20/05/2026
ད་རིས་ རང་ལོ་གནམ་ལོ་མེ་ཕོ་རྟ་ལོ་ རང་ཟླ་༤པའི་ཚེས་༤ ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་དང་འབྲེལ་ དབང་འདུས་ཆོས་གླིང་འབྲིང་རིམ་སློབ་གྲྭ་འོག་མའི་བཟའ་ཚང་ཡོངས་ བྱམས་པ་ལྷ་ཁང་ནང་ འཛམ་གླིང་ཞི་བདེ་སྨོན་ལམ་ཆེན་མོ་གནང་སར་ གསོལཝ་དྲང་ནི་གོ་སྐབས་བཟང་པོ་ཐོབ་མ་ཚད་ བསྔོཝ་ཞུ་ནི་དང་སྨོན་ལམ་བཟང་པོ་བཏབ་ནི་གོ་སྐབས་ཐོབ་ཅི།
མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ནི་དང་། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་ཟེར་ འཛམ་གླིང་ནང་ ནད་ཡམས་མུ་གེ་དམག་འཁྲུག་ཚུ་ ཞི་ནི་དང་ རང་དང་གཞན་སེམས་ཅན་ཆ་མཉམ་ སངས་རྒྱས་ཀྱི་གོ་འཕང་ཐོབ་ནི་དོན་ལུ་སྨོན་ལམ་བཟང་པོ་བཏབ་ནི་གོ་སྐབས་ཡང་ཐོབ་ཅི།
འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །ཕན་བདེའི་འབྱུང་གནས་ཆོས་ཉིད་ལ། །མཆོད་དང་བཀུར་སྟི་བྱས་པ་ཡིས། །བདེ་བ་ཆེན་པོ་ཐོབ་པར་འགྱུར།། ཟེར་གསུངས་དོ་བཟུམ་དགེ་འདུན་ལུ་མཆོད་པ་ཕུལ་བ་ཅིན་ འཇིག་རྟེན་གྱི་ཁམས་ལུ་ ཞི་བདེ་དང་བདེ་སྐྱིད་འབྱུང་བའི་ཕན་ཡོན་སྦོམ་ཡོདཔ་སྦེ་གསུངས་ནུག།
གོ་སྐབས་དེ་བཟུམ་ཐོབ་མི་ཡང་ སློབ་གྲྭའི་མཁན་པོ་ཚེ་རིང་ཕུན་ཚོགས་དང་སྤྱི་སློབ་དྲུང་ཆེན་གཉིས་ཀྱིས་ འགོ་འདྲེན་འཐབ་གནང་མི་ལུ་ སློབ་གྲྭའི་བདག་སྐྱོང་དང་སློབ་དཔོན་དམངས་དང་ལས་བྱེདཔ། རྒྱབ་སྐྱོར་པ་ཡོངས་ལས་ དགའ་ཚོར་ཧིང་གིས་གདིང་ལས་ཡོད།
19/05/2026
📚 Outdoor Reading for a Stronger Reading Culture
As part of promoting a vibrant reading culture in the school, students and staff participated in an outdoor reading session today. Everyone chose a peaceful place of their liking around the campus and spent half an hour immersed in reading.
The activity reminded us that reading does not need a special place or a fixed time. A book can be enjoyed anywhere — under a tree, on a bench, in the playground, or beside friends. What truly matters is taking the time to read and develop the habit.
Such initiatives help nurture curiosity, imagination, knowledge, and a lifelong love for reading among our learners.
📖 “Reading is a journey that can begin anywhere.”
18/05/2026
𝘛𝘢𝘭𝘦𝘴 𝘊𝘰𝘮𝘦 𝘈𝘭𝘪𝘷𝘦! 𝘐𝘯𝘵𝘦𝘳-𝘊𝘭𝘢𝘴𝘴 𝘚𝘵𝘰𝘳𝘺 𝘙𝘦𝘵𝘦𝘭𝘭𝘪𝘯𝘨 𝘊𝘰𝘮𝘱𝘦𝘵𝘪𝘵𝘪𝘰𝘯 (𝘎𝘳𝘢𝘥𝘦𝘴 𝘐𝘝–𝘝𝘐)
The school successfully conducted an Inter-Class Story Retelling Competition among students of Grades IV, V, and VI. The event aimed to enhance students’ speaking skills, creativity, confidence, and understanding of stories.
Students enthusiastically participated and beautifully retold stories with expression, voice modulation, and imagination. It was a wonderful platform for them to showcase their communication skills and love for storytelling.
We are proud of all the participants for their active involvement and commendable performances. Special appreciation goes to the winners and all class teachers for their continuous support and guidance.
👏✨ The competition was a great success and truly reflected the spirit of learning beyond the classroom.
