15/05/2026
༄། རྡོར་གདན་གཙུག་ལག་སློབ་གྲྭའི་ཤེས་ཡོན་གོང་འཕེལ་གྱི་ཆ་རྐྱེན། ཟླ་རིམ་ཚོགས་སྲོལ་ཡོད་པའི་དམ་བཅའ་ཆེན་མོ་དེ། རིག་གཞུང་སློབ་དཔོན་ལོ་ངོ་དང་པ་ནང་ཕུན་ཚུན། རྩོད་གཞི་༼རིགས་ཁམས་བདེ་གཤེགས་སྙིང་པོའི་སྐོར་༽འདི་གའི་མཁན་སློབ་ཡོངས་ཀྱིས་གཙོས་རིག་པ་བརྗེ་སོར་གནང་ཐོག་ནས་ཚོགས་ཡོདཔ་ཨིན།
02/05/2026
༄། ཡབ་རྗེ་དམ་པ་༸དཔལ་མི་དབང་ཞིང་གཤེགས་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གི འཁྲུངས་སྐར་དུས་ཆེན་བརྩི་སྲུང་ཞུཝ་དང་འབྲེལ་རྒྱལ་ཡོངས་སློབ་དཔོན་གྱི་ཉིམ་ཡང་ཨིནམ་ལས། ང་བཅས་རྡོར་གདན་གཙུག་ལག་སློབ་གྲྭའི་ཁ་ཐུག་ལས་སྐུའི་འཁྲུངས་སྐར་དང་སློབ་དཔོན་གྱི་ཉིམ་ལུ་བཀྲ་ཤིས་བདེ་ལེགས་ཞུ། Happy teacher's day.
26/04/2026
༄། ད་རིས་བཀའ་དྲིན་ཅན་གྱི་བདག་ཉིད་དཔལ་ལྡན་བླ་མའི་སྐུ་མཆོད། མཁན་སློབ་དགེ་འདུན་པ་ཡོངས་ཀྱིས་སྒོ་གསུམ་དྲི་མས་མ་གོས་པར་ དགའ་དད་སྤྲོ་གསུམ་གྱི་ཐོག་ལས་ལེགས་པར་མཇུག་བསྡུ་གནང་བའི་པར་རིས།
25/04/2026
Zhabdrung kuchoe day 2.
༄། བདག་ཅག་གི་འདྲེན་པ་བླ་ན་མེད་པ་རིགས་བརྒྱའི་ཁྱབ་བདག་རྗེ་བཙུན་བླ་མ་དམ་པ་ ༸དཔལ་འབྲུག་པ་རིན་པོ་ཆེ་མཐུ་ཆེན་ཆོས་ཀྱི་རྒྱལ་པོའམ་༼ཞབས་དྲུང་སྐུ་མཆོད༽སྤྱིར་དཔལ་ལྡན་འབྲུག་པའི་མི་སེར་དང་ལྷག་པར་མགོན་པོ་གང་གི་རྒྱལ་ཚབ་བུ་སློབ་ཏུ་གྱུར་པ་མཁན་ཆེན་མཆོག་དང་ མཁན་སློབ་དགེ་འདུན་པ་ཡོངས་ཀྱིས་རྗེས་དྲན་སྐུའི་མཆོད་པ་ཆོས་ཀྱི་སྒྲ་དབྱངས་དང་བཅས་ཕུལ་ཡོད།
24/04/2026
༄། རང་ཟླ་༣ པའི་ཚེས་༨ ནས་༡༠ ཚུན་ དཔལ་ལྡན་དབྱར་རྔའི་ལྗོངས་འདིར་ སངས་རྒྱས་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་ལུང་གིས་ཟིན་ཞིང་ བདག་ཅག་ལྷོ་ལྗོངས་པ་སྤྱིའི་བསོད་ནམས་སྙིགས་དུས་འགྲོ་བའི་སྐྱབས་མགོན་ཆོས་སྲིད་ལུགས་གཉིས་ཀྱི་བདག་པོ། ༸དཔལ་ལྡན་འབྲུག་པ་སྐྱབས་མགོན་ངག་དབང་རྣམ་རྒྱལ་རིན་པོ་ཆེ་མཆོག རི་བོ་གྲུ་འཛིན་གཉིས་པ་སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་ནས་ ལོ་ངོ་ ༣༧༥ ་འཁོར་བའི་རྗེས་དྲན་སྐུ་མཆོད་ ཉིན་གྲངས་གསུམ་གྱི་རིང་རྩེ་གཟིམ་སྐུ་བགྲེས་སློབ་བཙན་རྒྱལ་མཆོག་གི་དབུ་བཞུགས་ཐོག འདི་གའི་མཁན་སློབ་དགེ་འདུན་པ་ཡོངས་ཀྱིས་བདེ་མཆོག་བཅུ་གསུམ་མའི་དཀྱིལ་འཁོར་ཞལ་ཕྱེ་བའི་ཐོག་ནས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་ཕུལ་བཞིན་ཡོད་པའི་མཐོང་སྣང་།
Every year on the 10th day of the third month of the Bhutanese calendar, the nation observes Zhabdrung Kuchoe—the holy anniversary of the parinirvana (passing into ultimate peace) of Zhabdrung Rinpoche, Ngawang Namgyal. He is regarded as an embodiment of compassion, inseparable from Guru Padmasambhava.
