Palpung Riglam Kyedtsal School

Palpung Riglam Kyedtsal School Contact information, map and directions, contact form, opening hours, services, ratings, photos, videos and announcements from Palpung Riglam Kyedtsal School, School, Baijnath.

10/05/2026
ཀྱཻ། རིགས་ཀྱི་བུ་རྣམས། ཡོན་ཏན་ཐམས་ཅད་ཀྱི་གཞི་མ་དམ་པའི་ཆོས་ཐེག་པ་ཆེན་པོ་འདི་ཉིད་སྡོམ་པ་གསུམ་ལས་བྱུང་བས། དཀོན་མཆོག་གསུམ་ལ་...
30/03/2026

ཀྱཻ། རིགས་ཀྱི་བུ་རྣམས། ཡོན་ཏན་ཐམས་ཅད་ཀྱི་གཞི་མ་དམ་པའི་ཆོས་ཐེག་པ་ཆེན་པོ་འདི་ཉིད་སྡོམ་པ་གསུམ་ལས་བྱུང་བས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ སོགས་ཐེག་པ་ཐམས་ཅད་ཀྱི་འཇུག་སྒོ་སྐྱབས་འགྲོའི་སྡོམ་པ་འབོགས་དགོས་པར་གསུངས་པས། ད་རེ་གཟའ་སྐར་དགེ་བའི་་ཉིན་བསྟན་པའི་བདག་པོ་༧བྱམས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས། གདན་སའི་རབ་ཏུ་བྱུང་བའི་སློབ་མ་གསར་བུ་བ་རྣམས་ལ་སྐྱབས་འགྲོ་སྡོམ་པ་འབོགས་ཆོག་ལེགས་པར་བསྩལ་གནང་མ་ཚད། གཙུག་ཕུད་བྲེགས། གོས་ངུར་སྨིག་རུ་བརྗེས་པ་དང་། སྐྱ་མིང་ནས་ཆོས་མིང་དུ་བརྗེས་པ་སོགས་སྔོན་གྱི་མཐོང་རྒྱུན་ཕྱག་བཞེས་ལྟར་མཛད་གནང་བ་དང་། ཆོས་མིང་འདོགས་ཚུལ་ལ་ཡང་། རྒྱ་གར་ན་ཉན་ཐོས་སྡེ་པ་བཅོ་བརྒྱད་སོ་སོའི་མིང་ལ་དྲངས་ནས་འདོགས་སྲོལ་དང་། ཨོ་རྒྱན་རིན་པོ་ཆེ་ཡིས་ལུང་བསྟན་བཀའ་རྒྱ་མ་ལས། “པདྨ་“ལ་དྲངས་ནས་འདོགས་པ་ལེགས་པར་གསུངས་པ་དང་། གངས་ཅན་ལྗོངས་སུ་སློབ་དཔོན་སོ་སོའི་མཁན་པོའི་མཚན་ལ་དྲངས་ནས་འདོགས་སྲོལ་ལྟར། སྐྱབས་གཅིག་འཁོར་ལོ་མགོན་པོ་༧བྱམས་མགོན་རྡོ་རྗེ་མཆོག་གི་འདུལ་བའི་མཁན་པོ། དཔལ་རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ་བཅུ་དྲུག་དཔལ་ལྡན་རང་བྱུང་རིག་པའི་རྡོ་རྗེ་མཆོག་གིས་མགོན་པོ་གང་ཉིད་ལ་ “དཔལ་ལྡན་” ཞེས་མཚན་གྱི་ཅོད་པན་དབུར་གསོལ་གནང་བ་དེ་བཞིན། གདན་སའི་སློབ་མ་གསར་བཞུགས་པ་རྣམས་ལའང་། བྱིན་རླབས་ཀྱི་མཚན་ཁ་མ་ཉམས་པའི་སྐལ་ལྡན་སློབ་མ་རྣམས་ལ་“དཔལ་ལྡན་” ཆེ་གེ་མོ་ཞེས་མཚན་གསོལ་གནང་བར་མཛད་པ་ནི་བཀྲ་ཤིས་པའི་དགེ་མཚན་དུ་སྣང་ངོ་།།

༄༅།  ། དཔལ་སྤུངས་གཞི་རིམ་སློབ་གྲྭའི་སློབ་མ་རྣམས་ལ་གདན་སའི་མཆོག་སྤྲུལ་སྐྱབས་རྗེ་ཁྱུང་པོ་རྒྱལ་སྟོན་རིན་པོ་ཆེ་མཆོག་ནས་ད་ལམ་...
26/03/2026