16/05/2026
༉ ས་སྐྱ་ལེགས་བཤད་ལས: "བློ་གསལ་ཡོན་ཏན་འདོད་པ་དག །ཡི་གེ་སློབ་པ་ལ་འབད་བྱ།"ཟེར་གསུང་དོ་བཟུམ་ ཤེས་ཡོན་གོང་འཕེལ་གཏང་དགོ་མནོ་མི་ བློ་གསལ་ཨ་ལུ་ཚུ་གིས་ འགོ་ཐོག་ཡི་གུ་དང་ཡིག་སྡེབ་ལུ་ བརྩོན་འགྲུས་སྐྱེད་པ་ཅིན་ མིང་ཚིག་རྒྱ་སྐྱེད་བཏང་སྟེ་ རྫོང་ཁ་སྐད་ཡིག་ ཡར་རྒྱས་འགྱོ་ནི་ལུ་ཐེ་ཚོམ་མེདཔ་སྦེ་གསུངས་ནུག། དེ་འབདཝ་ལས་ སློབ་གྲྭའི་རྩོམ་རིག་གིས་ འགོ་འདྲེན་འཐབ་སྟེ་ སློབ་རིམ་གཉིས་པ་དང་གསུམ་པ་ཚུ་གིས་བར་ན་ ཡིག་སྡེབ་འགྲན་སྡུར་ཅིག་ འགོ་འདྲེན་འཐབ་ཅི།
དེ་སྦེ་ ཡིག་སྡེབ་འགྲན་སྡུར་འབད་དགོ་པའི་དམིགས་ཡུལ་གཙོ་བོ་ར་ སྐད་ཡིག་གི་གཞི་འགྱམ་ སྒྲིང་སྒྲི་བཟོ་ནི་དང་ རིག་རྩལ་གོང་འཕེལ་གཏང་ནི་དོན་ལུ་ཨིན།
འགྲན་སྡུར་ དེ་བཟུམ་གྱིས་ སློབ་ཕྲུག་ཚུ་གི་རྒྱུད་ལུ་ ཡི་གུ་འབྲི་ལྷག་གི་ནུས་པ་དང་ མིང་ཚིག་གསརཔ་ སྦྱང་ནིའི་སྤྲོ་བ་ སྐྱེད་ནི་དོན་ལུ་ཡང་ཨིན།
འགྲན་སྡུར་ནང་ གྲལ་གཏོགས་འབད་བའི་ཐོག་ལས་ མི་མང་གདོང་ཁར་ སླབ་ནིའི་སྤོབས་པ་དང་ རང་གིས་རང་ལུ་ཡིད་ཆེས་སྦོམ་འཐོབ་ཚུགས།
བློ་གསར་ལས་གསུམ་པ་ཚུན་གྱི་ རྩོམ་རིག་འགོ་འདྲེན་པ། སློབ་སྡེ་སློབ་དཔོན་དང་ཆོས་ཚན་སློབ་དཔོན་ཚུ་གིས་རྒྱབ་སྐྱོར་ གནང་པ་གིས་མ་ཚད་ གསོལ་ར་ཡང་ བཅའ་སྒྲིག་རྐྱབ་སྟེ་གནང་། ལས་རིམ་འདི་ དོན་སྨིན་ཅན་འབད་ འགོ་འདྲེན་འཐབ་མི་ལུ་ སློབ་གྲྭ་བདག་སྐྱོང་ཧོངས་ལས་ དགའ་ཚོར་སྦོམ་ཡོད།
16/05/2026
སློབ་ཕྲུག་ཚུ་གི་རྒྱུད་ལུ་ཀུན་ཚང་ཤེས་ཡོན་འཐོབ་ནིའི་དོན་ལུ་ ལས་རིམ་སྣ་ཚོགས་འགོ་འདྲེན་འཐབ་མི་གྲས་ལས་ གཅིག་རྩོམ་རིག་ ཁག་མ་འདྲཝ་ཚུ་ འགོ་འདྲེན་འཐབ་ནི་ཡོད། རྩོམ་རིག་ལུ་དབྱེ་བ་ལེ་ཤ་ཡོད་པའི་ནང་ལས་ སློབ་རིམ་ལྔ་པ་དང་དྲུག་པ་ཚུ་གིས་བར་ན་ རྩང་མོའི་ འགྲན་སྡུར་ཅིག་འགོ་འདྲེན་འཐབ་ཅི།
སློབ་གྲྭནང་རྩང་མོ་འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་གཙོ་བོ་ར་ རྒྱལ་བ་གོངམ་ཚུ་གིས་མཛད་ཤུལ་བཟང་པོ་ ཐུན་མོང་མ་ཡིན་པའི་ངག་ཐོག་རིག་གནས་དང་ སྲོལ་རྒྱུན་གླུ་གཞས་བཟང་པོ་ཚུ་ མི་ཉམས་རྒྱུན་སྐྱོང་དང་ཉམས་པ་སོར་ཆུད་ཀྱི་དོན་ལུ་ཨིན། དེ་ཡང་སློབ་ཕྲུག་ཚུ་གི་རྒྱུད་ལུ་སྐད་ཡིག་ཚུ་ སྔར་བ་ལྷགཔ་གོང་འཕེལ་གཏང་ནི་དང་ སླབ་ནི་རིག་རྩལ་ སྤེལ་ནིའི་དམིགས་ཡུལ་བཟང་པོ་ལུ་གཞི་བཞག་སྟེ་འགོ་འདྲེན་འཐབ་ཅི།
འདི་གིས་སློབ་ཕྲུག་ཚུ་ལུ་ཕན་པ་བསམ་གྱིས་མི་ཁྱབ་པ་ཡོད།
རིག་གནས་ཉམས་སྐྱོང་: རང་གི་ལམ་སྲོལ་དང་ ངག་ཐོག་རྩང་མོ་་ལུ་དགའ་སྐྱེད་ནི།
བློ་རིག་གོང་འཕེལ་: རྩང་མོ་གཏང་བའི་སྐབས་ ལྕེ་རྩལ་དང་ བསམ་བློ་མགྱོགས་པར་བཏང་དགོཔ་ལས་ ཨ་ལུའི་བློ་རིག་དང་རིག་པ་རྣོ་བཀྲག་ཅན་ཅི་ལུ་བཟོཝ་ཨིན།
སྤྲོ་སྣང་དང་གཅིག་སྒྲིལ་: སློབ་ཕྲུག་ཚུ་གི་བར་ན་ མཐུན་ལམ་དང་ སྤྲོ་སྣང་ལྡན་པའི་ངང་ལས་ སེམས་ཤུགས་བསྐྱེད་བཅུག་ནི་ལུ་ཕན་ཐོགསཔ་ཨིན།
དེ་འབཝ་ལས་ རྩང་མོ་འདི་སློབ་གྲྭ་ནང་ འགོ་འདྲེན་འཐབ་པ་ཅིན་ ཤེས་ཡོན་གྱི་སྤུས་ཚད་དང་ ལམ་སྲོལ་གཉིས་ཆ་ར་གོང་འཕེལ་འགྱོ་ནིའི་ཕན་པ་སྦོམ་ཡོདཔ་ཨིན།
སློབ་གྲྭ་བདག་སྐྱོང་ ཁ་ཐུག་ལས་ ཨང་དང་པ། གཉིས་པ། གསུམ་པ་ཐོབ་མི་ཚུ་ལུ་ ལག་ཁྱེར་ཚུ་གནང་ཡི།
རྩོམ་རིག་འགོ་འདྲེན་པ། སློབ་སྡེ་སློབ་དཔོན། བཅའ་མར་གཏོགས་མི་སློབ་ཕྲུག་ཡོངས་ལུ་ སློབ་གྲྭ་བདག་སྐྱོང་གིས་ཧོངས་ལས་ དགའ་ཚོར་སྦོམ་ཡོད།
14/05/2026
𝓣𝓱𝓸𝓾𝓰𝓱𝓽𝓯𝓾𝓵 𝓖𝓮𝓼𝓽𝓾𝓻𝓮 𝓫𝔂 𝓞𝓾𝓻 𝓢𝓽𝓾𝓭𝓮𝓷𝓽 𝓒𝓪𝓹𝓽𝓪𝓲𝓷𝓼
The Teachers’ Day celebration organised by our captains was not only wonderful and memorable, but also deeply thoughtful and meaningful.