From 24 April to 26 April 2026, Dorden Tash*thang Buddhist University will solemnly commemorate this sacred occasion. The three‑day religious ceremonies will be led by the Tse zim kudre lopen Chengyel and the monastic teachers, with over 200 monks participating. These ceremonies are conducted to generate spiritual merit.
Zhabdrung Rinpoche is the founding father of Bhutan. He unified the four regions of Monkha—west Dali Kha, north Tagtse Kha, east Dungsam Kha, and south Pagsam Kha—into a single nation. He gave the country the name “Druk” (Bhutan) and its people the name “Drukpa.” Their fame spread across Tibet, India, and Mongolia. He also established the dual system of religion and governance, which remains the lasting foundation of Bhutanese identity. His parinirvana took place at Punakha Dzong, known as the “second Mount Potala.” Though this was a significant turning point in history, his noble legacy continues to be deeply honored today.
May these three days of prayer and merit‑making preserve the Great Master’s wisdom and compassion for generations to come.
17/04/2026
༉ རྡོར་གདན་གཙུག་ལག་སློབ་གྲྭ་འདི་ནང་ཟླ་རིམ་བཞིན་དུ་ཚོགས་སྲོལ་ཡོད་པའི་བགྲོ་གླེང་ཐེངས་དང་པོ་དེ། རིགས་གཞུང་སློབ་དཔོན་ལོ་ངོ་གཉིས་པ་ནང་ཕུན་ཚུན་བརྗོད་གཞི་༼སྔགས་ཀྱི་སྐོར་༽རིག་རྩལ་གྱི་ཐོག་ལས་མཁན་སློབ་ཡོངས་ཀྱིས་རིག་པ་བརྗེ་་སོར་གནང་སྟེ་ཚོགས་ཡོད་པའི་དུས་ཐུང་གློག་བརྙན་གཟིགས་ཕུལ།
Dorden Tash*thang Buddhist University
༉ བརྗོད་གཞི་༼སྔགས་ཀྱི་སྐོར།
17/04/2026
༉ རྡོར་གདན་གཙུག་ལག་སློབ་གྲྭ་འདི་ནང་ཟླ་རིམ་བཞིན་དུ་ཚོགས་སྲོལ་ཡོད་པའི་བགྲོ་གླེང་ཐེངས་དང་པོ་དེ། རིགས་གཞུང་སློབ་དཔོན་ལོ་ངོ་གཉིས་པ་ནང་ཕུན་ཚུན་བརྗོད་གཞི་༼སྔགས་ཀྱི་སྐོར་༽རིག་རྩལ་གྱི་ཐོག་ལས་མཁན་སློབ་ཡོངས་ཀྱིས་རིག་པ་བརྗེ་་སོར་གནང་སྟེ་ཚོགས་ཡོདཔ་ཨིན།
17/04/2026
༉ བཀྲ་ཤིས་བདེ་ལེགས།