༄༅། ། དཔལ་སྤུངས་གཞི་རིམ་སློབ་གྲྭའི་སློབ་མ་རྣམས་ལ་གདན་སའི་མཆོག་སྤྲུལ་སྐྱབས་རྗེ་ཁྱུང་པོ་རྒྱལ་སྟོན་རིན་པོ་ཆེ་མཆོག་ནས་ད་ལམ་ལས་དོན་འདིའི་ཐོག་བཀའ་སློབ་ལམ་སྟོན་དང་འགྲོ་གྲོན་ཆང་ཚང་བཀའ་དྲིན་ཆེན་པོ་གཟིགས་སྐྱོང་གནང་བ་དང་། ཚན་རིག་དགེ་རྒན་ཆེན་མོ་Morgen མཆོག་ནས་ཀྱང་སློབ་ཕྲུག་རྣམས་ལ་ཚན་རིག་གི་ཤེས་བྱ་ནུས་པ་གོང་མཐོར་གཏོང་ཐབས་སུ་ལག་ལེན་དམར་ཁྲིད་ལོ་ལྟར་ཕུལ་བཞིན་ཡོད་པ། ད་ལོ་ཡང་དུས་ཡུན་ཐུང་ངུ་གཅིག་གི་ནང་རྫས་འགྱུར་ལག་ལེན་གྱིས་དངོས་པོའི་རང་བཞིན་འགྱུར་བ་མིག་ལམ་དུ་ཉམས་སུ་མྱོང་རྒྱུ་ཡོད་པ། དེ་བཞིན་དགེ་རྒན་རྣམས་ལ་སློབ་ཁྲིད་ཀྱི་ཐབས་ལམ་མིག་སྟོན། སློབ་མ་རྣམས་མཉམ་ལས་ཀྱིས་ནུས་པའི་ཤེས་བྱ་སྦྱོང་ཐབས་སོགས་ལམ་སྟོན་བཀའ་དྲིན་ལེགས་པར་ཐོབ་པའི་རིན་པོ་ཆེ་མཆོག་དང་དགེ་རྒན་ཆེན་མོ་རྣམས་གཉིས་ལ་སློབ་གྲྭའི་དགེ་ལས་ཐུན་མོང་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ།།

༄། །ཡེ་ལོ་༢༠༢༦ ལོའི་གཞི་རིམ་སློབ་གྲྭ་རིག་ལམ་སྐྱེད་ཚལ་གྱི་འཛིན་གྲྭ་དབུ་མ་མཛུགས་གོང་རྒྱུན་ལྡན་ལྟར་སྣ་སེལ་རིམ་འགྲོ་སྒྲུབ་རྒ...
08/03/2026

༄། །ཡེ་ལོ་༢༠༢༦ ལོའི་གཞི་རིམ་སློབ་གྲྭ་རིག་ལམ་སྐྱེད་ཚལ་གྱི་འཛིན་གྲྭ་དབུ་མ་མཛུགས་གོང་རྒྱུན་ལྡན་ལྟར་སྣ་སེལ་རིམ་འགྲོ་སྒྲུབ་རྒྱུ་དང། ཁྱད་པར་དུ་བསྟན་པའི་བདག་པོ་༧བྱམས་མགོན་རྡོ་རྗེ་འཆང་མཆོག་གི་སྐུ་ཚེ་ཞབས་བརྟན། གཞི་བྱེས་གདན་ས་དཔལ་སྤུངས་མགོན་མ་ལགས་དང་བཅས་པའི་འདུས་པ་རྒྱ་མཚོའི་མཛད་བཟང་ཡར་ཟླ་ལྟར་རྒྱས་པ་སོགས་ཀྱི་ཆེད་གདན་སའི་བླ་བྲང་ནས་གསོལ་འདེབས་ཞུ་དོན་ལྟར་ཞབས་རིམ་ལེགས་གྲུབ་བྱུང་བ་དགེ་བའི་ཉིན་ནོ།།

17/02/2026
གདན་སའི་གཞི་རིམ་སློབ་གྲྭར་དགེ་རྒན་ས་མིག་གསལ་བསྒྲགས།
23/01/2026

གདན་སའི་གཞི་རིམ་སློབ་གྲྭར་དགེ་རྒན་ས་མིག་གསལ་བསྒྲགས།

༄༅། །རབ་གནས་ཤིང་སྦྲུལ་རྟ་ཟླའི་ཚེས་༢༢ གཟའ་སྐར་དགེ་བའི་ཉིན། གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་གི་གཞི་རིམ་སློབ་གྲ...
23/03/2025

