ཆོས་རྒྱུགས་ཉིན་གཉིས་པ།
Sungtsom & Gurma
Contact information, map and directions, contact form, opening hours, services, ratings, photos, videos and announcements from Sungtsom & Gurma, Punakha.
15/12/2025
དབྱིན་ལོ་༢༠༢༥འི་ ཆོས་རྒྱུགས་ད་རེས་ལས་འགོ་བཙུགས་ཡོདཔ།
Examination for the year 2025 begins today.
08/12/2025
ཆོས་རྒྱུགས་ཐེངས་གཉིས་པ་རྩ་བ་བློར་འཛིན་གྱི་ཆོས་རྒྱུགས་ཕུལ་ཡོད་པའི་མཐོང་སྣང་།
Second round of examination, recitation of root texts.
07/12/2025
ད་ེརེས་གཟའ་ཟླ་བའི་ངལ་གསོ་དང་འབྲེལ་བཤད་གྲྭ་འདིའི་དྲིན་ཅན་གྱི་ཕ་མ་ བཀའ་དྲིན་ཅན་གྱི་བཤེས་གཉེན་ མཁན་པོ་ཚེ་དབང་མཆོག་གིས་སྦྱིན་བདག་མཛད་ཐོག་ལས་བཤད་གྲྭ་འདིའི་བླ་སློབ་ཡོངས་ལུ་ཉིནམ་གཅིག་གི་ཟས་སྟོན་དང་རྩེད་སྟོན་གྱི་ལས་རིམ་ཚུ་རྒྱས་ཞིང་རྒྱས་པ་སྦེ་གནང་ཡོདཔ་དང་བླ་སློབ་ཡོངས་ཀྱིས་མཁན་པོ་མཆོག་གི་བཀའ་དྲིན་སེམས་ཁར་དྲན་ཏེ་སྐུ་ཚེའི་འགལ་རྐྱེན་ཚུ་ཞི་ནི་དང་མཛད་འཕྲིན་ཚུ་སྔར་ལས་རྒྱས་པའི་སྨོན་ལམ་ཕུལཝ་ཨིན།
05/12/2025
དབྱིན་ལོ་༢༠༢༥འི་ཆོས་རྒྱུགས་ཚུ་གི་གྲལ་ལས་རྩོད་རྒྱུགས་འདི་སྤྱི་གཞི་བསམ་གཏན་ཆོས་གླིང་དགོན་འཛིན་གྲྭ་ཚང་གི་སློབ་དཔོན་ལས་སྐྱིད་ཕུན་ཚོགས་དང་ལེགས་འབྱུང་བཤད་གྲྭའི་སློབ་དཔོན་ཡེ་ཤེས་དོན་གྲུབ་དང་བཤད་གྲྭ་འདིའི་སློབ་དཔོན་སངས་རྒྱས་དངོས་གྲུབ་རྣམ་པ་གསུམ་སྐུགས་དཔོན་སྦེ་དབུ་བཞུགས་གནང་ལས་ཕུལ་ཡོད་པའི་མཐོང་སྣང་དག་པ་ཅིག་ཕུལཝ་དང་གཅིག་ཁར་སློབ་ཕྲུག་ཡོངས་ལུ་ཆོས་རྒྱུགས་ལེགས་ཤོམ་སྦེ་ཕུལ་ཚུགས་པའི་ལེགས་སྨོན་ཕུལཝ་ཨིན།
Glimpse of the annual debate examination of the year 2025 with Lopen leki Phuntsho from Chizhi Samtenchoeling Dratsang, Lopen Yeshi Dendup from Lekjung Shedra and Lopen Sangay Ngedrup of this institute sitting as judges. Wishing good luck to all the students for their forthcoming exams.
རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་དང་འབྲེལ་ཏེ་མི་དབང་ཆོས་རྒྱལ་བཞི་པ་མཆོག་སྐུ་མཚན་དཔེ་བཞད་པའི་དུས་ཆེན་འདི་ན་དགེ་འདུན་པ་དང་དད་ལྡན་མི་སེར་ཡོངས་ཀྱིས་ཞབས་བརྟན་གྱི་སྨོན་འདེབས་ཕུལ་ཡོད་མི་འདི་དད་དམ་འགྱུར་བ་མེད་པའི་ནུས་མཐུ་དང་རྩ་གསུམ་རྒྱ་མཚོའི་ཐུགས་རྗེ་ལུ་བརྟེན་སྨོན་ལམ་གང་བཏབ་འགྲུབ་པར་གྱུར་ཅིག
10/11/2025
On the joyous occasion of the 70th birth anniversary of fourth Druk Gyalpo, Nalanda Budhist Institute would like to humbly offer our sincere prayers and good wishes. May your majesty continue to bless the nation with your divine wisdom and compassion. Long live the great fourth Druk Gyalpo.
08/11/2025
དཔལ་ལྡན་ཞིང་སྐྱོང་དབང་མོའི་རྟེན་མདོས་ཉིན་གྲངས་བཞི་པའི་མཐོང་སྣང་།
Glimpse of the ongoing tendoe ritual of Pel Zhingchong wangmo (Vajra Lalalili).
31/10/2025
དཔལ་ལྡན་འབྲུག་པའི་བསྟན་པ་ལུ་བཀའ་དྲིན་འགྲན་ཟླ་དང་བྲལ་བའི་ཐུབ་དབང་གཉིས་པ་རྒྱལ་བ་ཤཱཀྱ་རིན་ཆེན་དྲི་མེད་ལེགས་པའི་བློ་གྲོས་མཆོག་གི་སྐུ་མཆོད་ཀྱི་སྔོན་འགྲོའི་བཅའ་སྒྲིག་ཚུ་ལེགས་ཤོམ་སྦེ་ཚུད་ཡོདཔ་ད་ཆོ་ག་དངོས་གཞི་དེ་ནངས་པ་རང་ཟླ་༩་པའི་ཚེས་༡༡་ལས་ཉིན་གྲངས་གསུམ་གྱི་རིང་ལུ་ཚོགས་ནི་ཨིན། དེའི་ཤུལ་ལས་ཉིན་གྲངས་ལྔའི་རིང་དཔལ་ཞིང་སྐྱོང་དབང་མོའི་རྟེན་མདོས་ཀྱི་ཆོ་ག་ཚུ་ཟབ་ཅིང་རྒྱས་པ་སྦེ་གནང་ནི་ཨིནམ་ལས་ཡོངས་ཀྱིས་འཛམ་གླིང་སྤྱི་དང་ལྷག་པར་ཆོས་ལྡན་ཞིང་འདི་ནང་རྒྱལ་བློན་འབངས་རྣམས་བཀྲ་ཤིས་པར་གྱུར་པའི་སྨོན་ལམ་བཏབ་གནང་ཟེར་ཞུ་ནི་ཨིན་ལགས།
Click here to claim your Sponsored Listing.