གཞུང་གྲྭ་ཚང་གི་གཙུག་ལག་སློབ་དཔོན་རིན་པོ་ཆེ་མཆོག་གིས། སྤྱི་ལོ་༢༠༢༥འི་ལོར་མཐོ་རིམ་བཤད་གྲྭ་ལས་ཚང་འོང་མི་ཚུ། རང་སོའི་དགེ་བའི་བཤེས་གཉེན་ཚུ་ལས་ཐོས་བསམ་སྦྱང་བརྩོན་འབད་བའི་ཤུལ། རྒྱལ་སྤྱིའི་ལམ་ལུགས་མཐུན་པའི་ཐོག་ལསགི་ལག་ཁྱེར་གནང་ཡོདཔ་མ་ཚད། མ་འོངས་བསྟན་འཛིན་པདྨོ་གཞོན་ནུ་ཚུ་ལུ་མདུན་ལམ་བཟང་བའི་དུས་ཀྱི་སྦྲང་ཆར་བཀའ་སློབ་ལམ་སྟོན་ཚུ་ཡང་། རྡོར་གདན་གཙུག་ལག་སློབ་གྲྭ་བཀྲིས་ཡར་འཕེལ་གྱི་ཀུན་དགའ་ར་བ་ཚོགས་ཁང་ཆེན་མོའི་ནང་ལུ་སྦེ་བབས་གནང་ཡི།
དེ་མ་ཚད་མཁན་པོ་འཇམ་དབྱངས་བསྟན་འཛིན་མཆོག་ལུ་ཡང་རྟ་མགོ་གསང་ཆེན་རྡོ་རྗེ་ཐེག་པའི་སློབ་སྦྱོང་སྤེལ་ཁང་གི་སྤྱི་འཛིན་འོག་མའི་གོ་གནས་ཁར་བསྐོ་བཞག་གནང་ཡོདཔ་ཨིན།
On April 17, 2026, His Eminence Tsugla Lopen Rinpochoe Karma Rangdrol graced the Thorim Shedra graduation ceremony at Dorden Tash*thang Buddhist University. He awarded Bachelor of Arts (BA) certificates in Buddhist Studies to all graduates.
Heartfelt congratulations to the graduates on this auspicious achievement! Lopen Rinpochoe also appointed the senior lecturer Khenpo Jamyang Tenzin as the Vice President at Tango Institute for Advanced Vajarayana Studies.
15/04/2026
༉ ད་རིས་གཟའ་སྐར་དགེ་བའི་ཉིནམ་འདི་ཁར། རྡོར་གདན་བཀྲིས་ཐང་ནང་པའི་གཙུག་ལག་གྲྭ་ཆེན་མོ་འདི་ནང་ལུ། རིགས་གཅིག་མཁས་པའི་མཆོག་འཛིན་ནམ་མཁས་དབང་སྦྱང་མི་ཚུ་གི་བཞུགས་ཁང་བརྐྱབ་ནིའི་དོན་ལས། འདི་གའི་མཁན་ཆེན་མཆོག་གི་དབུ་གཙོས་པའི་མཁན་སློབ་ཡོངས་ཀྱིས་ལས་འགུལ་ལེགས་གྲུབ་འབྱུང་ནི་ཕྱིར་དུ། གསུང་ཆོག་དང་བཅས་ས་བསླང་རྟེན་འབྲེལ་ཚུ་མཛད་ཡོདཔ་ཨིན།
April 15, 2026: Venerable Khenchen Kunenzang Thinley graced the Salhang Tendrel (groundbreaking ceremony) for the construction of a house for PhD students in Buddhist studies at Dorden Tash*thang Buddhist University today
02/04/2026
༉ ད་རིས་དཔལ་ལྡན་བླ་མའི་དགོངས་རྫོགས་ཉིནམ་མཇུག་གི་མཛད་རིམ།
མི་དབང་རྒྱལ་ཡུམ་ཨ་ཞེ་ཚེ་རིང་དཔལ་མོ་དབང་ཕྱུག་མཆོག་དང་། སྲས་མོ་ཨ་ཞེ་འཆི་མེད་དབྱངས་འཛོམས་དབང་ཕྱུག་མཆོག་རྣམ་གཉིས། དཔལ་ལྡན་འབྲུག་པའི་ཆུ་འགོ་རྡོར་གདན་བཀྲ་ཤིས་ཐང་ནང་པའི་གཙུག་ལག་སློབ་གྲྭ་ཆེན་མོ་འདི་གཞི་བཙུགས་མཛད་དེ། མི་ལོ་བཅུ་ཕྲག་གཅིག་འཁོར་བའི་དུས་སྟོན་བརྩི་སྲུང་ཞུ་ནི་དོན་ལུ་སྐུ་མགྲོན་གཙོ་བོ་སྦེ། རྡོར་གདན་བཀྲ་ཤིས་ཐང་གཙུག་ལག་སློབ་གྲྭ་ནང་བྱོན་གནང་ཡོདཔ་དང་། སློབ་གཉེར་བ་ཚུ་གིས་ཡང་འཆད་རྩོད་རྩོམ་གསུམ་ཐོག་ལས་བརྩི་སྲུང་ཞུ་གནང་ཡི།