༄༅། །རབ་གནས་ཤིང་སྦྲུལ་རྟ་ཟླའི་ཚེས་༢༢ གཟའ་སྐར་དགེ་བའི་ཉིན། གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་གི་གཞི་རིམ་སློབ་གྲྭ་རིག་ལམ་སྐྱེད་ཚལ་གྱི་ལོ་གསར་པའི་སློབ་གྲྭ་དབུ་འཛུགས་དང་། ཡེ་ལོ་༢༠༢༤ ལོ་འཁོར་ཡིག་རྒྱུགས་རྩེར་སོན་རྣམས་ལ་བྱ་དགའ་གསོལ་རས་བསྩལ་བའི་རྟེན་འབྲེལ་མཛད་སྒོའི་ཐོག གདན་སའི་མཆོག་སྤྲུལ་གཏེར་སྟོན་སྐུ་ཕྲེང་བདུན་པ་༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་ཚོགས་མགོན་དུ་བཀའ་དྲིན་བསྐྱངས་པ་མ་ཟད། ཡིག་རྒྱུགས་ཨང་སོན་པའི་སློབ་མ་རྣམས་ལ་བྱ་དགའ་བསྩལ་གནང་སྦྲགས། སློབ་ཕྲུག་ཡོངས་ལ་ཐུགས་བརྩེ་གཟིགས་ཆེན་པོའི་ངང་ལམ་བསླབ་པ་གསུམ་དང་འབྲེལ་བའི་བླང་དོར་བཀའ་སློབ་དང་། སློབ་མའི་བློ་དང་འཚམས་པའི་སྒོམ་ཁྲིད་བསྩལ་གནང་མཛད་པའི་བསྐལ་བཟང་གི་སྦྲང་ཆར་བབ་པའི་ཉིན་མོ་ཡིན།།

20/03/2025

ཞབས་རིམ་རྣམས་འཇུག་ལེགས་པར་ཟིན།

༄༅།  །ཡེ་ལོ་༢༥ ཟླ་༣ ཚེས་༡༧ ནས་ཉིན་གསུམ་གྱི་རིང་དཔལ་སྤུངས་གཞི་རིམ་སློབ་གྲྭའི་ཚོགས་ཁང་དུ་རྒྱལ་བསྟན་ཕྱོགས་ཀུན་ཏུ་དར་ཞིང་འགྲ...
16/03/2025

༄༅། །ཡེ་ལོ་༢༥ ཟླ་༣ ཚེས་༡༧ ནས་ཉིན་གསུམ་གྱི་རིང་དཔལ་སྤུངས་གཞི་རིམ་སློབ་གྲྭའི་ཚོགས་ཁང་དུ་རྒྱལ་བསྟན་ཕྱོགས་ཀུན་ཏུ་དར་ཞིང་འགྲོ་ཀུན་བདེ་སྐྱིད་དཔལ་ལ་རོལ་བ་དང་། གཞིས་བྱེས་དཔལ་སྤུངས་གདན་ས་མགོན་མ་ལག་དང་བཅས་པ་འཁོར་ལོ་གསུམ་གྱི་མཛད་བཟང་ཡར་ཟླ་བཞིན་རྒྱས། ཁྱད་པར་དུ་རང་ཅག་རྣམས་ཀྱི་མེ་ཏོག་སིལ་མ་གང་ལ་ཕོག་པའི་ལྷ་སྐལ་༧སྐྱབས་གཅིག་འཁོར་ལོའི་མགོན་པོ་༧བྱམས་མགོན་རྡོ་རྗེ་འཆང་མཆོག་གཙོས་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་སྐུ་ཚེ་བསྐལ་བརྒྱར་བཞུགས་ཤིང་རྣམ་དཀར་ཐུགས་ཀྱི་བཞེད་དགོངས་ཐམས་ཅད་འབད་མེད་ལྷུན་གྲུབ་ཡོང་ཆེད་དཔལ་སྤུངས་བླ་བྲང་ནས་ཇི་ལྟར་གསོལ་འདེབས་བཞིན་སློབ་གྲྭའི་དགེ་ལས་དང་སློབ་མ་ཐུན་མོང་ནས་འཇམ་དཔལ་མཚན་བརྗོད་གྲངས་གསོག་དང་འཇམ་དཔལ་སྨྲ་སེང་། གུ་རུ་གསོལ་འདེབས། ཚེ་ལྷ་རྣམ་གསུམ་གཙོས་པའི་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་མཚན་སྔགས་ཁག་ཁྲི་ཚོ་ལས་བརྒལ་བ་གསོག་སྒྲུབ་གནང་རྒྱུ་ལགས་ན་དེ་དེ་བཞིན་ཡོང་བའི་སྨོན་ལམ་ཞུ།།

Address

Baijnath
176125

Alerts

Be the first to know and let us send you an email when Palpung Riglam Kyedtsal School posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share

Category