སངས་རྒྱས་ཆོས་གླིང་དགོན་པ། - Sangay Choling Monastery

  • Home
  • Bhutan
  • Mongar
  • སངས་རྒྱས་ཆོས་གླིང་དགོན་པ། - Sangay Choling Monastery

སངས་རྒྱས་ཆོས་གླིང་དགོན་པ། - Sangay Choling Monastery རྒྱལ་བ་པདྨ་གླིང་པའི་ཆོས་སྡེ།-Padling Religious Community

12/08/2026
༉   སངས་རྒྱས་ཆོས་གླིང་དགོན་པའི་གཟིགས་རས་ཀྱི་ཉེ་འདབས་ཐབ་ཚང་དང་ཆབ་གསང་གསར་བཞེངས་གནང་བའི་སྐབས་དད་ལྡན་འབྱོར་པ་ཅན་གྱི་སྦྱིན་བ...
29/07/2026

༉ སངས་རྒྱས་ཆོས་གླིང་དགོན་པའི་གཟིགས་རས་ཀྱི་ཉེ་འདབས་ཐབ་ཚང་དང་ཆབ་གསང་གསར་བཞེངས་གནང་བའི་སྐབས་དད་ལྡན་འབྱོར་པ་ཅན་གྱི་སྦྱིན་བདག་ ༡༽ལྕགས་ས་མཁར་ལས་ཚེ་དབང་རྣམ་རྒྱལ་བཟའ་ཚང་ནས་དངུལ་ཀྲམ་༣༠༠,༠༠༠/ ༢༽ལྕགས་ས་མཁར་ཀརྨ་རྡོེ་བཟའ་ཚང་ནས་དངུལ་ ༡༠༠,༠༠༠/ ད་ལྟོ་བཞུགས་ས་(Australia)
༣༽མུ་ཧཱུྃ་ཤི་གླིང་ལས་འཇིགས་མེད་དངོས་གྲུབ་བཟའ་ནས་དངུལ་ ༥༥༠༠༠/ ༤༽ཡ་དྷི་ལས་ཨྱོན་དབང་ཕྱུག་དང་ཤེས་རབ་དབང་འདུས་ནས་དངུལ་ ༥༠༠༠༠/ ༥༽ ཡ་དྷི་ལས་ཨམ་ཀུན་ལེགས་ནས་དངུལ་ ༢༠༠༠༠/ ༦༽མུ་ཧཱུྃ་ལས་ངག་དབང་ཆོས་སྒྲོན་ནས་དངུལ་ ༥༠༠༠/ ༧༽སྐྱེངས་མཁར་ལས་རིག་འཛིན་ནས་ ༡༡༠༠/ ༨༽ལྕགས་ས་མཁར་ལས་བཀྲིས་དར་རྒྱས་ཀྱིས་རིན་གོང་ ༧༤༦༥༣/ གྱི་རྩིགཔ་རྡོ་ (aac block) དང་ས་གནས་ཕུན་ཚོགས་གླིང་ནས་སངས་རྒྱས་ཆོས་གླིང་དགོན་པ་ཚུན་སྣུམ་འཁོར་གྱི་གླ་ཆ་༥༠༠༠༠/ བཅས་བསྡོམས་པས་ ༡༢༤,༦༥༣/ ༩༽ཐི་ལིང་ལས་ཚུལ་ཁྲིམས་བཟང་མོ་གིས་རིན་གོང་དངུལ་ཀྲམ་ ༢༠༠༠༠/ ལྷག་ཙམ་གནས་པའི་ཐབ་ཚང་གི་ཅ་ཆས་རྒྱབ་སྐྱོར་མཛད་གནང་ཡོདཔ་ལས་བརྟེན་ ང་བཅས་དགོན་པའི་མཁན་སློབ་འདུས་ཚོགས་ཀྱི་ཁ་ཐུག་ལས་ ཧིང་ལས་རང་བཀའ་དྲིན་ཆེ་ཟེར་ཞུ་ནི་དང་ཅིག་ཁར་ དད་ལྡན་སྦྱིན་བདག་རྣམས་ཀྱི་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་ཞུའོ།།