འདི་གའི་ཞིབ་འཚོལ་འགོ་དཔོན་མཁན་པོ་མཚོ་སྐྱིད་ཀྱི་འགོ་འདྲེན་ཐོག་ལས་དཔེ་དེབ་གྲུབ་དབང་ཀུན་དགའ་མི་འགྱུར་རྡོ་རྗེ། རྗེ་ཀུན་དགའ་རྒྱ་མཚོ། རྗེ་ཡོན་ཏན་མཐའ་ཡས། རྗེ་དགེ་འདུན་རིན་ཆེན་རྣམ་བཞིས་མཛད་པའི་༼ཕྱག་ཆེན་དྲི་ལན་ཕྱོགས་བསྒྲིགས་དང་།༽ངག་དབང་དཔལ་ལྡན་བཟང་པོས་མཛད་པའི་རྗེ་མཁན་ཁྲི་རབས་གཉིས་པ་༼བསོད་ནམས་འོད་ཟེར་གྱི་རྣམ་ཐར།༽སྔོན་ཆད་དཔེ་གཟུགས་ཚུ་ཉམས་ཆག་ཤོར་ཡོདཔ་ལས། དེང་སང་གི་འཕོ་འགྱུར་དང་བསྟུན་དེབ་གཟུགས་སུ་བསྒྲིགས་ཏེ་པར་སྐྲུན་འབད་ཞུས་ཡོད་མི་དེ་ཡང་མི་དབང་ཨ་ཞེ་རྣམ་གཉིས་ཀྱིས་སྒོ་འབྱེད་མཛད་གནང་ཡོདཔ་ཨིན།
Today marked the auspicious conclusion of the Kuchoe prayers honouring the Mahāparinirvāṇa of His Holiness the 68th Je Khenpo. This sacred occasion coincided with Dorden Tash*thang Buddhist University's 10th Foundation Day, graced by the presence of Her Majesty Gyalyum Tshering Pem Wangchuck and Her Royal Highness Princess Chimi Yangzom Wangchuck.
Her Majesty launched Chag chen delin chodekh, composed by Drupwang kinga Mejur Dorji, Je Kunga Jamtsho, Je Yönten Thaye, and Je Gendün Rinchen, and the biography of the 2nd Je Khenpo Sonam wozer namthar, authored by Ngawang Pelden zangpo.
Researched by our Head of Research, Khenpo Tshewang Rigzin, these sacred Dharma texts were published today to preserve and share the profound wisdom of Bhutan's Drukpa Kagyü tradition.
The event concluded with devoted prayers for the peace and happiness of all sentient beings, upholding His Holiness's enduring legacy.
01/04/2026
༉ སྐུ་མཆོད་ཉིན་གཉིས་པ།
ད་རིས་བླ་མའི་དགོངས་རྫོགས་ཉིནམ་གཉིས་པ་འདི་གཞུང་གྲྭ་ཚང་ཚོགས་ཀྱི་སློབ་དཔོན་རིན་པོ་ཆེའི་དབུ་བཞུགས་ཐོག་ལས་མཛད་གནང་ཡོད།
Commemorating the 2nd day Mahaparinirvana of His Holiness the 68th Je Khenpo Jetsun Tenzin Dendrup Rinpoche. The rituals will be presided over by His Eminence Tshogki Lopen Rimpche.