After discussing with all the class captains, they decided to use the remaining funds from the celebration to purchase and donate sanitary pads and soaps to the school. This kind gesture reflects their sense of responsibility, care, and compassion for the wellbeing of fellow students.
We are truly proud of our student leaders for turning a celebration into an opportunity to give back to the school community. Their thoughtful initiative is an inspiring example of kindness and leadership in action.
Well done to all the captains for your generous hearts and commendable effort.
Note: The donation was received by the Health Coordinator from School Captain, Dorji Dema.
14/05/2026
Cuteness in simple ways
A parent knitted and donated cute little pouches for the soaps.
What can be more thoughtful than to have our parents understand our school.
13/05/2026
A New Club- DAISAN
Officials from RENEW’s regional office in Bumthang conducted an orientation programme today to introduce DAISAN (Druk Adolescents Initiative for Sexual Awareness Network) in the school. The programme aimed at creating awareness among students and and club coordinators and guiding them on the importance and objectives of the club.
Following the orientation, a new DAISAN club was officially formed in the school to promote peer learning, awareness, and positive youth engagement. The school extends its heartfelt gratitude to the officials from RENEW’s Bumthang regional office for their valuable guidance and support.
09/05/2026
Staff Professional Development Programme
Today, our staff actively participated in a day-long training programme focused on strengthening digital systems and academic planning for the school year 2026.
The sessions included training on:
🔹 Digital Lopen
🔹 EMIS (Education Management Information System)
The training programme was facilitated by Mr. Tshewang Dorji, whose guidance and support greatly enriched the learning experience for the staff.
In addition, the Literary Coordinator briefed the staff on the school’s READ Plan for the academic year 2026, highlighting important strategies and activities to strengthen the reading culture within the school.
The programme provided valuable learning opportunities and enhanced staff preparedness, collaboration, and commitment towards delivering quality education and effective school management.
We extend our heartfelt appreciation to Mr. Tshewang Dorji for facilitating the training and all staff members for their active participation and dedication towards continuous professional growth.
08/05/2026
Glimpse from the finals of inter-class volleyball competition