༉   སྦྱིན་བདག་སངས་རྒྱས་ནང་མི་ཡོངས་ཀྱིས་སྦྱིན་བདག་མཛད་ཐོག་ ཤེལ་རི་མུ་ཧཱུྂ་སངས་རྒྱས་ཆོས་གླིང་དགོན་པ་ལུ་ཉིན་གྲངས་གསུམ་གྱི་ར...
19/07/2026

༉ སྦྱིན་བདག་སངས་རྒྱས་ནང་མི་ཡོངས་ཀྱིས་སྦྱིན་བདག་མཛད་ཐོག་ ཤེལ་རི་མུ་ཧཱུྂ་སངས་རྒྱས་ཆོས་གླིང་དགོན་པ་ལུ་ཉིན་གྲངས་གསུམ་གྱི་རིང་ཚོགས་འབུམ་བསགས་གནང་མི་འདི་ རང་ཟླ་དྲུག་པའི་ཚེས་བཞི་སྟོན་པ་བཅོམ་ལྡན་འདས་ཀྱིས་ བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན་ཁྱད་པར་ཅན་དང་བསྟུན་གྲོལ་ཡོད། ང་བཅས་དགོན་པའི་ཧོངས་ལས་ དད་སྦྱིན་ཡོངས་ཀྱིས་སྐུ་བསོད་དབང་ཐང་དང་སྟོབས་འབྱོར་དར་ཞིང་རྒྱས་ཏེ་ ཐུགས་ཀྱི་རེ་འདོད་ཚུ་ཡིད་བཞིན་དུ་གྲུབ་ནི་དང་ བྱ་བ་ལམ་འགྲོ་ལུ་འགལ་རྐྱེན་བར་ཆད་མེད་པའི་སྨོན་འདེབས་ཕུལཝ་ཨིན།།

༉     དེ་ཡང་ ལྕགས་ས་མཁར་ལས་ཁག་འབག་གྱི་ཕྱག་ལཱ་གནང་མི་ དད་ལྡན་གཏོང་ཕོད་ཅན་གྱི་སྦྱིན་བདག་འཕྲིན་ལས་རྒྱ་མཚོས་ རིན་གོང་དངུལ་ཀྲ...
17/07/2026

༉ དེ་ཡང་ ལྕགས་ས་མཁར་ལས་ཁག་འབག་གྱི་ཕྱག་ལཱ་གནང་མི་ དད་ལྡན་གཏོང་ཕོད་ཅན་གྱི་སྦྱིན་བདག་འཕྲིན་ལས་རྒྱ་མཚོས་ རིན་གོང་དངུལ་ཀྲམ་ཆིག་འབུམ་ལྔ་ཁྲི་ཆིག་སྟོང་ཉིས་བརྒྱ་བདུན་ཅུ་དོན་བརྒྱད(༡༥༡,༢༧༨/-) ཐམ་པ་ལྷག་ཙམ་ཅིག་གནས་པའི་ ཆོས་ཕྱོགས་ཀྱི་ལས་རིམ་སྐབས་ ཉེ་བར་མཁོ་བའི་ སྒྲ་དུང་འཕྲུལ་ཆས་ཆ་ཚང་གཅིག་དང་ མཚོ་གླིང་པར་སྐྲུན་གྱི་སྦྱིན་བདག་རྒྱ་མཚོ་གིས་དངུལ་ཀྲམ་(༢༢༨༠༠/- )ཙམ་གྱི་ཐབ་ཚང་གི་ཅ་ཆས་ ཐ་ལི་ཕོརཔ་མོག་དང་ hot case/ Pressure cooker/ རྒྱབ་སྒང་ནས་སྦྱིན་བདག་ཀརྨ་ཆོས་སྒྲོན་གྱིས་ hot case བཞིའི་རིན་གོང་(༡༤༦༣༣/- ) གནང་ཡོདཔ་ལས་ ང་བཅས་དགོན་པའི་མཁན་སློབ་འདུས་ཚོགས་ཀྱི་ཁ་ཐུག་ལས་ ཧིང་ལས་རང་བཀའ་དྲིན་ཆེ་ཟེར་ཞུ་ནི་དང་ཅིག་ཁར་ དད་ལྡན་སྦྱིན་བདག་རྣམས་ཀྱི་ཐུགས་འདོད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུའོ།།

