prominent figures:
Guided remarks and speeches were delivered by the Vice-Chancellor of CIHTS, Students' Dean Geshe Lharampa Tenzin Norbu, and Tibetan linguistic scholar Redo Sangay.
Organizational Reports:
Phuntsok Choedron, President of the Student Welfare Association, presented a comprehensive report on the workshop's proceedings.
Tamdin Tsering, the Treasurer, presented the financial audit and statement of accounts.
Konchok Jigdol, Vice President, delivered the vote of thanks to all contributors and participants.