16/07/2026
༉ རང་ཟླ་ ༦་པའི་ཚེས་ ༢ ནས་འགོ་བཟུང་ཚེས་༤ ཚུན་ཉིན་གྲངས་གསུམ་གྱི་རིང་  མཐོང་རྒྱ་བཟོ་བསྐྲུན་ལས་སྡེ་གི་སྦྱིན་བདག་སངས་རྒྱས་ནང་...
16/07/2026

༉ རང་ཟླ་ ༦་པའི་ཚེས་ ༢ ནས་འགོ་བཟུང་ཚེས་༤ ཚུན་ཉིན་གྲངས་གསུམ་གྱི་རིང་ མཐོང་རྒྱ་བཟོ་བསྐྲུན་ལས་སྡེ་གི་སྦྱིན་བདག་སངས་རྒྱས་ནང་མི་ཡོངས་ཀྱིས་སྦྱིན་བདག་མཛད་དེ་ ཤེལ་རི་མུ་ཧཱུྂ་སངས་རྒྱས་ཆོས་གླིང་དགོན་པ་ལུ་ མཁན་སློབ་ཀྱིས་གཙོས་དགེ་སློང་དང་གཡུས་ཁའི་སྒོམ་ཆེན་བཅས་ཞལ་གྲངས་ ༥༠ ཙམ་གྱིས་ཚོགས་འབུམ་གསོག་བཞིན་ཡོད་པའི་མཐོང་སྣང་།

༈  སྤྱི་ལོ་༢༠༢༦ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དྲིན་ཅན་རྩ་བའི་བླ་མ་མཁན་སྤྲུལ་རིན་པོ་ཆེ་མཆོག་དགུང་...
20/06/2026

༈ སྤྱི་ལོ་༢༠༢༦ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དྲིན་ཅན་རྩ་བའི་བླ་མ་མཁན་སྤྲུལ་རིན་པོ་ཆེ་མཆོག་དགུང་གྲངས་༥༢ བཞེས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོར་ ལྕགས་ས་མཁར་བཤད་གྲྭའི་མཁན་པོ་དང་སློབ་དཔོན་ མུ་ཧཱུྃ་སྤྱི་འོག་གི་རྫོགས་ཉམས་ལེན་པ་དང་དད་མོས་ཅན་གྱི་མི་སེར་ཡོངས་ཀྱིས་ རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བརྟན་མཛད་ཕྲིན་སྔར་བ་ལྷག་སྦེ་དར་ཞིང་རྒྱས་ནིའི་དོན་ལུ་བརྩི་སྲུང་ཞུས་ཡོད།

ཨོཾ་སྭཱསྟི། ཨོ་རྒྱན་རྒྱལ་ཚབ་པད་གླིང་ཐུགས་ཀྱི་སྲས། །མཆོག་སྤྲུལ་འཇིགས་བྲལ་མཚན་དཔེའི་ཉི་གཞོན་གང། །གསང་གསུམ་རྟག་བརྟན་མཐུ་སྟོ...
14/06/2026

ཨོཾ་སྭཱསྟི། ཨོ་རྒྱན་རྒྱལ་ཚབ་པད་གླིང་ཐུགས་ཀྱི་སྲས། །
མཆོག་སྤྲུལ་འཇིགས་བྲལ་མཚན་དཔེའི་ཉི་གཞོན་གང། །
གསང་གསུམ་རྟག་བརྟན་མཐུ་སྟོབས་གཟི་འབར་ཞིང་། །
ཕྱོགས་ལས་རྣམ་རྒྱལ་ས་གསུམ་ཁྱབ་གྱུར་ཅིག།
ཅེས་དབང་ཆེན་དངོས་བྱོན་སྤྲུལ་པའི་སྲས་མཆོག་ཟླ་བ་རྒྱལ་མཚན་སྐུ་ཕྲེང་བཅུ་གཅིག་པའི་མཚན་གྱི་རྔ་གསང་ཐོག་མར་ལྡིར་བའི་ཚེ་ ན་བཟའ་མཚན་གསོལ་དང་འབྲེལ་རྟེན་འབྱུང་ཤིས་པའི་སྨོན་ཚིག་ཏུ་པད་གླིང་སྐྱེ་ཕྲེང་བཅུ་གཅིག་པས་གསོལ་བ་བཏབ་པ་དགེ །

རང་ལུགས་གནམ་ལོ་མེ་ཕོ་རྟ་ལོ་ རང་ཟླ་༤་པའི་༡༡ ནས་༡༥ ཚུན་ ས་གནས་ཤེལ་རི་མུ་ཧཱུྃ་རྡོ་རྗེ་གདན་མཆོད་རྟེན་གསར་བཞེངས་ཀྱི་ས་ཁོངས་ནང...
29/05/2026

རང་ལུགས་གནམ་ལོ་མེ་ཕོ་རྟ་ལོ་ རང་ཟླ་༤་པའི་༡༡ ནས་༡༥ ཚུན་ ས་གནས་ཤེལ་རི་མུ་ཧཱུྃ་རྡོ་རྗེ་གདན་མཆོད་རྟེན་གསར་བཞེངས་ཀྱི་ས་ཁོངས་ནང་ལུ་སྦེ་ རིན་པོ་ཆེ་མཆོག་གི་དབུ་བཞུགས་ཐོག་ མུ་ཧཱུྃ་སངས་རྒྱས་ཆོས་གླིང་བཤད་གྲྭ་དང་ཡ་དྷི་གསང་སྔགས་ཆོས་གླིང་ གསེར་གཞོང་བཀྲིས་ཆོས་གླིང་དགོན་པའི་མཁན་སློབ་དང་དགེ་འདུན་པ་ གཡུས་ཁའི་སྒོམ་ཆེན་བཅས་ཞལ་གྲངས་༡༠༠ ལྷག་ཙམ་གྱིས་ཉིན་གྲངས་ལྔའི་རིང་ལུ་ སྤྱིར་འཛམ་གླིང་ཞི་བདེ་དང་ སྒོས་སུ་རང་རེ་སྨན་ལྗོངས་འབྲུག་གི་རྒྱལ་ཁབ་ནང་ མི་མཐུན་པའི་རྐྱེན་ངན་ཐམས་ཅད་ཞི་སྟེ་ རྒྱལ་བློན་འབངས་འཁོར་རྣམས་སྔར་བ་ལྷག་པའི་དགའ་སྐྱིད་ཀྱི་དཔལ་ལ་གནས་ཐབས་དང་ ལྷག་པར་དུ་མི་དབང་ཆོས་རྒྱལ་ལྔ་པའི་ཐུགས་དགོངས་ལས་འཁྲུངས་པའི་དགེ་ལེགས་ཕུག་དྲན་ཤེས་ཁྲོམ་སྡེའི་ལས་སྣ་ཚུ་འབད་མེད་ལྷུན་གྱིས་འགྲུབ་ཐབས་ལུ་དམིགས་ཏེ་ རྒྱལ་བའི་བཀའ་འགྱུར་ཆེན་མོ་དག་ཚར་ལྷག་གནང་དོ་ཡོདཔ།

Address

Sangay Choling Monastery, Shelri Muhung
Mongar

Alerts

Be the first to know and let us send you an email when སངས་རྒྱས་ཆོས་གླིང་དགོན་པ། - Sangay Choling Monastery posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The School

Send a message to སངས་རྒྱས་ཆོས་གླིང་དགོན་པ། - Sangay Choling Monastery:

Shortcuts

Share